མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གསུམ་རིང་གི་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་བསྡུས་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ད་ལྟའི་བོད་པའི་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་ཡོད་ནའང་སློབ་ཕྲུག་ཡོད་པ་དེ་དག་གི་ཤེས་ཡོན་གྱི་སྤུས་ཚད་ཚད་དང་ལྡན་པ་ཞིག་སྤྲོད་དགོས་གལ་ཆེ་སྐོར་གསུངས་སོང་།

གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༤།༡།༩

ཟླ་འདིའི་ཕྱི་ཚེས་ ༧ ནས་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༩ ཉིན་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོའི་སྟེང་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་རྣམ་པ། དེ་བཞིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་སོགས་ཁྱོན་མི་གྲངས་ ༢༡༠ ལྷག་ཚང་འཛོམས་གནང་འདུག

ད་ལན་གྱི་ཚོགས་ཆེན་གང་འདྲ་བྱུང་ཡོད་སྐོར་དང་འབྲེལ་ནས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། སྤྱི་ཡོངས་ནས་ཚོགས་ཆེན་འདི་འདྲ་ཚོགས་པ་དེ་གནད་འགག་ཆེན་པོ་རྩིས་ཀྱི་ཡོད་ལ། ད་ལན་གྱི་ཚོགས་ཆེན་དེ་ཡག་པོ་ཞེ་དྲགས་བྱུང་སོང་། ཚོགས་འདུ་ཚོགས་པ་དང་གྲོས་ཆོད་བཞག་པ་རེད། འོན་ཀྱང་དོན་དངོས་སུ་ཡག་པོ་ཞིག་ཡོང་བར་འགན་འཛིན་དང་སློབ་སྤྱི་སོགས་ས་གནས་ས་ཐོག་ལ་དངོས་སུ་ཕེབས་ཏེ་ཁྱད་པར་ཞིག་བཟོ་ཐུབ་ཚེ། གྲུབ་འབྲས་ཆེན་པོ་ཞིག་བྱུང་བ་ལ་ངོས་འཛིན་གྱི་ཡིན། ཞེས་དང་། ད་ལྟའི་ཆར་བོད་པའི་སློབ་ཕྲུག་ཉུང་ཉུང་ཡིན་པར་བརྟེན། སློབ་ཕྲུག་ཡོད་པ་དེ་དག་སྤུས་ཚད་ལྡན་པ་དང་། ཡ་རབས་བཟང་སྤྱོད་ལྡན་པ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་མ་འགལ་བ་ཞིག་དང་། སོ་སོའི་སྤྱི་ཚོགས་ལ་ཕན་པ་སོགས་ཆགས་ཐུབ་པའི་དམིགས་ཡུལ་ཡོད་སྐོར་སོགས་གསུངས་སོང་།

འདི་གའི་གསར་འགོད་པས་ཤེས་རིག་བཀའ་བློན་མཆོག་ལ་ད་ལྟའི་ཆར་དམིགས་བསལ་དགོས་མཁོ་ཅན་ཇེ་མང་དུ་འགྲོ་མུས་ཡིན་པ་དེ་ལ་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་མཐུན་རྐྱེན་ག་རེ་སྦྱོར་གྱི་ཡོད་སྐོར་དྲིས་པར། བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། ང་ཚོ་སྐོར་སྐྱོད་ཕྱིན་པའི་སྐབས་སུ་ཕྱོགས་ཡོངས་ནས་ཚང་མ་ལྟ་ཡི་ཡོད་པ་རེད། དམིགས་བསལ་དགོས་མཁོ་ཅན་མཐོང་བའི་སྐབས། ང་རང་ལ་ཚོར་བ་ཁྱད་མཚར་པོ་བྱུང་། དེ་ཡང་ངས་ལས་ཀ་བྱས་པའི་སྐབས་དམིགས་བསལ་དགོས་མཁོ་ཅན་དེ་འདྲ་མེད་ལབ་ནའང་འགྲིག་གི་ཡོད། ད་ལྟའི་ཆར་དེ་འདྲ་མང་དུ་འགྲོ་བཞིན་འདུག དེར་བརྟེན་གནད་དོན་དེའི་ཐོག་ལ་སེམས་འཚབ་བྱུང་ནས་སློབ་གྲྭའི་ནང་ཡོད་པའི་དམིགས་བསལ་དགོས་མཁོ་ཅན་དེ་དག་ལ་ཐབས་ལམ་གང་འདྲ་འཚོལ་དགོས་པ་དང་། དམིགས་བསལ་དགོས་མཁོ་ཅན་གྱི་ཐོག་ལ་དམིགས་པའི་སློབ་སྦྱོང་བྱེད་མཁན་ཞིག་ཡོད་པ་དེ་ལ་ལས་རོགས་ཤིག་བཞག་སྟེ། ལྷོ་ཕྱོགས་སུ་བཏང་ནས་དམིགས་བསལ་དགོས་མཁོ་ཅན་ངོ་རྟགས་ཆོད་པ་བྱ་རྒྱུ་དང་། དེ་དག་ལ་ཐབས་ལམ་ག་རེ་དགོས་པ་སོགས་མཐུན་རྐྱེན་སྦྱོར་རྒྱུ་དང་། མ་འོངས་པར་དམིགས་བསལ་དགོས་མཁོ་ཅན་གྱི་ཆེད་དུ་སློབ་སྦྱོང་གནང་མཁན་མི་གྲངས་བཞི་ཡོད་པ་དང་། དེ་དག་སློབ་ཐོན་བྱུང་རྗེས་དེ་དང་འབྲེལ་ནས་ཕྱག་ལས་གནང་མཁན་མང་པོ་འབྱུང་གི་ཡོད་སྐོར་སོགས་གསུངས་སོང་།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་སྡོམ་མཛད་སྒོའི་སྟེང་གསུང་བཤད་གནང་བཞིན་པ། ༢༠༢༤།༡།༩ དུས་བབ་གསར་ཁང་གི་པར།

བོད་པའི་སློབ་ཕྲུག་ཇེ་ཉུང་དུ་འགྲོ་མུས་ཡིན་པས་ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་ཁག་ཟླ་སྒྲིལ་གཏང་རྒྱུའི་ཐད་དགོངས་པ་བཞེས་ཡོད་སྐོར་དང་འབྲེལ་ནས་ཤེས་རིག་བཀའ་བློན་མཆོག་གིས། ད་ལྟའི་ཆར་བོད་པའི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པས། སློབ་གྲྭ་ཁག་གིས་ཁུངས་སོ་སོ་ནས་ཟླ་སྒྲིལ་བཏང་དང་གཏོང་བཞིན་པ་རེད། ཅེས་གསུངས་བྱུང་།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བསྟན་འཛིན་པ་སངས་ལགས་སུ་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་གླེང་སློང་གཙོ་བོ་ག་རེ་གནང་ཡོད་སྐོར་དྲིས་པར། ཁོང་གིས། ད་ལན་གྱི་ཚོགས་ཆེན་འདིའི་ནང་མི་གྲངས་ ༢༡༠ ལྷག་འཛོམས་ནས་སློབ་ཕྲུག་གི་སྤུས་ཚད་ཡག་ཏུ་གཏོང་དགོས་པ་དང་། བོད་ཡིག་དང་བོད་པའི་ངོ་བོ་སོགས་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་ལག་ཏུ་ཡོད་པས། དེའི་ཐད་ལ་གྲོས་འཆར་མང་པོ་ཞིག་བསླེབས་སོང་བསམ་གྱི་འདུག དེ་བཞིན་བོད་ནང་དུ་རྒྱ་ནག་གིས་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་པའི་རྐྱེན་གྱིས་དཀའ་ངལ་འཕྲད་མུས་ཡིན་པ་དེ་དང་འབྲེལ་ནས་གྲོས་འཆར་མང་པོ་བཞག་ཡོད་པ་རེད། ཅེས་གསུངས་བྱུང་།

འདི་གའི་གསར་འགོད་པར་བོད་ཁྱིམ་གོ་པལ་པུར་སློབ་གྲྭའི་ཆབ་སྲིད་ཚན་རིག་གི་དགེ་རྒན་ཚེ་རིང་ཉི་མ་ལགས་ཀྱིས། ད་ལན་གྱི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་ནང་འཛུལ་ཞུགས་བྱས་ཐུབ་པར་སྐལ་བ་བཟང་པོ་བྱུང་། ཚོགས་ཆེན་འདིའི་ནང་གཙོ་བོ་སློབ་གྲྭ་ཁག་གི་ནང་དུ་སློབ་ཕྲུག་ཉུང་དུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་ཡོད་པ་རེད། འགྱུར་བ་ཤུགས་ཆེན་འགྲོ་མུས་ཡིན་ཡང་ཤེས་ཡོན་ལ་གནོད་མ་སྐྱེལ་བའི་ཐོག་ནས་ཡར་རྒྱས་གཏོང་ཕྱོགས་ཐད་གླེང་སློང་གནང་ཡོད་པ་དང་། ད་ལྟའི་བོད་པའི་སློབ་གྲྭ་ནང་དུ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་མང་དག་ཅིག་ཡོད་པ་དེ་དག་ལ་དོ་སྣང་ཤུགས་ཆེན་གནང་དགོས་པ་དང་། འཕྲུལ་ཆས་བེད་སྤྱོད་གཏོང་ཕྱོགས་དང་འབྲེལ་ནས་གོ་བསྡུར་མང་པོ་གནང་སོང་། མ་འོངས་པར་གྲོས་འཆར་དེ་དག་ལག་བསྟར་བྱེད་དེ་བོད་པའི་སློབ་གྲྭ་ཁག་གི་ནང་དུ་སློབ་ཕྲུག་ཉུང་ཉུང་ཡོད་རུང་། ཤེས་ཡོན་གྱི་སྤུས་ཚད་ལ་ཤུགས་སྣོན་རྒྱག་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང།

ཚོགས་ཆེན་དང་འབྲེལ་ནས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་ཁག་ལ་བཅར་འདྲི་བྱེད་བཞིན་པ། ༢༠༢༤།༡།༩ དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།

མ་སུ་རི་སཾ་བྷོ་ཊ་གཏན་སློབ་ཀྱི་ལྟ་གྲུབ་སློབ་དཔོན་དགེ་བཤེས་བྱམས་པ་འཕྲིན་ལས་ལགས་ཀྱིས་འདི་གའི་གསར་འགོད་པར། ད་ལན་གྱི་ཚོགས་འདུའི་སྟེང་བོད་ནང་དུ་བོད་ཕྲུག་གི་ངོ་བོ་བསྒྱུར་གྱི་ཡོད་པའི་སྐོར་ལ་གྲོས་བསྡུར་བྱས་ཡོད་ལ། བོད་ཀྱི་ཆོས་དང་རིག་གཞུང་དེ་དག་དམིགས་བསལ་གྱིས་ཡར་རྒྱས་ཇི་ལྟར་གཏོང་དགོས་པ་དང་འབྲེལ་ནས་གླེང་སློང་གནང་སྟེ། གཙོ་བོ་བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་འགྲོ་སྟངས་ལྟར་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་འགྲོ་བ་ཡིན་ན། དམིགས་བསལ་གྱིས་སློབ་སྦྱོང་གི་སྤུས་ཚད་ཡར་རྒྱས་གཏོང་བར་ཕན་ནུས་ཆེན་པོ་ཡོད་པའི་ཐོག་ལ་གོ་བསྡུར་མང་པོ་བྱས་ཡོད། ཅེས་དང་། ལྟ་གྲུབ་ཀྱི་སློབ་ཁྲིད་གནང་ཕྱོགས་དང་འབྲེལ་ནས་གོ་བསྡུར་དམིགས་བསལ་གནང་མ་སོང་། ཞེས་གསུངས་བྱུང་།

ཚོགས་ཆེན་དང་འབྲེལ་ནས་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་སློབ་སྤྱི་ནོར་བུ་ཚེ་རིང་ལགས་ཀྱིས། བལ་ཡུལ་ནང་དུ་དམིགས་བསལ་དགོས་མཁོ་ཅན་ངོས་འཛིན་རྒྱུའི་ཐད་དཀའ་ངལ་འཕྲད་མུས་ཡིན་པ་དང་ལྟ་སྐྱོང་བྱེད་སྟངས་ཐད་འགྲིག་གི་མེད་པ་སོགས་འཐུས་ཤོར་འགྲོ་ཡི་ཡོད་པ་རེད། དེར་བརྟེན། དེ་རིང་ང་ཚོས་དམིགས་བསལ་དགོས་མཁོ་ཅན་གྱི་ཐོག་ལ་ཆེད་ལས་པ་དགོས་ཀྱི་འདུག་ཟེར་ནས་འབོད་སྐུལ་ཞུས་པ་ཡིན། ཞེས་དང་། གཞི་རྩའི་བལ་ཡུལ་ནང་དུ་བོད་པའི་སློབ་ཕྲུག་ཉུང་དུ་འགྲོ་བཞིན་ཡོད། རྣམ་རྒྱལ་མཐོ་སློབ་ཀྱི་ནང་དུ་དགེ་རྒན་དང་ཉལ་ཁང་མཐུན་རྐྱེན་སོགས་གང་ལ་གང་འཚམ་བསྐྲུན་ཡོད། ད་ལྟའི་ཆར་རྣམ་རྒྱལ་མཐོ་སློབ་ཏུ་སློབ་ཕྲུག་ ༣༧༠ ཡོད་པ་དང་། སློབ་ཕྲུག་ཉུང་དུ་འགྲོ་མེད། ཅེས་གསུངས་བྱུང་།

ཟླ་འདིའི་ཕྱི་ཚེས་ ༧ ནས་ ༩ བར་ཉིན་གྲངས་གསུམ་རིང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཡོད་ཅིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆེས་མཐོའི་ཁྲིམ་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་དང་དྲུང་ཚབ་རྣམ་པ་དང་། སློབ་གྲྭ་ཁག་གི་འགན་འཛིན། མ་སུ་རི་བོད་ཁྱིམ་ནས་སློབ་གྲྭའི་སྐུ་ཚབ་གྲངས་ ༢༤ དང་། དྷ་སྟེང་བོད་ཁྱིམ་ཁྱབ་ཁོངས་ཀྱི་སྐུ་ཚབ་ ༦༠། སཾ་བྷོ་ཊ་ཁྱབ་ཁོངས་ཀྱི་སྐུ་ཚབ་ ༩༡། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་ཀྱི་སྐུ་ཚབ་ ༢༡། གཞན་ཡང་རང་སྐྱོང་སློབ་གྲྭའི་སྐུ་ཚབ་ ༡༠ བཅས་ཚོགས་བཅར་བ་ཁྱོན་ ༢༠༦ ཕེབས་ཡོད་འདུག དེ་རིང་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་ཚོགས་བཅར་བ་ཐུན་མོང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་དུ་འཛིན་པའི་སྲིད་ཇུས་ཡོད་ཚད་བོད་མིའི་མངོན་འདོད་དང་མི་མཚུངས་པ་ཤ་སྟག་ཡིན་པ་མ་ཟད། བོད་ཕྲུག་རྣམས་ལ་མཐོ་རིམ་སློབ་སྦྱོང་དང་ལས་ཞུགས་ཀྱི་གོ་སྐབས་དང་ཐོབ་ཐང་མེད་པ་བཟོ་བ་དང་། སོ་སོའི་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་མི་ཐུབ་པ་བཟོ་བྱེད་པ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་ཉེན་ཚབས་ཅན་གྱི་བྱ་སྤྱོད་ཅིག་ཡིན་པས། ཚོགས་ཆེན་འདི་བརྒྱུད་ནས་རྒྱ་གཞུང་གི་མཁྲེགས་བཟུང་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་སྐོར་སོགས་གསལ་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༢༣ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese