མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བར་ལོ་བཞི་ནས་བཅུ་བར་གྱི་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་ཁྲིམས་ཁང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ ༤༥ ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་མིང་གཡོགས་ཏེ་ལོ་བཞི་ནས་བཅུ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

Pro-democracy leaders Benny Tai (left) and Joshua Wong (right) were among those sentenced for subversion on Tuesday. Photo:GETTY

རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་ལ་ཉེས་མིང་སྣ་ཚོགས་གཡོགས་ནས་གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་ལྟར། དེ་རིང་ཧོང་ཀོང་ཁྲིམས་ཁང་གིས་ཧོང་ཀོང་གི་བདེ་འཇགས་ལ་གནོད་འཚེ་བཟོས་ཡོད་པའི་ཉེས་མིང་འོག ཕྱི་ལོ་ ༢༠༡༤ ལོའི་ཧོང་ཀོང་དམངས་གཙོའི་ལས་འགུལ་གྱི་སྣེ་ཁྲིད་པ་ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ལུགས་སློབ་དཔོན་བྷིན་ནི་ཐའེ་ (Benny Tai) ལགས་དང་། དམངས་གཙོའི་ལས་འགུལ་གྱི་སྣེ་ཁྲིད་པ་ཇོ་ཧྲ་ཝང་ (Joshua Wong) གཉིས་ཀྱིས་གཙོས། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མི་གྲངས་ ༤༥ ལ་ལོ་བཞི་ནས་བཅུ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཧོང་ཀོང་ཁྲིམས་ཁང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པ་རྣམས་ནི་ཕྱི་ལོ་ ༢༠༢༠ ལོར་ཧོང་ཀོང་གི་སློབ་ཕྲུག་རྣམས་ཀྱིས་སྣེ་འཁྲིད་པའི་མི་མང་རང་བཞིན་གྱི་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པ་རྐྱང་རྐྱང་ཡིན་པ་མ་ཟད། དེའི་ནང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་། སློབ་མ། གསར་འགོད་པ། ཁྲིམས་རྩོད་པ་བཅས་ཡོད་པའི་ཁོངས། ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ལུགས་སློབ་དཔོན་བྷིན་ནི་ཐའེ་ (Benny Tai) ལགས་སུ་མི་ལོ་བཅུ་ཡི་བཙོན་འཇུག་ཁྲིམས་ཆད་དང་། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་གཞོན་ནུ་ཇོ་ཧྲ་ཝང་ལགས་སུ་ལོ་བཞི་དང་ཟླ་བརྒྱད། གསར་འགོད་པ་དང་ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་ནང་ཡར་ལངས་རྒྱག་སྐབས་ཐད་གཏོང་མཁན་གྷན་ནེ་ཧོ་ (Gwyneth Ho) ལགས་སུ་ལོ་བདུན། ཧོང་ཀོང་སྤྱི་དམངས་ཐོབ་ཐང་ལས་འགུལ་བ་དང་གྲོས་ཚོགས་འཐུས་མི་ཟུར་པ་ལོ་ཁོ་ཧང་ (Leung Kwok-hung) ལགས་སུ་ལོ་དྲུག་དང་ཟླ་བ་དགུ་བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

སློབ་དཔོན་བྷིན་ནི་ཐའེ་ལགས་ཕྱི་ལོ་ ༢༠༡༤ ལོའི་ཧོང་ཀོང་དམངས་གཙོའི་ལས་འགུལ་སྣེ་ཁྲིད་པ་གཙོ་གྲས་དང་། རྗེས་སུ་ཧོང་ཀོང་དམངས་གཙོའི་ལས་འགུལ་ལ་བརྟེན་ནས་ཆར་གདུགས་གསར་བརྗེའི་ལས་འགུལ་བྱུང་བ་མ་ཟད། དེ་དག་གི་ཤུགས་རྐྱེན་གྱིས་ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་གཞུང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ཞི་རྒོལ་བྱུང་། ལས་འགུལ་དེ་དག་ཚང་མའི་ནང་སློབ་དཔོན་ཁོང་གིས་རྒྱབ་སྐྱོར་དང་མཉམ་ཞུགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཧོང་ཀོང་གི་ངོ་རྒོལ་ཁྲོམ་སྐོར་བཀོད་སྒྲིག་དང་སྐུལ་སློང་བྱས་པའི་ཉེས་མིང་འོག  སྐབས་དེར་ཁོང་དང་དམངས་གཙོའི་ལས་འགུལ་བ་ཁག་ཅིག་ལ་འཛིན་བཟུང་ཁྲིམས་བཤེར་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་ཧོང་ཀོང་ཁྲིམས་ཁང་གིས་སློབ་དཔོན་ཁོང་གིས་མི་མང་ལ་ངན་སྐུལ་དང་སྤྱི་ཚོགས་ཟིང་འཁྲུག་བསླངས་བའི་ཉེས་མིང་འོག་ཟླ་ངོ་ ༡༦ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཇོ་ཧྲ་ཝང་ནི་དེ་སྔ་ཧོང་ཀོང་གི་ཌེ་མོ་སིས་ཊོ་ (Demosisto) ཞེས་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་གྱི་ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཡིན་ཞིང་། ཁོང་ཧོང་ཀོང་གི་སློབ་མའི་ལས་འགུལ་ཁང་ (Scholarism) ཞེས་པ་གསར་འཛུགས་བྱེད་མཁན་གྱི་གྲས་ཤིག་ཡིན་འདུག  ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་གི་ཆར་གདུགས་ལས་འགུལ་གྱི་གཞོན་སྐྱེས་སྣེ་འཁྲིད་པ་ཞིག་ཏུ་གྱུར་ཏེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་གདེང་འཇོག་ཆེན་པོ་ཐོབ། ལོ་དེར་ཨ་རིར་རྟེན་གཞི་བྱས་པའི་དུས་བབ་དུས་དེབ་ (Times Magazine) ཀྱིས་ཕྱི་ལོ་ ༢༠༡༤ ལོའི་འཛམ་གླིང་གི་གཞོན་སྐྱེས་ཤུགས་རྐྱེན་ཆེ་ཤོས་གྲས་སུ་བདམས་ཡོད་པ་མ་ཟད། ལོ་དེའི་འཛམ་གླིང་གི་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣའི་འོས་མིར་ཡང་བདམས། ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་ཧྥོར་ཅུན་དུས་དེབ་ (Fortune Magazine) ཀྱིས་ཁོང་འཛམ་གླིང་གི་རླབས་ཆེན་མགོ་ཁྲིད་ (World’s Grestest Leaders) གྲས་སུའང་བདམས། ཁོང་དམངས་གཙོའི་གཞུང་རྒོལ་ལས་འགུལ་ནང་ཞུགས་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ལོར་ཐེངས་གཉིས་བསྟུད་མར་བཙོན་འཇུག་ཁྲིམས་ཆད་ཕོག

ཕྱི་ལོ་ ༡༩༩༧ ལོར་དབྱིན་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས་མི་ལོ་ ༥༠ རིང་ཧོང་ཀོང་གི་རང་སྐྱོང་གནས་བབ་ལ་འགྱུར་བ་གཏོང་རྒྱུ་མིན་པའི་ཆིངས་ཡིག་བཞག་སྟེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ལམ་ལུགས་ལག་བསྟར་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་བཏོན་ཏེ་ཡུལ་དེར་རྙོག་ཟིང་དང་དྲག་གནོན་ཤུགས་ཆེན་བྱས་པར་བརྟེན།  ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མང་པོ་དབྱིན་ཡུལ་དང་ཐའེ་ཝན་སོགས་སུ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད་པ་མ་ཟད། ལོ་དེར་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་རྗོན་སོན་མཆོག་གིས་རྒྱ་ནག་གིས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་ཡིག་གསར་པ་ཟེར་བ་ཕྱིར་འཐེན་མ་བྱས་ཚེ། ཧོང་ཀོང་མི་མང་ས་ཡ་ ༣ མ་ཟིན་ཙམ་དབྱིན་ཡུལ་དུ་བླངས་ཏེ་རིམ་གྱིས་མི་སེར་ཐོབ་ཐང་སྤྲོད་འཆར་ཡོད་སྐོར་བསྒྲགས་ཡོད་པ་རེད། དེ་མ་ཐག་རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པས་བྱ་སྤྱོད་དེ་ནི་ཡུལ་གཉིས་བར་བཞག་པའི་ཆིངས་ཡིག་གི་ནང་དོན་ལ་འགལ་འཛོལ་ཆེན་པོ་ཕྱིན་པ་ཞིག་ཡིན་ལ། ཧོང་ཀོང་ནང་ཁྲིམས་ཡིག་ལག་བསྟར་བྱ་རྒྱུ་དེ་རྒྱ་ནག་གི་རྒྱལ་ནང་གནད་དོན་ཞིག་ཡིན་པས་ཐེ་གཏོགས་བྱ་རྒྱུ་མེད་པའི་ཉེན་བརྡ་བཏང་སྟེ་བཀག་འགོག་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese