མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་པོས་ལྕམ་སྐུ་པེ་ལོ་སི་མཆོག་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་བོད་ཀྱི་གྲོགས་པོ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་གཤག་བཅོས་ལེགས་གྲུབ་བྱུང་སྟེ་ངལ་གསོ་གནང་མུས་ཡིན་འདུག

US House Democratic Leader Nancy Pelosi meets Tibetan spiritual leader the Dalai Lama, Dharamshala (Photo: SNS)

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་པེ་ལི་སི་མཆོག་ཡུ་རོབ་ཀྱི་ནུབ་རྒྱུད་ལེ་སིམ་བྷུག་(Luxembourg) རྒྱལ་ཁབ་ཏུ་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་མི་ལོ་ ༨༠ འཁོར་བའི་དུས་དྲན་སྲུང་གཙིའི་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་སྐབས། སྐས་འཛེགས་ནས་བརྡབ་སྐྱོན་བྱུང་སྟེ་དཔྱི་མགོར་རྨས་སྐྱོན་ཕོག་ཡོད་པས། འཇར་མན་དམག་དོན་སྨན་ཁང་ཞིག་ནས་གཤག་བཅོས་བྱས་ཏེ་ལེགས་གྲུབ་བྱུང་ཡོད་ཀྱང་། གཞུང་འབྲེལ་ཕྱོགས་ཕེབས་གནང་ཐུབ་མེད་པ་རེད།

དེའི་ཐད་ལྕམ་སྐུ་པེ་ལོ་སི་མཆོག་གི་མགྲིན་ཚབ་པ་ཨི་རན་ཀེ་གྷར་( Ian Kreger) ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། པེ་ལོ་སི་མཆོག་གིས་ཨ་རི་བ་རྣམས་ཀྱི་ཡིད་སེམས་འགུལ་བར་བྱེད་པའི་སྨོན་འདུན་ལ་ཡིད་སྨོན་སྐྱེས་ཡོད་པའི་ཁར། ད་ལྟ་སྨན་བཅོས་ལེགས་གྲུབ་བྱུང་ནས་ངལ་གསོ་བྱེད་མུས་སྐོར་སོགས་གསལ་འདུག་ལ། ཁོང་མོས་ད་ལན་གྱི་དོན་རྐྱེན་དེའི་སྐབས་ཀྱི་སྨན་བཅོས་ཞབས་ཞུ་བ་དང་། རྒྱབ་སྐྱོར་བ་སོགས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ལྷད་མེད་པའི་མི་མང་གི་རྒྱབ་སྐྱོར་དང་རེ་བཞག་གིས་ཡིད་སེམས་འགུལ་དུ་བཅུག་ཡོད་སྐོར་སོགས་གསུངས་འདུག

འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཚོས་ལྕམ་སྐུ་མཆོག་གང་མགྱོགས་བརྡབ་སྐྱོན་གྱི་རྨས་སྐྱོན་ལས་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས་མུས་ཡིན་པ་ལྟར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྒེར་གྱི་ཨེག་སི་(X) དྲ་ལམ་སྟེང་། དོན་དམ་གྱི་དབུ་ཁྲིད་དང་བོད་ཀྱི་གྲོགས་པོ་ལྕམ་སྐུ་པེ་ལི་སི་མཆོག་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད། ང་ཚོས་ཁྱེད་ཀྱི་སྙིང་སྟོབས་དང་སྙིང་རུས་ལ་རྟག་ཏུ་ཡིད་སྨོན་བྱེད་ཀྱི་ཡོད། ང་ཚོས་ཁྱེད་རང་གང་མགྱོགས་དྲག་སྐྱེད་བྱུང་སྟེ་རྒྱུན་ལྡན་གྱི་ངང་ནས་འགྲེང་ཐུབ་པའི་རེ་བ་བཅིང་མུས་ཡིན། ཐུགས་ལྕགས་གྱིས། ཞེས་གསུངས་འདུག་ལ། སྲིད་ཟུར་བློ་བཟང་སེངྒེ་ལགས་ཀྱིས་སྒེར་གྱི་ངོ་དེབ་ཏུ། ང་ཚོའི་ངེས་པ་དོན་གྱི་གྲོགས་པོ་བཟང་པོ་དབུ་ཁྲིད་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་ད་ལྟ་སྨན་ཁང་དུ་བསྡད་དགོས་བྱུང་ཡོད་པས། ངས་ང་ཚོའི་བོད་རིགས་སྤུན་ཟླ་ཚོར་ལྕམ་སྐུ་མཆོག་མགྱོགས་ནས་མྱུར་དུ་དྲག་སྐྱེད་ཡོང་སླད་གསོལ་བ་སྨོན་འདུན་གནང་རོགས་ཞུ་རྒྱུ་ཡིན། ལྕམ་སྐུ་མཆོག ང་ཚོ་ཚང་མས་སྐུ་ཉིད་ཀྱི་གནས་སྟངས་ཐད་ལ་བློ་འཚབ་བྱེད་ཀྱི་ཡོད། ཅེས་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨ་རིའི་རྒྱལ་ས་ཝང་ཤིན་ཊོན་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ པའི་མཇུག་སྡོམ་མཛད་སྒོའི་སྟེང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེངས་རྟགས་དེ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ལྕམ་ནན་སི་པོ་ལོ་སི་མཆོག་ལ་ཕུལ་སོང་། དེ་བཞིན་འདས་ལོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྟེང་། ལྕམ་སྐུ་ནེན་སི་པེ་ལོ་སི་ ( Nancy Pelosi) མཆོག་ལ་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུ་བའི་གྲོས་ཆོད་དོན་ཚན་གསུམ་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་ཡོད།

ལྕམ་སྐུ་མཆོག་ནི་ཨ་རིའི་གྲོས་ཚོགས་འཐུས་མིའི་ནང་ནས་བོད་དང་བོད་མིར་དམིགས་བསལ་གྱིས་འབྲེལ་ལམ་ཟབ་ཅིང་རྒྱུས་མངའ་ཆེ་བ། ཨ་རིའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་དབུ་འཁྲིད་ཤུགས་ཆེ་ཤོས་ཤིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་ཁོང་མོས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གི་དབུ་འཁྲིད་དེ་བོད་ནང་དངོས་སུ་ཕེབས་ཏེ་བོད་མིའི་གནས་སྟངས་ལ་གཟིགས་ཞིབ་གནང་།  དེ་བཞིན་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་སྐབས་བོད་དུ་ཕེབས་ཡོད་པ་མ་ཟད།  ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ པའི་ནང་ཁོང་མོས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་དབུ་འཁྲིད་དེ་བཞུགས་སྒར་དྷ་རམ་ས་ལ་རུ་༧གོང་ས་མཆོག་ལ་མཇལ་བཅར་དང་།   འདི་ལོར་ཡང་ཆེད་དུ་བཞུགས་སྒར་དུ་ཕེབས་ནས་ཨ་རིའི་བོད་དོན་དམིགས་བསལ་ཁྲིམས་འཆར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྤྱན་འབུལ་ཞུས།

ལྕམ་ནན་སི་པོལ་སི་མཆོག་ནི་ཕྱི་ལོ་ ༡༩༤༠ ཟླ་ ༣ ཚེས་ ༢༦ ཉིན་ཨ་རིའི་མངའ་སྡེ་མའེ་རེ་ལན་ཌའི་གྲོང་ཁྱེར་བྷེལ་ཊི་མེར་(Baltimore) ནང་སྐྱེས་ཤིང་། ཁོང་མོའི་པ་ལགས་ཐའོ་མ་སི་(Thomas D’Alesandro Jr) ལགས་ནི་མའེ་རེ་ལན་ཌིའི་གྲོས་ཚོགས་འཐུས་མི་དང་ཨ་མ་ཨ་ཐུ་ན་ཀཱ་ (Anunciata D’Alesandro) ལགས་ནི་སྲིད་དོན་ཐོག་དོ་དབྱིངས་ཆེན་པོ་གནང་མཁན་ཞིག་ཡིན་སྟབས། ལྕམ་ནན་སི་པེ་ལོ་སི་མཆོག་ཆུང་དུས་ནས་ཕ་མ་གཉིས་ཀྱི་ཤུགས་རྐྱེན་འོག་ཨ་རིའི་ཆབ་སྲིད་ནང་ཞུགས། ཁོང་མོ་དང་བཟའ་ཟླ་པོལ་པེ་ལོ་སི་ (Paul Pelosi) གཉིས་ལ་བྱིས་པ་ལྔ་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese