མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་གི་བྱིས་པ་ལོ་ ༡༦ མན་གྱིས་སྤྱི་ཚོགས་བརྒྱུད་ལམ་བཀོལ་སྤྱོད་བྱ་རྒྱུ་བཀག་སྡོམ་བྱས།

བོད་ཀྱི་དུས་བབ།
༢༠༢༤/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གཞུང་གིས་རྒྱལ་ཡོངས་སུ་ལོ་ ༡༦ མན་གྱི་བྱིས་པ་ཚོས་སྤྱི་ཚོགས་བརྒྱུད་ལམ་བཀོལ་སྤྱོད་བཀག་སྡོམ་བྱ་རྒྱུའི་ཁྲིམས་གཏན་འབེབ་བྱས་ཡོད་པ་དང་། དེ་ནི་འཛམ་གླིང་གི་ཆེས་དམ་དྲག་ཆེ་བའི་ཁྲིམས་ཤིག་ཡིན་འདུག

The ban will be enforced by the nation’s internet regulator

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་ཨོ་གླིང་གྲོས་ཚོགས་ཀྱིས་ཨོ་གླིང་རྒྱལ་ཡོངས་སུ་ལོ་བཅུ་དྲུག་མན་གྱི་ལོ་ཆུང་བྱིས་པ་ཚོས་སྤྱི་ཚོགས་བརྒྱུད་ལམ་བེད་སྤྱོད་བྱེད་ཆོག་མིན་ཐད་འོས་བསྡུ་བྱེད་སྐབས། རྒྱབ་སྐྱོར་གྱི་འོས་གྲངས་ ༣༤ དང་ངོས་ལེན་མེད་པའི་འོས་ ༡༩ བཅས་ཆགས་ཏེ་མང་མོས་ཐོག་ནས་ཁྲིམས་གཏན་འབེབ་བྱུང་ཞིང་། འབྱུང་འགྱུར་ཟླ་བཅུ་གཉིས་ཀྱི་རྗེས་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་འདུག

གཏན་འབེབ་བྱས་པའི་ཁྲིམས་ལུགས་ལྟར་ན། ཨོ་གླིང་རྒྱལ་ཡོངས་སུ་ལོ་བཅུ་དྲུག་མན་གྱི་ལོ་ཆུང་བྱིས་པ་ཚོས་སྤྱི་ཚོགས་བརྒྱུད་ལམ་བེད་སྤྱོད་བྱེད་མི་ཆོག་ཅིང་། གལ་སྲིད་བྱིས་པ་ཞིག་གིས་ཐབས་ལམ་འདྲ་མིན་སྤྱད་ནས་བེད་སྤྱོད་བྱས་པ་ཡིན་ན་ད་ལྟའི་ཆར་ཉེས་ཆད་དམིགས་བསལ་གང་ཡང་མེད་པ་རེད། འོན་ཀྱང་། ཨོ་གླིང་གི་སྤྱི་ཚོགས་བརྒྱུད་ལམ་བཀག་སྡོམ་གྱི་ཁྲིམས་དེར་རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་ལམ་ཁང་ཁག་ནས་མཉམ་ལས་གཞོལ་འདེགས་མ་བྱས་ཚེ། ཨོ་སྒོར་ས་ཡ་ ༥༠ བར་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་བླངས་ཡོད་འདུག

སྤྱི་ཚོགས་བརྒྱུད་ལམ་བཀག་སྡོམ་གྱི་ཁྲོད་དུ། ད་སྔ་རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་ལམ་ཁག་གང་དག་ཡོད་མེད་གཞུང་འབྲེལ་གཏན་འབེབ་མེད་ནའང་། ཨོ་གླིང་གི་འབྲེལ་གཏུག་བློན་ཆེན་རའོ་ལན་ཌི་  (Michelle Rowland) ལགས་ཀྱིས། བཀག་སྡོམ་བྱེད་ལ་ཉེ་བའི་སྤྱི་ཚོགས་བརྒྱུད་ལམ་ཁག་གི་ཁྲོད། ངོ་དེབ་དང་ཨིན་སི་ཊ་གྷི་རམ་ (Instagram)། ཨེག་སི (X)། ཊིག་ཊོག་དང་སི་ནབ་ཆ་ཊི་(Snapchat)། ད་དུང་རྩེད་རིགས་ཀྱི་བརྒྱུད་ལམ་ཁག་དང་བརྡ་འཕྲིན་འཇོག་སའི་བརྒྱུད་ལམ་སོགས་ཡོད་སྐོར་བརྗོད་འདུག་པ་མ་ཟད། ཨོ་གླིང་འབྲེལ་གཏུག་བློན་ཆེན་ལས་ཁུངས་དང་དྲ་རྒྱ་དོ་དམ་ཚན་པ་གཉིས་གྲོས་བསྡུར་ཐོག་གཏན་འཁེལ་བྱ་རྒྱུ་ཡིན་འདུག

ཨོ་གླིང་གི་སྲིད་བློན་ཨན་ཐོ་ནེ་ (Anthony Albanese) ལགས་ཀྱིས། ཨོ་གླིང་གཞུང་གིས་ཕ་མ་ཚོའི་སེམས་ཁུར་ལྟར་བྱིས་པ་ཚོ་དྲ་རྒྱའི་གནོད་སྐྱོན་ལས་ཐར་ཐབས་སུ་ཁྲིམས་བཟོས་ཡོད་ཅེས་བརྗོད་འདུག་ལ། ཁྲིམས་དེ་ནི་བྱིས་པ་ཚོའི་འཚར་ལོངས་ཁྲོད་སྤྱི་ཚོགས་བརྒྱུད་ལམ་ཁག་བརྒྱུད་ནས་གནོད་སྐྱོན་དང་ཤུགས་རྐྱེན་ངན་པའི་རིགས་བཀག་སྡོམ་བྱེད་ཐབས་སུ་བཟོས་པ་ཞིག་ཡིན་པ་རེད།

ཡང་སྤྱི་ཚོགས་བརྒྱུད་བཀག་སྡོམ་ལ་མོས་མཐུན་མེད་མཁན་ཚོས། སྤྱི་ཚོགས་བརྒྱུད་ལམ་ཁག་ཇི་ལྟར་བཀག་སྡོམ་བྱ་རྒྱུ་ཡིན་པ་དང་། དེས་མི་སྒེར་དང་སྤྱི་ཚོགས་བར་གྱི་འབྲེལ་ལམ་ལ་དོ་ཕོག་བཟོ་ཡི་ཡོད་པའི་གནད་དོན་སོགས་སྣང་མེད་དུ་བཞག་ཡོད་སྐོར་བརྗོད་འདུག་ལ། དབྱེ་ཞིབ་པ་ཚོས་སྤྱི་ཚོགས་བརྒྱུད་ལམ་བཀག་སྡོམ་གྱི་ཁྲིམས་དེ་ནི་འཛམ་གླིང་གི་ཆེས་དམ་དྲག་ཆེ་བའི་ཁྲིམས་ཤིག་ཡིན་སྐོར་ཡང་བརྗོད་འདུག

ད་རེས་ཀྱི་ཁྲིམས་དེར་རྒྱབ་སྐྱོར་བྱེད་མཁན་གཙོ་ཆེ་བ་ནི་ཕ་མ་ཚོ་དང་བྱིས་པར་ལྟ་སྐྱོང་བྱེད་མཁན་རྣམས་ཡིན་ཞིང་། ཕ་མ་མང་པོ་ཞིག་གིས་དུས་ཡུན་རིང་པོར་རང་ཉིད་ཀྱི་བྱིས་པ་ངན་ལོབ་ཤོར་སའི་འཕྲུལ་རིགས་ཀྱི་མདུན་ངོས་ནས་མར་ལེན་མ་ཐུབ་པ་འམ། ཡང་ན་སྣང་འུ་ཐག་ཐབས་ཟད་ཀྱིས་རང་སོར་འཇོག་དགོས་པའི་དཀའ་ངལ་ལས་གྲོལ་བ་རེད་ཅེས་ཁྲིམས་དེར་རྒྱབ་སྐྱོར་བྱེད་མཁན་ཞིག་གིས་བརྗོད་འདུག

སྤྱི་ཚོགས་བརྒྱུད་ལམ་ཁག་བཀག་སྡོམ་གྱི་ཁྲིམས་གཏན་འབེབ་བྱས་པ་དང་ངོ་དེབ་དང་ཨེག་སི། གྷོ་གྷལ་སོགས་ཀྱིས་ཨོ་གླིང་གཞུང་གི་ཐག་གཅོད་དེར་སྐྱོན་བརྗོད་བྱས་འདུག འདས་ལོར་ཧྥ་རན་སིས་ལོ་བཅོ་ལྔ་མན་གྱི་བྱིས་པ་ཚོས་སྤྱི་ཚོགས་བརྒྱུད་ལམ་བེད་སྤྱོད་བྱེད་མི་ཆོག་པའི་ཁྲིམས་བཟོས་ཡོད་ཀྱང་། བྱིས་པ་མང་པོ་ཞིག་གིས་(VPN) བེད་སྤྱད་ཀྱིས་སྤྱི་ཚོགས་བརྒྱུད་ལམ་ཁག་བཀོལ་སྤྱོད་བྱེད་བཞིན་ཡོད་པ་ཉམས་ཞིབ་པས་བརྗོད་འདུག

ཨོ་གླིང་ནང་བཞིན་ཨ་རིའི་མངའ་སྡེ་ཨོ་ཊྭ་ (Utah) ནང་སྤྱི་ཚོགས་བརྒྱུད་ལམ་བཀག་སྡོམ་གྱི་ཁྲིམས་ཤིག་བཅའ་ཁྲིམས་ལ་མི་མཐུན་པའི་ངོས་འཛིན་འོག་རྩིས་མེད་བཏང་ཡོད་ཅིང་། ཉེ་ལམ་ནས་ནོར་ཝེའི་ནང་སྤྱི་ཚོགས་བརྒྱུད་ལམ་ཁག་བཀག་སྡོམ་གྱི་ཁྲིམས་ཤིག་ངེས་པར་དགོས་འདུན་ཤུགས་ཆེ་བྱུང་ཡོད་ལ། ད་དུང་དབྱིན་ཇིའི་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་བཀག་སྡོམ་གྱི་ཁྲིམས་ཤིག་གྲོས་ཚོགས་ནང་གླེང་སློང་བྱེད་བཞིན་པ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༦ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese