མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡུལ་འགྲེམས་སྟོན་ཁང་ལ་ངོ་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༢༤/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་གྱི་བོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དབྱིན་ཡུལ་འགྲེམས་སྟོན་ཁང་དུ་ཞིས་ཙང་ཟེར་བའི་ཚིག་ཕྱིར་འཐེན་དགོས་པའི་ངོ་རྒོལ་བྱས་འདུག

The British Museum

ཉེ་ལམ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་འགྲེམས་སྟོན་ཁང་(The British Museum)དུ། དར་གོས་ཚོང་ལམ་ཞེས་པའི་འགྲེམས་སྟོན་ཞིག་བྱེད་བཞིན་ཡོད་པའི་ཁྲོད། བོད་ཀྱི་མིང་གི་ཚབ་དུ་ཞིས་ཙང་ཟེར་བའི་ཐ་སྙད་སྤྱད་དེ་འགྲེམས་སྟོན་བྱེད་བཞིན་ཡོད་པས། དབྱིན་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ཅིག་ནས་ངོ་རྒོལ་བྱས་ཡོད་འདུག

བོད་དང་གྲངས་ཉུང་མི་རིགས་ཆེད་འཛམ་གླིང་མནའ་འབྲེལ་ཚོགས་པ་གསར་འཛུགས་གནང་མཁན་པ་སངས་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་འགྲེམས་སྟོན་ཁང་བརྒྱུད་ནས་བོད་ཅེས་པའི་ཚིག་དེ་འཛམ་གླིང་གི་ས་ཁྲ་ནས་མེད་པར་བཟོས་ཏེ། རྒྱ་ནག་གི་ཚིག་ཞིས་ཙང་ཟེར་བ་སྦྱར་ནས་ཕུགས་རྒྱང་རིང་པོའི་ལས་གཞི་བརྩམས་ཡོད། འགྲེམས་སྟོན་ཁང་གིས་སྔོན་མའི་རྒྱལ་རབས་ལོ་རྒྱུས་གང་ཡིན་པ་དེ་དྲང་བདེན་གྱི་ཐོག་ནས་ར་སྤྲོད་བྱ་རྒྱུ་གལ་ཆེན་པོ་ཡིན་པས། དེའི་རིགས་ཀྱི་ལོ་རྒྱུས་དང་བཅས་པ་ཉར་ཚགས་བྱ་དགོས་སྐོར་དབྱིན་ཡུལ་འགྲེམས་སྟོན་ཁང་དང་། དེ་བཞིན་དབྱིན་ཡུལ་གྲོས་ཚོགས་ནང་གླེང་སློང་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། དབྱིན་ཡུལ་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུན་ཚོགས་ནོར་བུ་ལགས་ཀྱིས་ཀྱང་འགྲེམས་སྟོན་ཁང་དེས་བོད་ཀྱི་ཚབ་ཏུ་ཞིས་ཙང་ཟེར་བའི་ཚིག་བེད་སྤྱོད་བྱས་པས། བོད་ཀྱི་ལོ་རྒྱུས་དང་། སྐད་ཡིག བོད་མིའི་ངོ་བོ་དང་བཅས་པ་ནག་གསུབ་གཏོང་གི་ཡོད་ཅེས་བརྗོད་འདུག

དབྱིན་ཡུལ་གྱི་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་འགྲེམས་སྟོན་ཁང་དེར་དགོས་འདུན་དོན་ཚན་གསུམ་ཅན་ཞིག་ཞུས་ཡོད་པའི་ནང་། འགྲེམས་སྟོན་དུ་བོད་ཁོ་ན་ཞིས་ཙང་རང་སྐྱོང་ལྗོངས་ཟེར་བའི་ཚིག་ཕྱིར་འཐེན་དགོས་པ་དང་། བོད་མི་རྣམས་ལ་དགོངས་སེལ་ཞུ་དགོས། བོད་མིའི་ཆེད་མཁས་པ་དང་གོ་བསྡུས་གྱིས་མ་འོངས་བར་དྲང་བདེན་ཐོག་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་འགྲེམས་བྱ་དགོས་ཞེས་གསལ་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་དབྱིན་ཡུལ་གྱི་གྲོས་ཚོགས་གོང་མའི་ནང་ལོ་མཇུག་བགྲོ་གླེང་སྐབས། ད྄བྱིན་ཡུལ་དང་རྒྱ་ནག་གཉིས་བར་ཆིངས་ཡིག་བཞག་སྟེ་ལོ་ངོ་ ༤༠ འཁོར་བ་དང་སྟབས་བསྟུན། དབྱིན་ཡུལ་གྲོས་ཚོགས་གོང་མའི་འཐུས་མི་ལོར་ཌི་ཨལ་ཌོན (Lord Alton) ལགས་ཀྱིས་སྣེ་ཁྲིད་འོག་གྲོས་ཚོགས་གོང་མའི་འཐུས་མི་ལོར་ཌི་མཱར་ཏིན་ (Lord Martin Callanan) ལགས་དང་། བྷ་རོ་ནེ་སི་སི་མི་ཐཱ་ (Baroness Smith) ལགས། ལོར་ཌི་བྷི་ཤོབ་ཕི (Lord Bishop) ལགས། བྷ་རོ་ནེ་སི་བྷན་ནེ་ཌི་ (Baroness Bannett) ལགས་བཅས་ཀྱིས། རྒྱ་ནག་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པའི་གནད་དོན་སོགས་ཀྱི་ཐོག་བགྲོ་གླེང་གནང་སྟེ། དབྱིན་ཡུལ་གཞུང་ནས་རྒྱ་གཞུང་དང་འབྲེལ་ལམ་འཛིན་ཕྱོགས་ཐད་སྐྱོན་བརྗོད་གནང་ཡོད་འདུག སྐབས་དེར་གྲོས་ཚོགས་འཐུས་མི་ཌི་ཨལ་ཊོན་ (Lord Alton) ལགས་ཀྱིས། རྒྱ་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་གཏོར་བཤིག་གཏོང་བཞིན་ཡོད་པ་མ་ཟད།  བོད་ཀྱི་སྐད་ཡིག་བེད་སྤྱོད་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་ཤུགས་ཆེན་བྱས་ཏེ། བོད་ཀྱི་རིག་གཞུང་རྩ་གཏོར་བཏང་ནས་རྒྱ་བསྒྱུར་སློབ་གསོའི་སྲིད་ཇུས་སྤེལ་མུས་ཡིན། ༧གོང་ས་རྒྱལ་བ་རིན་པོ་མཆོག་བཙན་བྱོལ་དུ་བཞུགས་དགོས་པ་ཞིག་ཆགས་ཡོད་པའི་ཁར། བོད་ནང་ཆོས་ལུགས་དད་མོས་ཀྱི་རང་དབང་མེད་པར་གྱུར་ཡོད་ལ། རྒྱལ་སྤྱིའི་རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནི་འཛམ་གླིང་གི་རང་དབང་སྡུག་ཤོས་ཀྱི་ཁོངས་སུ་ཚུད་པ་གསལ་འདོན་དང་འབྲེལ་ནས། ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་གསལ་འདོན་བྱེད་མཁན་སོགས་ཀྱི་མི་མང་པོ་འཛིན་བྱས་ཡོད་པ་མ་ཟད། དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་སྟེང་དུ་འཁྱོག་བརྗོད་བྱེད་མུས་ཡིན་སྐོར། ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་གཞུང་འབྲེལ་བཀག་སྡོམ་བྱས་པ་བཞིན་དབྱིན་གཞུང་གིས་ཀྱང་བྱ་དགོས་སྐོར་སོགས་བརྗོད་འདུག

དེ་བཞིན་དབྱིན་ཡུལ་གྲོས་ཚོགས་གོང་མའི་འཐུས་མི་ལོར་ཌི་མཱར་ཏིན་ལགས་ཀྱིས། འདས་པོའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་ནང་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་མེད་གཏོང་བའི་སྲིད་ཇུས་སྤེལ་མུས་ཡིན་པ་དེ་རྒྱལ་སྤྱིའི་ཐོག་ནས་བརྗེད་མི་རུང་བའི་ཞིག་ཡིན།   དེ་སྔ་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཞིག་ཡིན་ཡང་། ད་ལྟའི་ཆར་རྒྱ་ནག་གི་ཆ་ཤས་སུ་བསྒྱུར་ཏེ་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་ཡོད། ལོ་འགའི་སྔོན་ལ་རྒྱ་གར་དྷ་རམ་ས་ལར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་བའི་གོ་སྐབས་བཟང་པོ་ཐོབ།  བོད་ཀྱི་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་འོག་ཏུ་ཡོད་ཀྱང་། ༸གོང་ས་མཆོག་ནས་འཚེ་བ་མེད་པའི་ལྟ་གྲུབ་ཀྱི་མཛད་པ་སྐྱོང་བཞིན་ཡོད་འདུག ཅེས་བརྗོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese