མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱལ་སྤྱིའི་རོ་ཌིར་ཌམ་གློག་བརྙན་དུས་སྟོན་ནང་ཚུད།

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཁྱིམ་གསར་གཞན་ཕན་ལགས་ཀྱི་ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱལ་སྤྱིའི་རོ་ཌིར་ཌམ་གློག་བརྙན་དུས་སྟོན་སྟེང་བསྟན་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༩ བར་ཡུ་རོབ་རྒྱལ་ཁབ་ནེ་ཐི་ལན་ཌིའི་རོ་ཌིར་ཌམ་གྲོང་ཁྱེར་དུ། རོ་ཌིར་ཌམ་རྒྱལ་སྤྱིིའི་གློག་བརྙན་དུས་སྟོན་ཐེངས་ ༥༤ བ་འཚོགས་གཏན་ཁེལ་ཡོད་ཅིང་། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་གློག་བརྙན་  ༥༠༠ ཙམ་མཉམ་ཞུགས་བྱས་ཏེ་གཟིགས་འབུལ་ཞུ་འཆར་ཡོད་པའི་ཁྲོད། བོད་ཀྱི་གློག་བརྙན་ཆུ་བཞི་སྒང་དྲུག་ཅེས་པ་བདམས་ཐོན་བྱུང་སྟེ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

དེའི་སྐོར་ལ་གློག་བརྙན་འཁྲབ་ཁྲིད་པ་ཁྱིམ་གསར་གཞན་ཕན་ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་ཀྱི་འཐབ་མོ་བ་རྣམས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པའི་ལོ་རྒྱུས་གལ་ཆེན་འདི། བོད་མི་རྣམས་ཀྱིས་གློག་བརྙན་བརྒྱུད་ནས་ཐེངས་དང་པོར་གླེང་སློང་བྱེད་བཞིན་ཡོད་པས། གལ་གནད་ཆེ་བའི་ལོ་རྒྱུས་འདི་གསལ་སྟོན་བྱེད་རྒྱུ་ནི་ང་ཚོའི་འོས་འགན་ཡིན། བོད་ནི་རྒྱ་གཞུང་གིས་ཁྲིམས་འགལ་གྱི་ཐོག་ནས་བཙན་བཟུང་བྱས་ཏེ། བཙན་གྱིས་རྒྱ་ནག་གི་ཆ་ཤས་སུ་བསྒྱུར་བཞིན་ཡོད་ཀྱང་། བོད་པའི་བཟང་སྤྱོད་དང་། ཆོས་ཕྱོགས། སེམས་ཚོར་སོགས་ཀྱི་ཐོག་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཏུ་གྱུར་མེད་ལ་མ་འོངས་བའང་འགྱུར་མི་སྲིད། ང་ཚོས་རོ་ཌིར་ཌམ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་སྙིང་སྟོབས་དང་དྲང་བདེན། རང་དབང་གི་གློག་བརྙན་བཟོ་སྐྲུན་པ་བཅས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

རོ་ཌིར་ཌམ་རྒྱལ་སྤྱིིའི་གློག་བརྙན་དུས་སྟོན་གྱི་ངོ་སྤྲོད་ནང་། ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས། ང་ཚོའི་ས་ཆ་དང་། ང་ཚོའི་ཆོས་ལུགས། ང་ཚོའི་རིག་གཞུང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་བཅས་ལ་ཉེན་ཁ་ཆེན་པོ་འདུག ཅེས་བོད་ཀྱི་མི་མང་འཐབ་མོ་བའི་ཚོགས་འདུའི་ཐོག་ཉེན་བརྡ་བཏང་ཡོད་པ་རེད།  དེ་ནི་ཕྱི་ལོ་ ༡༩༥༨ ལོར་རྒྱ་ནག་བཅིངས་གྲོལ་དམག་དཔོན་ཐན་ཟེར་བས་བཀོད་འདོམས་འོག་བོད་མི་ངོ་རྒོལ་བ་རྣམས་སྙིང་རྗེ་མེད་པར་དམར་གསོད་བྱས་པ་མ་ཟད། དགོན་སྡེ་ཁག་གཏོར་བཤིག་བཏང་སྟེ་བོད་ཀྱི་ས་ཆར་བཙན་བཟུང་དམ་དྲག་བྱས། མགོན་པོ་བཀྲ་ཤིས་དང་འཐབ་མོ་བ་རྣམས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་སྲུང་སྐྱོབ་དང་རང་དབང་ཆེད་དུ་མེ་མདའི་ཁ་གཏད་བཅག་ཡོད་པ་རེད།

 ཁྱིམ་གསར་གཞན་ཕན་གྱི་ལོ་རྒྱུས་འཐབ་འཛིང་གི་གློག་བརྙན་ཆུ་བཞི་སྒང་དྲུག་ཅེས་པའི་ནང་བོད་མིའི་དཔའ་ངར་ལྡན་པའི་དམག་དོན་གྱི་རྣམ་པ་གསལ་སྟོན་བྱས་ཡོད། འདི་ནི་དགེ་འདུན་པ་ཚོས་ན་བཟའ་ཕུད་དེ་མེ་མདའ་བཟུང་བའི་གློག་བརྙན་ཞིག་ཡིན་པ་མ་ཟད།  གཡུལ་ས་རུ་རྒྱལ་གཅེས་པ་ཚོའི་དཔའ་རྟུལ་དང་། སྙིང་སྟོབས། མཐུན་སྒྲིལ། དམིགས་ཡུལ། བློས་གཏོང་བཅས་མངོན་པར་གསལ་བའི་གློག་བརྙན་ཞིག་ཡིན། ཁོད་ཡངས་སར་བླངས་པའི་བརྙན་ཆས་ཀྱི་ཉམས་དང་།  མཐོ་སྒང་གི་དཔའ་བོའི་བརྗིད་ཉམས།  འཕར་ལྡིང་དྲག་པོའི་རོལ་དབྱངས། འགྱུར་ལྡོག་མང་པོའི་གློག་བརྙན་གྱི་བྱུང་རིམ་བཅས་ཀྱིས་ཁྱིམ་གསར་གཞན་ཕན་གྱིས་ཨ་རིའི་ཧོ་ལི་ཝུ་ཌིའི་གློག་བརྙན་གྱི་ཁྱད་ཆོས་དང་རྣམ་པ་མངོན་པར་བྱས་ཡོད། འོན་ཀྱང་འདི་ནི་མཐའ་མཚམས་ཀྱི་བཙན་འཛུལ་ལ་བསྟོད་གླུ་ལེན་པ་ཞིག་མིན་པར། འགོག་རྒོལ་དང་རང་བཙན་གྱི་གླུ་དབྱངས་ཤིག་ཡིན། ཞེས་གསལ་འདུག

གློག་བརྙན་ཆུ་བཞི་སྒང་དྲུག་ནི་ཁྱིམ་གསར་གཞན་ཕན་ལགས་ཀྱིས་རྩོམ་འབྲི་དང་འཁྲབ་ཁྲིད་བྱས་ཡོད་པ་དང་། བདེ་བ་ཚང་རྡོ་རྗེ་དབང་འདུས་ལགས་ཀྱིས་བཟོ་སྐྲུན་བྱས་ཡོད་ཅིང་། གློག་བརྙན་དེའི་ནང་ཨ་རིའི་ཧོ་ལི་ཝོ་ཌིའི་གློག་བརྙན་བཟོ་སྐྲུན་པ་གྲགས་ཆེ་ཅན་བྷི་རཱན་ཌོན་(Brandon Cox) ལགས་དང་། རྒྱ་གར་དང་བལ་ཡུལ་གྱི་བརྙན་ལེན་པ་གྲགས་ཅན་པ་ཁག་ཅིག་གིས་བརྙན་ལེན་བྱས་ཡོད་འདུག  གློག་བརྙན་དེའི་ཕབ་སྐྲུན་ས་གཙོ་བོ་ནི་བལ་བོད་གཉིས་ཀྱི་ས་མཚམས་གློ་སྨོན་ཐང་ཁུལ་དུ་ཡིན་པ་དང་། གློག་བརྙན་འཁྲབ་སྟོན་བྱེད་མཁན་གྱི་མི་སྣ་གཙོ་བོ་བོད་པ་ཡིན་འདུག གློག་བརྙན་དེར་ཁྱོན་ལེའུ་བཞི་ཡོད་པའི་ཁྲོད་ལེའུ་དང་པོ་འདས་ལོའི་ཕྱི་ཟླ་ ༥ པའི་ནང་འགྲེམས་སྤེལ་བྱས་ཡོད་འདུག

རོ་ཌིར་ཌམ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་ཕྱི་ལོ་ ༡༩༧༢ ལོའི་ཟླ་བདུན་པར་གློག་བརྙན་འཁྲབ་ཁྲིད་པ་ཧུའུ་བྷི་བྷལ་སི་( Huub Bals) ལགས་མགོ་བཙུགས་བྱས་ཡོད་ཅིང་། དེ་ནི་གློག་བརྙན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། གསར་གཏོད། ཚོང་གཉེར་མིན་པའི་གློག་བརྙན་འཕེལ་རྒྱལ་འགྲོ་ཆེད་དམིགས་པ་ཞིག་ཡིན་འདུག  ཕྱི་ལོ་ ༡༩༨༣ ལོའི་ནང་གློག་བརྙན་གྱི་ལས་འཆར་ལ་མ་དངུལ་གཏོང་བའི་རོགས་རམ་བྱས་པ་དང་། རྗེས་སུ་གློག་བརྙན་དུས་སྟོན་གྱི་ཁྲོམ་རྭའི་སྒྲིག་གཞི་ཅན་བསྒྱུར་ཞིག་ཡིན་འདུག ཕྱི་ལོ་༡༩༨༨ ལོར་འཁྲབ་ཁྲིད་པ་ཧུའུ་བྷི་བྷལ་སི་ལགས་འདས་གྲོངས་བྱུང་སྟེ་དྲན་གསོ་ཞུ་ཆེད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་མང་ཁོང་གི་མིང་ཐོག་ནས་ཐེབས་རྩ་ཁང་ཞིག་བཙུགས་ཏེ་གློག་བརྙན་བཟོ་སྐྲུན་ཐོག་རྒྱབ་སྐྱོར་བྱས། ཕྱི་ལོ་ ༡༩༩༥ ལོ་ནས་ལོ་གསུམ་རེ་མཚམས་སུ་གཞོན་སྐྱེས་གློག་བརྙན་བཟོ་སྐྲུན་པར་གཟེངས་རྟགས་ཕུལ་ཡོད་པ་རེད། ཕྱི་ལོ་ ༢༠༢༡ བོད་ནང་གི་གློག་བརྙན་བཟོ་སྐྲུན་པ་གདུགས་དཀར་ཆེ་རིང་གིས་ཁྱེད་ཆེད་དུ་གླུ་ཞིག་ལེན་ཞེས་པའི་གློག་བརྙན་གཟིགས་འབུལ་ཞུས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༩ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༢༠ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese