མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱིས་རྒྱ་གར་གྱི་སྲིད་བློན་ཟུར་བ་སྐུ་ཞབས་མན་མོ་ཧན་སིང་མཆོག་འདས་གྲོངས་སུ་གྱུར་བར་མྱ་ངན་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་རྒྱ་གར་གྱི་སྲིད་བློན་ཟུར་བ་སྐུ་ཞབས་མན་མོ་ཧན་སིང་མཆོག་འདས་གྲོངས་སུ་གྱུར་བར་ཤུལ་ལུས་ནང་མིར་སེམས་གསོ་ཞུས། 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༤།༡༢།༢༧

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་གར་གྱི་སྲིད་བློན་ཟུར་བ་སྐུ་ཞབས་མན་མོ་ཧན་སིང་མཆོག་དགུང་ལོ་ ༩༢ སྟེང་རྒྱ་གར་རྒྱལ་ས་ལྡི་ལི་རུ་འདས་གྲོངས་སུ་གྱུར་ཏེ། རྒྱ་གར་གཞུང་དམངས་གཉིས་ཀྱིས་སྲིད་བློན་ཟུར་བ་མཆོག་གི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་མུས་ཡིན་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱིས་ཀྱང་འདས་པོ་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་ཡོད་འདུག 

ཁ་སང་ཕྱི་ཚེས་ ༢༩ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་སྐུ་སྒེར་གྱི་ཨེག་སི་(X) སྤྱི་ཚོགས་དྲ་ལམ་སྟེང་། ངས་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། རྒྱ་གར་གྱི་དམངས་གཙོའི་ལམ་ལུགས་ཁོངས་སུ་ཆུད་ཅིང་ཕུགས་དམིགས་མངའ་བའི་སྐུ་ཞབས་མོ་ཧན་སིང་མཆོག་འདས་གྲོངས་སུ་གྱུར་བར། སྙིང་དབུས་ནས་མྱ་ངན་ཞུ་ཡི་ཡོད། ང་ཚོས་གུས་བརྩི་དང་ལྡན་པའི་ཐོག་ནས་ཁོང་གི་གཡོ་བ་མེད་པའི་བོད་དོན་ལ་རྒྱབ་སྐྱོར་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གུས་བརྩི་ཆེན་པོ་ཡོད་པ་དེ་དྲན་གྱིན་ཡོད། ཅེས་གསུངས་འདུག 

ཡང་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། སྐུ་ཞབས་མན་མོ་ཧན་སིང་མཆོག་གི་སྐུ་ཟླ་གྷི་ཤ་རན་(Gursharan Kaur) ལགས་ཀྱི་མཚན་ཐོག་ཏུ་སེམས་གསོའི་འཕྲིན་ཞིག་གི་བསྐུར་བའི་ནང་། ཁོང་སྐུ་གཤེགས་པ་དེས་རྒྱ་གར་དང་། འཛམ་གླིང་ནང་འཚོ་བ་སྟབས་བདེར་རོལ་མཁན་དང་། མཁྱེན་རྒྱ་ཤིན་ཏུ་ཡངས་པའི་ཆབ་སྲིད་ཀྱི་དབུ་འཁྲིད་སྙན་གྲགས་ཅན་ཞིག་མེད་པར་གྱུར། ཁོང་གི་ཞུམ་པ་མེད་པའི་སྤྱོད་བཟང་དང་། རྒྱལ་ཁབ་ཆེད་གཟེངས་སུ་ཐོན་པའི་ཞབས་འདེགས་ཞུས་པ་རྣམས་ཚང་མས་རྟག་ཏུ་དྲན་ངེས་ཡིན། ངས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཁྱེད་ནང་མི་ལྷན་རྒྱས་དང་། ཁོང་གི་རྗེས་འབྲངས་པ་རྣམས་ལ་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་། ཁོང་གི་ཆེད་དུ་སྨོན་ལམ་འདེབས་རྒྱུ་ཡིན། དཀའ་སྡུག་ཆེ་བའི་དུས་སྐབས་འདིར་བོད་མི་ཚང་མས་སྐུ་ཉིད་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་སྲིད་བློན་ཟུར་བ་ཁོང་གི་འདས་མཆོད་སྒྲུབ་སྐབས། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་དབུས། འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་མཆོག་དང་ རྒྱ་གར་དབུས་གཞུང་གིས་དཔོན་རིགས་མང་ཅག་ཀུང་ཕེབས་ཡོད་འདུག རྒྱ་གར་གྱི་སྲིད་བློན་ཟུར་བ་སྐུ་ཞབས་མོ་ཧན་སིང་མཆོག་ནི་ཕྱི་ལོ་ ༡༩༣༢ ལོའི་ཟླ་ ༡༢ ཚེས་ ༢༤ ཉིན་རྒྱ་གར་པན་ཇབ་མངའ་སྡེའི་ཁོངས་སུ་སྐྱེས། ཁོང་གིས་རྒྱ་གར་པན་ཇབ་གཙུག་ལག་སློབ་གཉེར་ཁང་ནས་ཚོང་རིག་ཐོག་རིག་གནས་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་རྗེས། དབྱིན་ཡུལ་གྱི་ཁེམ་བྷི་རེ་ཇུ་(University of Cambridge) གཙུག་ལག་སློབ་གཉེར་ཁང་དུ་ཚོང་རིག་ཐོག་སློབ་སྦྱོང་གནང་། དེ་ནས་རྒྱ་གར་ལ་ཕྱིར་ལོག་ཕེབས་ནས་ཕྱི་ལོ་ ༡༩༦༣ ནས་ ༡༩༦༥ བར་པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་ཚོང་རིག་སློབ་དཔོན་གནང་། ཕྱི་ལོ་ ༡༩༦༦ ནས་ ༡༩༩༩ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་ཡར་སྐྱེད་ཚན་པར་ཕྱག་ལས་གནང་རྗེས། རྒྱ་གར་གྱི་ཕྱི་སྲིད་ཚོང་དོན་བློན་ཆེན་ལས་ཁུངས་ཀྱི་སློབ་སྟོན་པ་དང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སོགས་གནང་། ཕྱི་ལོ་ ༢༠༠༤ ལོར་འོས་བསྡུའི་ལམ་ནས་རྒྱ་གར་གྱི་སྲིད་བློན་ཐེངས་བཅུ་གསུམ་པར་འདེམས་ཏེ་ཐེངས་གཉིས་ལ་རྒྱ་གར་གྱི་སྲིད་བློན་གནང་།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese