མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་ལྡན་ཁྲི་ཐོག་ ༡༠༥ པ་གསེར་ཁྲིར་མངའ་གསོལ་མཛད།

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༥ པར་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་ཟབ་རྒྱས་འཚོགས་ཡོད་འདུག

དགའ་ལྡན་ཁྲི་ཐོག་ཁང་་དུ་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༥ པར་གསེར་ཁྲིར་མངའ་གསོལ་གྱི་མཛད། འབྲེལ་ཡོད་ཀྱི་པར། ༢༠༢༤།༡༡།༢༥

དེ་རིང་སྔ་དྲོར་དགའ་ལྡན་ཁྲི་ཐོག་ཁང་དུ་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༥ པར་གསེར་ཁྲི་མངའ་གསོལ་མཛད་ཡོད་པ་དང་། སྐབས་དེར་དགའ་ལྡན་བླ་སྤྱི་དང་། གདན་ས་གསུམ་གྱི་གྲྭ་ཚང་ ༦ དང་རྒྱུད་གྲྭ་སྟོད་སྨད་གཉིས།  བཀྲ་ཤིས་ལྷུན་པོ་དགོན་པ། ར་སྟོད་དགོན་སོགས་ཀྱི་མཁན་ལས་ཟུར་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། མོན་གྷོ་འདོད་རྒུ་གླིང་གི་ས་གནས་མགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས། དེ་བཞིན་གྲྭ་ཚང་ཁག་གི་ཕྱག་མཛོད་རྣམ་པ་དང་དད་ལྡན་དོན་གཉེར་ཅན་གྱི་མི་མང་བཅས་འཛོམས་ཡོད་འདུག

དེ་རིང་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་གྲུབ་མཚམས་དགའ་ལྡན་ཁྲི་ཐོག་ ༡༠༥ པ་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ནས་དད་ལྡན་སེར་སྐྱ་མི་མང་ལ་ལམ་རིམ་གྱི་གསུང་ཆོས་བསྩལ་གནང་ཡོད་འདུག

དགའ་ལྡན་ཁྲི་ཐོག་ཁང་དུ་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། འབྲེལ་ཡོད་ཀྱི་པར། ༢༠༢༤།༡༡།༢༤

ཁ་སང་ཕྱི་ཚེས་ ༢༥ ཉིན་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དགའ་ལྡན་ཤར་རྩེ་ཕུ་ཁང་ཁང་ཚན་དང་དགའ་ལྡན་བླ་སྤྱི་རུ་ཕེབས་བསུ་དང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རྟེན་གཙོའི་མདུན་དུ་སྐུ་ཕྱག་དང་ཐུགས་སྨོན་གནང་གྲུབ་རྗེས་ཕུ་ཁང་ཁང་ཚན་དུ་ཕེབས་སྟོན་མཛད་སྒོ་བསྐྱངས། སང་ཉིན་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོར་དགའ་ལྡན་ཁྲི་ཐོག་ཁང་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཁྲི་ཟུར་རིན་པོ་ཆེ་མཆོག་རྣམ་གཉིས་ལ་་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ནས་ ༣༠ བར་ཉིན་གྲངས་དྲུག་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་ལྷོ་ཕྱོགས་ཀ་ན་ཌ་ཀ་མངའ་སྡེའི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། དེ་རིང་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་འདུག མཛད་སྒོ་གྲོལ་རྗེས་སྲིད་སྐྱོང་མཆོག་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་ལ་མཇལ་འཕྲད་དང་བློ་གསལ་གླིང་ཚན་རིག་ལྟེ་གནས་ཁང་དུ་འཚམས་གཟིགས་བཅས་གནང་ཡོད་འདུག དེ་བཞིན་སྤྲུལ་སྐུ་སྐལ་བཟང་ཐུབ་བསྟན་རིན་པོ་ཆེས་བཙུགས་པའི་སྤྱན་རས་གཟིགས་སློབ་གྲྭ་བཅས་སུ་འཚམས་གཟིགས་གནང་ཡོད་འདུག

སྲིད་སྐྱོང་མཆོག་ནས་སྤྱན་རས་གཟིགས་སློབ་གྲྭར་འཚམས་གཟིགས་གནང་། འབྲེལ་ཡོད་ཀྱི་པར། ༢༠༢༤།༡༡།༢༦

སྲིད་སྐྱོང་མཆོག་གི་ཕྱོགས་ཕེབས་སྐོར་ལ་མོན་གྷོ་འདོད་རྒུ་གླིང་གི་ས་གནས་མགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། སྲིད་སྐྱོང་མཆོག་སང་ཉིན་བརྟན་བཞུགས་མཛད་སྒོར་ཕེབས་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ཚེས་ ༢༨ ཉིན་བློ་གསལ་གླིང་གྲྭ་ཚང་དུ་དགའ་ལྡན་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་འཚོག་རྒྱུ་ཡིན་པས་སྲིད་སྐྱོང་མཆོག་ཕེབས་ཀྱི་ཡོད་འདུག

མོན་གྷོ་འདོད་རྒུ་གླིང་ས་གནས་མགོ་འཛིན་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྔོན་མ་མོན་གྷོ་འདོད་རྒུ་གླིང་ས་གནས་སུ་ཐེངས་གཉིས་ཕེབས་རྒྱུ་ཡིན་གསུངས་པ་བཞིན། ཐེངས་འདིའི་ཕྱོགས་ཕེབས་འཚམས་གཟིགས་ནང་ས་གནས་ཀྱི་གྲོང་སྡེ་ཁག་ནང་སྐོར་སྐྱོད་ཀྱིས་མི་མང་རྣམས་ལ་ཐུག་འཕྲད་གནང་རྒྱུ་དང་། ས་གནས་ཁྱབ་ཁོངས་ཀྱི་སྨན་ཁང་དང་། སློབ་གྲྭ རྒན་གསོ་ཁང་། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་ཏུ་འཚམས་གཟིགས་དང་མི་མང་ལ་གསུང་བཤད་གནང་རྒྱུ་ཡིན་འདུག

འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་དུ་སྲིད་སྐྱོང་མཆོག་ཕེབས་བཞུགས་གནང་བ། ༢༠༢༤།༡༡།༢༦ འབྲེལ་ཡོད་ཀྱི་པར།

 ཁ་སང་ཕྱི་ཚེས་ ༢༥ ཉིན་སྲིད་སྐྱོང་མཆོག་རྒྱ་གར་ལྷོ་ཕྱོགས་ཧུབ་ལིར་གནམ་ཐང་དུ་ཕེབས་འབྱོར་བྱུང་ཡོད་ཅིང་། སྐབས་དེར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། མོན་གྷོ་འདོད་རྒུ་གླིང་གི་ས་གནས་མགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས། དགའ་ལྡན་ཁྲི་ཐོག་ཁང་གི་བྱང་ཆུབ་རྒྱལ་མཚན་ལགས། དགའ་ལྡན་བླ་སྤྱིའི་ཕྱག་མཛོད་བྱམས་པ་རྒྱལ་མཚན་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ། ས་གནས་མཉམ་འབྲེལ་འགན་འཛིན་བཅས་ནས་ཕེབས་བསུ་ཞུས་ཡོད་འདུག་ལ། མོན་གྷོ་འབྲས་སྤུངས་སྒོ་མང་བཀྲ་ཤིས་ཁང་གསར་མགྲོན་ཁང་དུ་ཕེབས་འབྱོར་སྐབས་དགོན་སྡེ་ཁག་གི་སྐུ་ཚབ་དང་། ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese