མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ལྔ་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་ཀྱི་དྲ་ལམ་ཚོང་གཉེར་བ་ཨ་དགའ་དགེ་ལེགས་ཀྱི་ཁྲིམས་འགལ་ཉེས་གསོག་མི་མང་ཁྲོད་དུ་བསྡུ་རུབ་བྱེད་བཞིན་འདུག

དྲ་ལམ་ཐོག་ཚོང་གཉེར་བ་གྲགས་ཅན་ཨ་དགའ་དགེ་ལེགས་ཚང་ངམ་བསོད་ནམས་ཆོས་འགྲུབ། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཉེན་རྟོག་ཁང་ཟེར་བས་རྒྱ་གཞུང་གི་ནག་སེལ་ངན་འཇོམས་ཀྱི་སྲིད་ཇུས་འོག་ནས། དེང་སང་བོད་ནང་དྲ་ལམ་གྱི་ཚོང་གཉེར་བ་གྲགས་ཅན་ཨ་དགའ་དགེ་ལེགས་ཚང་ངམ་བསོད་ནམས་ཆོས་འགྲུབ་དང་། ཀུན་བཟང་རྡོ་རྗེ། བསྟན་པ། བཙན་ཐར་རྒྱལ། བཀྲ་ཤིས་བློ་ལྡན་བཅས་བོད་མི་ལྔ་ལ་ཁྲིམས་འགལ་ཉེས་གསོག་གི་ནག་ཉེས་བཙུགས་ཡོད་པ་མ་ཟད། སྤྱི་ཚོགས་ལས་རིགས་སོ་སོ་ནས་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་བསྡུ་རུབ་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག

དེའི་སྐོར་ལ་འབྲེལ་ཡོད་བོད་མི་ཞིག་གིས། ཟླ་འདིའི་ཟླ་མགོར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་གནམ་ཐང་དུ་རྒྱ་གཞུང་གི་ཉེན་རྟོག་མི་སྣས་བོད་ཀྱི་དྲ་ལམ་ཚོང་གཉེར་བ་ཨ་དགའ་དགེ་ལེགས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་ཅིང་།  རྒྱ་ནག་གཞུང་གིས་ཁོང་ལ་ལོ་འགའ་ཤས་ཀྱི་སྔོན་དུ་ཁྲིམས་འགལ་རྐུ་ཚོང་དང་འཕྲོག་བཅོམ་སོགས་ཀྱི་ནག་ཉེས་བཙུགས་ཡོད་པས་ལས།  ཁྲིམས་འགལ་དང་ནག་ཉེས་གང་བྱས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་གསལ་གྱི་མི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

མི་ཞིག་གིས་སྤྱི་ཚོགས་དྲ་ལམ་དུ། རྒྱ་ནག་གཞུང་གིས་དྲ་དཔོན་དགེ་ལེགས་ལ་ལོ་ཤས་སྔོན་གྱི་རྐུ་ཚོང་དང་འཕྲོག་བཅོམ་གྱི་ཉེས་མིང་བཙུགས་ཡོད་ཀྱང་། དེའི་ཞིབ་ཕྲའི་གནས་ཚུལ་གང་ཡང་གསལ་མེད། འདི་ནི་བློ་འཚབ་སྐྱེ་དགོས་པའི་གནས་ཚུལ་ཞིག་ཡིན་པ་དང་། ལྷག་པར་དུ་ཉེས་འཛུགས་ཀྱི་ཞིབ་ཕྲའི་གནས་ཚུལ་མེད་པ་འདིས། གནད་དོན་འདིའི་ཐོག་དྲང་བདེན་གྱི་ཁྲིམས་ཐོག་བརྒྱུད་རིམ་ཡོང་མིན་ཐད་དོགས་པ་སྐྱེ་གཞི་ཆགས་འདུག ཁོང་འཛིན་བཟུང་བྱས་རྗེས་ནག་ཉེས་དཔང་རྟགས་མང་ཚོགས་ནང་བརྡ་ཁྱབ་བཀྲམས་ཏེ་བསྡུ་བཞིན་པ་ནི་གཡོ་ཇུས་ཤིག་ཡིན་ནམ་སྙམ་ཞེས་བརྗོད་འདུག

རྒྱ་གཞུང་གིས་དྲ་ལམ་ཚོང་གཉེར་བ་ཨ་དགའ་དགེ་ལེགས་སོགས་བོད་མི་ལྔ་ཁྲིམས་འགལ་ཉེས་གསོག་ཆེད་དོན་ཚན་གསུམ་བསྒྲགས་ཡོད་པ་ནང་། གཅིག བསོད་ནམས་ཆོས་འགྲུབ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་འགུལ་ཁྲོད་ཞུགས་མྱོང་བའི་གྱོད་འབྲེལ་མི་སྣ་ཞིག་ཡིན་ཕྱིན། གནས་བབ་དངོས་ངོས་ཟིན་ནས་ཐར་འདོད་ཀྱི་བསམ་བློ་དོར་ཏེ། གང་མགྱོགས་སྒོས་རང་རྟོགས་ངང་སྤྱི་བདེ་ལས་ཁུངས་སུ་ཡོང་ནས་ཉེས་སྐྱོན་ཁས་ལེན་དང་རང་ཉིད་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་དག་སྦ་གསང་མེད་པར་གསལ་བོར་ཞུས་ན་ཁྲིམས་ལྟར་ཉེས་ཆད་ཡང་མོ་གཅོད་པའམ་ཉེས་ཆད་ཇེ་ཡང་དུ་བཏང་ཆོག

གཉིས། གོང་གསལ་དོགས་ཡོད་ཉེས་ཅན་དག་གིས་ཁྲིམས་འགལ་གྱིས་གནོད་པ་བསྐྱལ་བའི་གནོད་འཚེ་ཕོག་མཁན་ཞིག་ཡིན་ཕྱིན། དོགས་པ་ཅི་ཡང་མེད་པའི་སྒོ་ནས་ཧུར་ཐག་གིས་སྤྱི་བདེ་ལས་ཁུངས་ལ་གོང་གཏུག་ཞུས་ཏེ། སྙིང་སྟོབས་ཆེན་པོས་སྒོ་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས།གསུམ། གོང་གསལ་དོགས་ཡོད་ཉེས་ཅན་དག་གི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཤེས་པའི་དཔང་མི་ཞིག་ཡིན་ཕྱིན་ཧུར་ཐག་གིས་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་བྱ་རྒྱུ་དང་། སྤྱི་བདེ་ལས་ཁུངས་ལ་གྱོད་གཞི་མྱུལ་ཞིབ་རྩད་གཅོད་བྱེད་པར་རོགས་འདེགས་བྱ་དགོས། སྤྱི་བདེ་ལས་ཁུངས་ཀྱིས་ཐེར་འདོན་གོང་གཏུག་མཁན་གྱི་གནས་ཚུལ་གཟབ་ནན་གྱིས་གསང་རྒྱ་བྱ་རྒྱུ་ཡིན་ཞིང་། ཐེར་འདོན་གོང་གཏུག་མཁན་དང་དེའི་ཁྱིམ་མིར་འཇིགས་སྐུལ་དང་འཁོན་ལན་སློག་པ་བཅས་ལ་སྤྱི་བདེ་ལས་ཁུངས་ཀྱིས་མཐའ་གཅིག་ཏུ་རྡུང་རྡེག་ནན་མོ་གཏོང་རྒྱུ་ཡིན་ཅེས་བསྒྲགས་འདུག

དྲ་ལམ་ཐོག་ཚོང་གཉེར་བ་གྲགས་ཅན་ཨ་དགའ་དགེ་ལེགས་ཚང་ངམ་བསོད་ནམས་ཆོས་འགྲུབ་ནི་བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གནམ་ཐང་ཡུལ་ཚོ་བོང་སྟག་སྡེ་བ་ནས་ཡིན་པ་དང་། ཉེ་བའི་ལོ་འདི་དག་གི་རིང་རྒྱ་ནག་གི་མགྱོགས་འཕྲིན་དྲ་ལམ་ཐོག་ཚོང་ལས་གཉེར་ནས་སྐད་གྲགས་ཆེན་པོ་ཆགས་ཡོད་པ་མ་ཟད། མགྱོགས་འཕྲིན་ཐོག་དོ་ཁུར་བྱེད་མཁན་གྱི་ཞེ་མི་མང་པོ་ཡོད་པའི་མི་སྣ་ཞིག་ཆགས་ཡོད་འདུག་ལ། བོད་ནང་རང་བྱུང་གོད་ཆག་གི་གནོད་ཐེབས་ས་ཁུལ་དང་ནང་མི་སྐྱོ་བོ་སོགས་ལ་རྒྱུ་དངོས་ཀྱི་རོགས་སྐྱོར་འབོར་ཆེན་བྱེད་མཁན་ཞིག་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese