མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་སྤྱི་དོན་གྲུབ་བཀྲིས་ལགས་སུ་འོས་བླུག་བཅུག་མི་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་ཟུར་དང་ལས་ཐོག་ལ་སྤྱི་དོན་གྲུབ་བཀྲིས་ལགས་ཀྱིས་གཞུང་འབྲེལ་གྱི་སྡིངས་ཆ་བེད་སྤྱོད་གཏོང་ནོར་བྱས་སྟབས། ལ་སྤྱི་སྐབས་ ༢༣ པའི་དངོས་གཞིའི་འོས་བསྡུའི་སྐབས་འོས་འཕེན་པའི་ཐོབ་ཐང་འཕྲོག་ཡོད་འདུག

ལ་དྭགས་ལྷོ་བྱང་ས་གནས་འོས་བསྡུ་ལས་ཁང་གི་བཀའ་ཁྱབ།

ལ་དྭགས་ལྷོ་བྱང་ས་གནས་འོས་བསྡུ་ལས་ཁང་གིས་བཀའ་ཁྱབ་ཅིག་བཏང་བར་གཞིགས་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༣༥ ཧྲིལ་པོ་འཁོར་བའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་སྟེང་། ལ་དྭགས་བསོད་ནམས་གླིང་མི་མང་ཚོགས་ཁང་དུ་ལ་སྤྱི་དོན་གྲུབ་བཀྲིས་ལགས་ཀྱིས་གསུང་བཤད་གནང་སྐབས། ལ་སྤྱི་སྐབས་ ༢༣ པའི་དངོས་གཞིའི་འོས་མི་དོན་གྲུབ་ཚེ་རིང་ལགས་སུ་འོས་བླུག་རྒྱུ་ཡིན་ཞེས་མི་མང་འདུ་འཛོམས་སྟེང་མིང་འདོན་བྱས་པའི་ཐོག གཞུང་འབྲེལ་མཛད་སྒོའི་ཐོག་ལ་སྤྱིའི་འོས་བསྡུ་དང་འབྲེལ་བའི་བཀའ་མོལ་གནང་བར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ས་གནས་འོས་བསྡུ་ལས་ཁང་གིས་ལ་སྤྱི་ལས་ཐོག་དོན་གྲུབ་བཀྲིས་ལགས་ཀྱིས་ཡུལ་དུས་ལ་མ་གཟིགས་པར་གཞུང་འབྲེལ་སྡིངས་ཆ་བེད་ལོག་སྤྱད་པའི་ནོར་འཁྲུལ་འགལ་འཛོལ་ཤོར་བར་ངོས་འཛིན་གྱིས། ལ་སྤྱི་སྐབས་ ༢༣ པའི་དངོས་གཞིའི་འོས་བསྡུའི་ནང་དོན་གྲུབ་བཀྲིས་ལགས་ཀྱི་འོས་འཕེན་རྒྱུའི་ཐོབ་ཐང་འཕྲོག་རྒྱུ་ཡིན་པའི་ཐག་གཅོད་གནང་ཡོད་འདུག

དེ་འབྲེལ་ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༥༡ སྟེང་ལས་ཐོག་ལ་སྤྱི་དོན་གྲུབ་བཀྲིས་ལགས་ཀྱིས་དོན་ཚན་ཁག་གསུམ་གྱི་གནས་སྟངས་གསལ་བཤད་ཞུ་རྒྱུ་དང་འབྲེལ་ནས་ལ་དྭགས་བསོད་ནམས་གླིང་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་གཙོ་མཆོག་གི་མཚན་ཐོག་ལ་སྙན་ཞུ་ཞིག་ཕུལ་ཡོད་པའི་ནང་། དང་པོ། ང་རང་མི་མང་གི་འོས་འདེམས་བྱས་པའི་ལ་སྤྱི་ཞིག་ཡིན་པའི་ཆ་ནས་ད་བར་འོས་བསྡུ་སྒྲིག་གཞི་དང་བཅའ་ཁྲིམས་ཀྱི་སྒྲིག་གཞི་གང་ཡང་འགལ་འཛོལ་བྱས་མེད་པས་གོང་གསལ་ཐག་གཅོད་དེར་ངོས་ལེན་ཞུ་ཐབས་མེད། གཉིས་པ། ཚོགས་ཆུང་གི་ཐག་གཅོད་དེ་མང་མོས་ཀྱི་ཐག་གཅོད་ཡིན་ནམ་སྤྱི་མོས་ཀྱི་ཐག་གཅོད་ཡིན། གསུམ་པ། དོ་བདག་མི་མང་གི་རེ་བ་བྱས་ཏེ་ལ་སྤྱི་སྐབས་གསུམ་ ༢༠༡༠ དང༌། ༢༠༡༣། ༢༠༢༣ ལོ་དུས་སོ་སོར་བྱས་པ་དང༌། སྤྱི་འཐུས་ལོ་ ༥ དང་ཟླ་བ་དྲུག ས་གནས་ཁྲིམས་ཞིབ་ལོ་ ༢ དང་ཟླ་བ་དྲུག་བྱས་པའི་ཐོག་ནས་ཁྲིམས་སྒྲིག་གང་ཡང་འགལ་མེད། ཐེངས་འདིའི་ལ་སྤྱི་སྐབས་ ༢༣ པའི་དངོས་གཞི་འོས་མི་སུ་ལའང་དམའ་འབེབས་བྱ་རྒྱུ་མ་བྱུང་ལ། གནོན་ཤུགས་ཡང་སྤྲད་རྒྱུ་མ་བྱུང༌། བརྒྱུད་བསྐུལ་ཡང་བྱ་རྒྱུ་མ་བྱུང༌། ཞེས་བཀོད་འདུག

ད་དུང་ལ་སྤྱི་དོན་གྲུབ་བཀྲིས་ལགས་ཀྱིས་ཉིན་དེའི་དགོང་མོའི་ཆུ་ཚོད་ ༧།༥༥ སྟེང་སྙན་ཞུ་ཕུལ་ཡོད་པའི་ནང་། དོ་བདག་ལ་མི་མང་གི་འོས་འདེམས་བྱས་པའི་ལ་སྤྱིའི་འགན་ཞིག་ཡོད་པའི་ཆ་ནས་ལ་དྭགས་བསོད་ནམས་གླིང་གི་མི་མང་དང་སྤྱི་བ་ཁོ་ནར་ཕན་པའི་སྒེར་གྱི་བསམ་ཚུལ་ཞིག་བཤད་པ་ལས་ཁྲིམས་སྒྲིག་གང་ཡང་འགལ་འཛོལ་བྱས་མེད་སྟབས། གོང་གསལ་ཐག་གཅོད་དེར་མོས་མཐུན་ཞུ་ཐུབ་ཐབས་མི་འདུག ངོས་ནས་ད་བར་མི་ཚེ་ཧྲིལ་པོ་དྲང་བདེན་དང་ཕྱི་གསལ་ནང་གསལ་ཐོག་སྤྱི་པ་ཁོ་ནར་བསམ་ནས་མི་མང་གི་ཞབས་འདེགས་ཞུས་པ་དེར་དགའ་སྤོབས་དང་བསོད་ནམས་གསོག་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་སྙམ་བཞིན་ཡོད་ལ། ད་ནས་རྩིས་པའི་ལ་སྤྱིའི་ལས་ཡུན་ལྷག་བསྡད་ཟླ་བ་གཅིག་དང་ཕྱེད་ཀ་དེ་ཡང་ཐོག་མའི་དམ་བཅའ་ལྟར་ལྷག་བསམ་ཆེ་བསྐྱེད་ཀྱིས་ལས་དོན་གཉེར་རྒྱུ་ཡིན། འོན་ཀྱང་ངོས་ལ་ཡིག་ཆུང་གནང་བའི་ཐག་གཅོད་དེ་མི་ཚེ་གཅིག་ནག་པོ་བཟོས་བྱུང་སྙམ་པའི་ཚོར་སྣང་ཞིག་བྱུང་ཡང་། ངོས་ནས་ལས་དོན་བྱས་པ་ཐམས་ཅད་དྲང་བདེན་དང་ལྷག་བསམ་རྣམ་དག་ཐོག་བྱས་པར་སོང་འགྱོད་གནོང་ཏིལ་འབྲུ་ཙམ་ཡང་མེད། ཅེས་འཁོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ལ་དྭགས་ལྷོ་བྱང་ས་གནས་འོས་བསྡུ་ལས་ཁང་གིས་ལན་འདེབས་གནང་བའི་ནང་། ལ་སྤྱི་དོན་གྲུབ་བཀྲིས་ལགས་ཀྱིས་ས་གནས་འོས་བསྡུ་ཚོགས་ཆུང་གི་ཐག་གཅོད་ལ་མོས་མཐུན་མེད་པའི་ལན་འདེབས་ཡིག་ཆུང་ཕུལ་འབྱོར་བྱུང་བའི་ནང་། ཚོགས་ཆུང་གི་ཐག་གཅོད་དེ་མང་མོས་ཀྱི་ཐག་གཅོད་ཡིན་ནམ་སྤྱི་མོས་ཀྱི་ཐག་གཅོད་ཡིན་ཞེས་བཀའ་འདྲི་གནང་བར་བརྟེན། ཚོགས་ཆུང་གི་ཐག་གཅོད་དེ་མང་མོས་ཐག་གཅོད་ཅིག་ཡིན་ཞེས་ལན་འདེབས་ཁ་གསལ་གནང་ཡོད་སྟབས། ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༡༡།༡༥ ཐོག་ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ཡིག་ལན་གནང་བའི་ནང་། ས་གནས་འོས་བསྡུ་ཚོགས་ཆུང་གི་ཐག་གཅོད་དེ་མང་མོས་ཐག་གཅོད་ཅིག་ཡིན་ཞེས་གསལ་ཡོད་པར་བརྟེན། ངོས་ཀྱི་ཡིག་ལན་དང་པོའི་ནང་རྒྱས་བཤད་ཞུས་པ་ལྟར་སྤྱི་པའི་ལས་དོན་ལ་འཐུས་ཤོར་མི་ཡོང་བ་དང་། སྤྱི་ཚོགས་བརྟན་ལྷིང་ལ་གཙོ་བོར་དམིགས་ཏེ་ས་གནས་འོས་བསྡུ་ཚོགས་ཆུང་གི་ཐག་གཅོད་ལ་བརྩི་བཀུར་དང་ལེན་ཞུ་རྒྱུ་ཡིན། ཞེས་གསལ་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese