མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལམ་འབྲས་ཚིག་མཛོད་ཆེན་མོ་དབུ་འབྱེད་གནང་། 

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

དཔལ་ས་སྐྱའི་རྩོམ་སྒྲིག་ཁང་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱིས་ལམ་འབྲས་ཀྱི་ཚིག་མཛོད་དང་མཉེན་ཆས་དབུ་འབྱེད་གནང་། 

དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་རྩོམ་སྒྲིག་ཚོགས་ཆུང་སོགས།

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སྟོན་པ་བཅོམ་ལྡན་འདས་ཀྱི་འཁྲུངས་གནས་ལུམྦུནིའི་ཚལ་དུ་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་སྐབས་སོ་གསུམ་པ་འཚོག་མུས་ཡིན་པ་དང་བསྟུན། ས་སྐྱ་རྩོམ་སྒྲིག་ཁང་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་ཐོག་ཞུ་བསྒྲིགས་དང་འགྲེམས་སྤེལ་བྱས་པའི་ལམ་འབྲས་ཚིག་མཛོད་ཆེན་མོ་དང་མཉེན་ཆས་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། ངོར་ཐར་རྩེ་མཁན་རིན་པོ་ཆེ། ཚར་པའི་ཁྲི་པ་རྣམ་གཉིས། སྡེ་གཞུང་རིན་པོ་ཆེ།  དམིགས་བསལ་གདན་ཞུའི་སྐུ་མགྲོན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་བཅས་མཉམ་ཞུགས་གནང་ཡོད།

མཛད་སྒོའི་ཐོག་མར་དབུས་དཔལ་ས་སྐྱའི་སྨོན་ལམ་རྒྱུན་ལས་སྐབས་བཞི་པའི་ཚོགས་གཞོན་མཁན་པོ་ཨ་འཕྲིན་ལགས་ཀྱིས་ངོ་སྤྲོད་དང་སྨོན་ལམ་ཐེབས་རྩ་ཁང་གི་ཤེས་ཡོན་ལས་འཆར་དང་འབྲེལ་བའི་སྐོར་གཏམ་བཤད་དང་། ས་སྐྱ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྒན་ཀུན་འདུས་ལགས་ཀྱིས་ལམ་འབྲས་ཚིག་མཛོད་ཆེན་མོ་ངོ་སྤྲོད་དང་། ཇི་ལྟར་རྩོམ་སྒྲིག་བྱས་པའི་གནས་སྟངས་སྐོར་ལ་གཏམ་བཤད་དང་། དམིགས་བསལ་གདན་ཞུའི་སྐུ་མགྲོན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་མཛད་སྒོ་གནང་བའི་གསུང་འཕྲིན་སྒྲོག་སྦྱངས་དང་འབྲེལ། སྨོན་ལམ་ཚིག་མཛོད་ཆེན་མོ་དང་ལམ་འབྲས་ཚིག་མཛོད་ཆེན་མོའི་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་འདུག 

སྐུ་མགྲོན་གཙོ་བོ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ལམ་འབྲས་ཚིག་མཛོད་ཆེན་མོ་དང་མཉེན་ཆས་གཉིས་ཀ་ཞལ་འབྱེད་དང་འབྲེལ། ངོས་རང་གིས་ད་ལན་ས་སྐྱའི་སྨོན་ལམ་ཐེངས་སོ་གསུམ་པ་དེ་འཚོག་མུས་ཡིན་པའི་སྐབས་འདིར། ལམ་འབྲས་ཚིག་མཛོད་ཆེན་མོའི་དེབ་དང་མཉེན་ཆས་གཉིས་ཀ་དབུ་འབྱེད་བྱ་རྒྱུ་བྱུང་བར་ཞེ་དྲགས་དགའ་པོ་བྱུང་། ཚང་མར་སྙིང་ནས་མཛའ་ཞིང་བརྩེ་བའི་འཚམས་འདྲི་དང་འབྲེལ་བའི་ཐོག་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངོས་རང་གིས་དགེ་བཤེས་འབུམ་རམས་པ་བློ་བཟང་སྨོན་ལམ་ལགས་ཐོག་མར་མཇལ་སྐབས། ཚིག་མཛོད་རྒྱ་ཆེན་པོ་ཞིག་བཟོ་ཡི་ཡོད་གསུངས་སོང་བས། ངོས་རང་གིས་ཚིག་མཛོད་དེ་གལ་ཆེན་པོ་རེད་དེ། ད་གང་འདྲ་བཟོ་ཡི་ཡོད་དམ་བསམ་བསམ་ཞིག་བྱུང་ནའང་། ཁོང་གིས་ཐུགས་ཁུར་བཞེས་པ་དང་། སྐུ་སྒེར་ཡིག་ཚང་གིས་མཐུན་འགྱུར་རྒྱ་ཆེན་པོ་གནང་བ་སོགས་ལ་བརྟེན་ནས། དེ་སྔོན་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་ཚིག་མཛོད་རྒྱ་ཆེན་པོ་ཞིག་གསར་བསྒྲིགས་ལེགས་པར་གྲུབ་ནས་དབུ་འབྱེད་ཀྱི་མཛད་སྒོ་དྷ་རམ་ས་ལར་གནང་དུས་ངོས་རང་ཡང་བཅར་རྒྱུའི་གོ་སྐབས་བྱུང་། ཞེས་དང་། སྤྱིར་ལམ་འབྲས་ཀྱི་ཚིག་མཛོད་ཆུང་ཆུང་རེ་བོད་ནང་དཔར་སྐྲུན་བྱས་པ་འགའ་འདུག་སྟེ། ལམ་འབྲས་དེ་ཟབ་ཅིང་རྒྱ་ཆེ་ལ་དམིགས་བསལ་གྱི་བརྡ་དང་ཐ་སྙད་མང་པོ་ཞེ་དྲགས་ཡོད་པས་དགེ་མཚན་ཆེན་པོ་ཡོང་གི་རེད་བསམས་ནས།  ངོས་རང་གིས་འབད་བརྩོན་བྱས་ཏེ་ང་ཚོའི་རྩོམ་སྒྲིག་པ་དག་ལའང་གོ་བསྡུར་ཞུས་པས། དགེ་བཤེས་སྨོན་ལམ་ལགས་ཀྱིས་རྒྱབ་སྐྱོར་དང་མཐུན་འགྱུར་ཚད་མེད་པ་གནང་ནས། དེ་རིང་ལམ་འབྲས་ཀྱི་ཚིག་མཛོད་རྒྱ་ཆེ་ཙམ་ཞིག་ང་རང་ཚོས་དབུ་འབྱེད་བྱ་རྒྱུ་བྱུང་བ་དེ་ཞེ་དྲགས་ཡག་པོ་བྱུང་བ་རེད། གོ་སྐབས་འདི་བརྒྱུད་ནས་ས་སྐྱ་རྩོམ་སྒྲིག་ཚོགས་ཆུང་དང་། སྨོན་ལམ་ཚོགས་པ་ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཅེས་གསུངས་འདུག

གོང་མ་བདག་ཁྲི་་རིན་པོ་ཆེ་མཆོག་གིས་ལམ་འབྲས་ཚིག་མཛོད་དང་འབྲེལ་བའི་བཀའ་སློབ་སྩལ་སྐབས།

ཡང་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས། ད་ལན་ལམ་འབྲས་ཀྱི་ཚིག་མཛོད་རྒྱ་ཆེན་པོ་འདི་ཡོངས་སུ་ལེགས་གྲུབ་བྱུང་རྗེས། གཙོ་ཆེ་ཤོས་ནི་ཚང་མས་ཉམས་ལེན་དང་དཔེ་ཀློག་ཡག་པོ་གནང་རྒྱུ་དེ་རེད་ལ། ཚང་མས་ལམ་འབྲས་ཀྱི་ཚིག་མཛོད་དང་དཔེ་ཆ་སོགས་ཡག་པོ་བཀླགས་ནས་ཉམས་ལེན་ཡག་པོ་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པས། མུ་མཐུད་དུ་དབང་ལུང་སོགས་གང་མང་ཞུས་ནས་ཉམས་ལེན་གནང་ཐུབ་པ་གནང་རྒྱུ་གལ་ཆེན་ཡིན་སྐོར་དང་། བོད་མི་རྣམས་བཙན་བྱོལ་དུ་བདེ་ཞིང་སྐྱིད་པའི་ཐོག་ནས་བསྡད་རྒྱུ་བྱུང་བ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་འོད་ཟེར་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་ཞིང་། ལྷག་པར་ཚིག་མཛོད་འདི་དག་གི་ཐད་ལའང་སྔ་རྗེས་བར་གསུམ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་སྩལ་བའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པས། དུས་དང་རྣམ་པ་ཀུན་དུ་༧རྒྱལ་དབང་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས། སྐུ་ཚེ་ཞབས་པད་བརྟན་རྒྱུ་དང་། ཐུགས་ཀྱི་བཞེད་དོན་གྲུབ་སླད་ཚང་མས་བསོད་ནམས་གསག་རྒྱུ་དཔེ་གལ་ཆེན་ཡིན་སྐོར་གསུངས་པ་དང་སྦྲགས།  འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་དབུ་ཁྲིད་པའི་ << སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་། >> གིས་འཕྲུལ་ལས་ཀྱི་ལམ་ནས་བོད་ཀྱི་སྐད་ཡིག་དང་། ཆོས་རིག་ལ་སྲི་ཞུ་རླབས་ཆེན་གནང་བར་ལེགས་སོའི་གཟེངས་བསྟོད་ཀྱི་བཀའ་ཤོག་ཅིག་དང་། དབུས་དཔལ་ས་སྐྱའི་སྨོན་ལམ་ཆེན་མོའི་ཐེབས་རྩ་ཁང་གིས་ས་སྐྱའི་རྩོམ་སྒྲིག་ཁང་གི་ལས་བྱེད་པ་བློ་གསལ་དོན་གྲུབ་དང་། ཀུན་འདུས། ཨ་འདུས་སྐལ་བཟང་རྒྱ་མཚོ་བཅས་ལ་ཐུབ་སྐུ་རེ་གསོལ་རས་སྩལ། 

 ལམ་འབྲས་ཚིག་མཛོད་ཆེན་མོ་ནི། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་དགོངས་གཞི་བཞིན། དབུས་དཔལ་ས་སྐྱའི་སྨོན་ལམ་ཆེན་མོའི་ཐེབས་རྩ་ཁང་གི་ཤེས་ཡོན་ལས་འཆར་གྱི་ཆ་ཤས་སུ། ས་སྐྱ་རྩོམ་སྒྲིག་ཁང་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་ཐོག་ཞུ་བསྒྲིགས་དང་འགྲེམས་སྤེལ་བྱས་པ་ཞིག་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese