མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་མེ་སྐྱོན་ཤོར་ཏེ་མི་མང་ལ་དཀའ་ངལ་འཕྲད།

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་དཀར་མཛེས་ཁུལ་ཉག་ཆུ་རྫོང་གི་ཉེ་འགྲམ་དུ་མེ་སྐྱོན་ཤོར་ཏེ་ཡུལ་མིའི་སྡོད་ཁང་ལ་གནོད་སྐྱོན་དང་མི་གྲངས་ ༡༤༠ ལྷག་གནས་སྤོ་བྱས་ཡོད་འདུག

དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་མེ་སྐྱོན་ཤོར་ཏེ་མི་མང་ལ་དཀའ་ངལ་འཕྲད། པར་དྲ་ལམ་ནས་བླངས། ༢༠༢༤།༡༢།༡༡

ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ དང་སྐར་མ་ ༢༠ ཙམ་ལ་དཀར་མཛེས་ཁུལ་ཉག་ཆུ་རྫོང་གི་ཧི་ཁུག་ཡུལ་ཚོ་ཁྲིན་ཞང་སྡེ་བའི་ཉེ་འགྲམ་གྱི་རི་ངོས་སུ་མེ་སྐྱོན་ཤོར་ཞིང་། ཕྱི་ཚེས་ ༡༠ ཉིན་མེ་ཤུགས་ཆེ་རུ་ཕྱིན་ཏེ་ཡུལ་མིའི་སྡོད་ཁང་སོགས་ལ་གནོད་སྐྱོན་ཐེབས་ཡོད་པ་རྒྱ་ནག་གི་མགྱོགས་འཕྲིན་དྲ་ལམ་དུ་ཡུལ་མི་ཚོས་སྤེལ་འདུག་པ་མ་ཟད། མི་གྲངས་ ༡༤༠ ལྷག་ཉག་ཆུ་རྫོང་ཐོག་ཏུ་གནས་སྤོ་བྱས་ཡོད་ཅེས་རྒྱ་ནག་གཞུང་གིས་བསྒྲགས་འདུག

ད་ལྟའི་ཆར་མེ་སྐྱོན་དེའི་རྐྱེན་གྱིས་ཉེ་འགྲམ་གྱི་ས་གནས་ཁག་ཏུ་གློག་ཆད་པ་དང་། འགྲིམ་འགྲུལ་སོགས་ཀྱི་ལམ་ཁ་ཁག་བཀག་སྡོམ་བྱས་ཡོད། ཐེངས་འདིའི་མེ་སྐྱོན་ཆེད་མེ་གསོད་མཁན་མི་གྲངས་ ༣༠༠ ལྷག་དང་། གནམ་གྲུ་སོགས་ཀྱི་མྱུར་སྐྱོབ་རོགས་རམ་བྱེད་བཞིན་པ་ལས། ཐེངས་འདིའི་མེ་སྐྱོན་ཁྲོད་དུ་ས་གནས་མི་མང་དང་ཁང་པ་སོགས་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་རིགས་རྒྱ་ནག་གཞུང་གིས་བསྒྲགས་མི་འདུག

འདི་ལོའི་ཟླ་ ༣ ཚེས་ ༡༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ པ་ཙམ་ལ་བོད་དཀར་མཛེས་ཁུལ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་གྲུ་བསུ་སྟོད་པ་གྲོང་ཚོར་ནགས་ཚལ་མེ་སྐྱོན་ཤོར་ཡོད་ཅིང་། ཕྱི་ཚེས་ ༡༦ ནས་མེ་སྐྱོན་གྱི་འབར་ཤུགས་ཆེ་རུ་ཕྱིན་ཏེ། ཕྱི་ཚེས་ ༡༧ ཉིན་ཉག་ཆུ་རྫོང་གི་ལྷོ་ནུབ་དང་། བྱང་ཤར། ནུབ་བྱང་བཅས་ས་གནས་གསུམ་གྱི་ཕྱོགས་སུ་མེ་ཤུགས་མཆེད་ཡོད་པས། ས་གནས་གྲོང་ཚོ་མང་པོར་གནོད་སྐྱོན་ཐེབས་ཏེ་ས་གནས་གཞན་དུ་གནས་སྤོ་བྱས་ཡོད་འདུག དེའི་ཁྲོད་དཀར་མཛེས་ཁུལ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་གྱི་ཁྱིམ་ཚང་ ༧༤༢ དང་མི་གྲངས་ ༢༦༥༥ ། ཆུ་ཁ་གྲོང་རྡལ་གྱི་ཁྱིམ་ཚང་ ༤༣༥ དང་མི་གྲངས་ ༡༨༧༣ ། མཁར་རིང་པོ་ཡུལ་ཚོའི་ཁྱིམ་ཚང་ ༡༨༣ དང་མི་གྲངས་ ༡༣༨༠ བཅས་ཁྱོན་ཁྱིམ་ཚང་ ༡༣༦༠ དང་མི་གྲངས་ ༥༩༠༨ ལྷག་གནས་སྤོ་བྱས་ཡོད་པ་མ་ཟད།  དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་ནས་ལི་ཐང་རྫོང་བར་གྱི་འགྲིམ་འགྲུལ་ལམ་ཁ་བཀག་སྡོམ་བྱས་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་དཀར་མཛེས་ཁུལ་ཉག་ཆུ་རྫོང་མར་རུ་མཚོ་གྲོང་རྡལ་ཐང་འཇོར་གྲོང་ཚོའི་ཉེ་འདབས་ཀྱི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་ཀྱང་། མང་ཚོགས་གནས་སྤོར་དང་མི་མང་ལ་ཤི་རྨས་སོགས་ཀྱི་དོན་རྐྱེན་བྱུང་མེད་སྐོར་རྒྱ་ནག་གིས་བསྒྲགས་ཡོད་ཅིང་། ཕྱི་ལོ་ ༢༠༡༧ ལོར་བོད་ཉག་ཆུ་ཁ་རྫོང་གི་རྒྱ་ཁྱོན་སྤྱི་ལེ་ ༡༠༠ ཙམ་ལ་མེ་སྐྱོན་ཤོར་ཡང་རྒྱ་ནག་གིས་རོགས་སྐྱོར་བྱས་མེད་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་དཀར་མཛེས་ཁུལ་ལི་ཐང་རྫོང་གི་མོ་ལྷ་གྲོང་ཚོ་དང་ཉག་ཆུ་རྫོང་གི་དེས་ཚང་གྲོང་ཚོ་གཉིས་བར་གཟའ་འཁོར་གཅིག་ལྷག་རིང་མེ་སྐྱོན་ཤོར་སྐབས་ཀྱང་མེ་གསོད་རུ་ཁག་སོགས་ཀྱི་རོགས་སྐྱོར་བྱས་མེད་ཁར། དེ་ནི་རྒྱ་ནག་གཞུང་གིས་ཆེད་དུ་མེ་བརྒྱབ་པ་ཡིན་པར་ས་གནས་མི་མང་ལ་དོགས་གཞིའང་བྱུང་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་སྨར་ཁམས་རྫོང་གི་ནགས་ཚལ་ཆེ་ཤོས་ལ་མེ་སྐྱོན་ཤོར་ནས་ཟླ་གཅིག་མ་ཟིན་ཙམ་འགོར་ཡང་རྒྱ་ནག་གཞུང་གིས་སྣང་མེད་དུ་བཞག་སྟབས། ས་གནས་མི་མང་གིས་ཉིན་མཚན་དབྱེ་མེད་ཀྱིས་ཉིན་གྲངས་ཉི་ཤུ་ལྷག་རིང་མེ་གསོད་ཐབས་ཀྱི་ལས་ཀ་བྱེད་དགོས་བྱུང་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

 

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese