མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ལྷོ་རྒྱུད་དུ་མེ་སྐྱོན་བྱུང་སྟེ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཁ་ལེ་ཧྥོར་ནེ་ཡའི་ལྷོ་རྒྱུད་དུ་མེ་སྐྱོན་བྱུང་སྟེ་ད་བར་དུ་ཉུང་མཐར་ཨ་སྒོར་ཐེར་འབུམ་ ༥༧ ལྷག་གི་གྱོང་གུད་ཐེབས་ནས་ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་རང་བྱུང་གོད་ཆག་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག

Rescue teams evacuating neighborhood from wildfire

ཟླ་འདིའི་ཕྱི་ཚེས་ ༧ ཙམ་ནས་བཟུང་ཨ་རིའི་ཁ་ལེ་ཧྥོར་ནེ་ཡའི་ལྷོ་རྒྱུད་དུ་ཆགས་པའི་གློག་བརྙན་གྱི་ལྟེ་བ་ལོ་སི་ཨེན་ཇི་ལེ་སི་(Los Angeles) མངའ་ཁུལ་གྱི་པེ་ལི་སི་ཌེ་(Palisades) ཁུལ་དུ་ཉུང་མཐར་ས་ཁྱོན་ཨེ་ཀར་ཁྲི་གཉིས་ལྷག་དང་། ཨེ་ཝོན་ཁུལ་དུ་ ༡༤༠༠༠ ལྷག ཀེ་ནཱ་ཐི་(Kenneth) ཁུལ་དུ་ ༩༦༠། ཧར་སི་(Hurst ) ཁུལ་དུ་ ༧༠༠། ལི་དྷེ་ཡ་(Lidia) ཁུལ་དུ་ས་ཁྱོན་ཨེ་ཀར་ ༤༠༠ ལ་འཚིག་སྐྱོན་བྱུང་དང་འབྱུང་མུས་ཡིན་པའི་ཁར།  ད་བར་ཉུང་མཐར་མི་གྲངས་ ༢༠ རྐྱེན་འདས་དང་། ཉུང་མཐར་དུད་ཁྱིམ་ ༡༠༠༠༠ ལྷག་གི་ཁང་པ་དང་རྒྱུ་ནོར་ལ་འཚིག་སྐྱོན་བྱུང་སྟེ། ས་ཁྱོན་ཨེ་ཀར་(acre)  ༢༩༧༩༥ ཙམ་ལ་འཚིག་འདུག་པས། ཁུལ་དེའི་སློབ་གྲྭ་སོགས་སྒོ་བརྒྱབ་ཡོད་པ་དང་། དུས་སྟོན་གལ་ཆེན་ཁག་ཅིག་ཀྱང་མེད་པ་དང་ཕྱིར་འགྱངས་བྱས་ཡོད་འདུག

དེ་བཞིན་ཁུལ་དེར་ཨ་རིའི་དབུས་གཞུང་ནས་མྱུར་སྐྱོབ་ཚད་ལྡན་གནང་གི་མེད་པའི་སྐྱོན་བརྗོད་མང་པོ་བྱེད་བཞིན་ཡོད་སྟབས། དེའི་ཐད་ཨ་རིའི་ལས་ཐོག་སྲིད་འཛིན་སྐུ་ཞབས་བྷའེ་ཌིན་མཆོག་གིས། ངས་ཐད་ཀར་གནོད་འཚེ་ཐེབས་ཡུལ་གྱི་གཞུང་ལ་མི་མང་གི་བདེ་འཇགས་དང་བདེ་སྲུང་གི་སླད་གཞུང་ཕྱོགས་ནས་མཐུན་རྐྱེན་འཕར་མ་ག་རེ་སྦྱོར་དགོས་མིན་འབྲེལ་བ་བྱས་ཡོད། ང་ཚོས་མུ་མཐུད་ནས་གོད་ཆག་འབྱུང་ཡུལ་དུ་རོགས་འདེགས་དང་མཐུན་རྐྱེན་སྦྱོར་སྤྲོད་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད། ཅེས་དང་། ཨ་རིའི་བདེ་སྲུང་ལས་ཁུངས་ནས་མེ་གསོད་མདུན་རྒོལ་བ་ ༥༠༠ ལྷག་ཆེད་གཏོང་གིས་མྱུར་སྐྱོབ་སྔར་ལས་ཚད་མཐོ་རུ་གཏོང་གི་ཡོད་སྐོར་གསུངས་འདུག

ལོ་སི་ཨེན་ཇིལ་སིའི་རྫོང་དཔོན་ཀཱ་རན་(Karen Bass) ལགས་ཀྱིས། ད་ལྟ་མེ་ལྕེ་མཆེད་མུས་ཡིན་པས། ང་ཚོས་ཚེ་སྲོག་དང་། སྡོད་ཁང་། རྒྱུ་ནོར་སོགས་མེས་འཇིགས་པ་ལས་བསྐྱབ་རྒྱུ་ནི་ལས་འགན་གཙོ་བོ་དེ་རེད། ཅེས་བརྗོད་འདུག་ལ།  མེ་གསོད་རུ་མིས་འདས་པའི་ཆུ་ཚོད་ ༤༠ ནས་ ༤༨ བར་ཛ་དྲག་མྱུར་སྐྱོབ་བྱས་ཏེ་མཁའ་དབུགས་འབག་བཙོག་གིས་དཀའ་ངལ་འཕྲད་བཞིན་ཡོད་འདུག དེ་རིང་ཨ་རིའི་རྒྱལ་ཡོངས་གནམ་གཤིས་སྔོན་བརྡ་ཁང་གིས། ལོ་སི་ཨེན་ཇི་ལེ་སི་ཁུལ་གྱི་གནམ་གཤིས་ཚ་ཤུགས་ཆེ་བས་མེ་སྐྱོན་འབྱུང་བའི་ཉེན་བརྡ་དམར་པོ་བཏང་འདུག

A home burns in the Pacific Palisades neighbourhood of Los Angeles on Tuesday. (Ethan Swope/The Associated Press)

ལོ་སི་ཨེན་ཇི་ལེ་སིར་མེ་སྐྱོན་ཆེན་པོ་ཐེབས་བཞིན་པའི་སྐབས་འདིར་འཛམ་གླིང་གློག་བརྙན་དང་ཨ་རིའི་རིག་གཞུང་གི་མཚོན་རྟགས་ལྟ་བུར་གྱུར་བའི་(Hollywood Sign)ཡོད་སའི་རི་རྒྱུད་དུའང་མེ་སྐྱོན་འབྱུང་གི་ཡོད་པ་དང་། བརྒྱུད་ལམ་ཁག་ཅིག་ཏུ་ཧོ་ལི་ཝུའུ་ཌིའི་མཚོན་རྟགས་གྲགས་ཅན་དེར་གནོད་སྐྱོན་ཐེབས་ཡོད་པའི་པར་རིས་བཀྲམ་ཡོད་ཀྱང་། རོའུ་ཊིར་གསར་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་པར་རིས་དེ་དག་རྫུན་བཟོ་བྱས་པ་ཡིན་ལུགས་བརྗོད་འདུག་ལ། ཁ་སང་ཧོ་ལི་ཝུའུ་ཌིའི་མཚོན་རྟགས་ཐེབས་རྩའི་ཚོགས་གཙོ་ཇེ་ཧྥི་ཛ་རེན་ནམ་(Jeff Zarrinnam)ལགས་ཀྱིས། མཚོན་རྟགས་གྲགས་ཅན་དེར་གནོད་སྐྱོན་བྱུང་མེད་ལ། གནས་སྐབས་བདེ་འཇགས་ཀྱི་ས་ཁོངས་སུ་ཡོད་སྐོར་བརྗོད་འདུག

མེ་སྐྱོན་གྱི་དུ་ཞགས་ཀྱིས་ཁེ་ལི་ཧྥོར་ནི་ཡའི་ལྷོ་ཕྱོགས་ཀྱི་མཁའ་རླུང་འབག་བཙོག་ཏུ་གྱུར་ནས།  མི་གྲངས་ས་ཡ་ ༡༧ ལྷག་ལ་མཁའ་དབུགས་ཀྱི་དཀའ་ངལ་འཕྲད་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག་ལ། ལོ་སི་ཨན་རྗི་ལེ་སི་རྫོང་གི་མེ་གསོད་ལས་ཁུངས་ཀྱི་སྨན་པའི་འགན་འཛིན་གཞོན་པ་སྨན་པ་པུ་ནི་ཏི་གྷུཔ་ཏ་(Puneet Gupta) ཡིས། མེ་སྐྱོན་ལས་བྱུང་བའི་དུ་བས་སྙིང་རྩ་འགག་པའི་ནད་དང་དབུགས་བསགས་ཀྱི་ནད་ལྟ་བུའི་དབུགས་འབྱིན་རྔུབ་ཀྱི་ན་ཚ་ཇེ་སྡུག་ཏུ་གཏོང་ཉེན་ཡོད་སྐོར་བརྗོད་འདུག་ལ། ཤར་ཕྱོགས་ས་ཁུལ་ཁ་ཤས་ཀྱི་མཁའ་དབུགས་ཀྱི་སྤུས་ཚད་ཉམས་ཏེ་འཕྲོད་བསྟེན་ལ་གནོད་འཚེ་ཡོང་གི་ཡོད་པས་ཡིད་གཟབ་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

སྤྱིར་བཏང་ཁ་ལེ་ཧྥོར་ནེ་ཡ་མངའ་སྡེ་ཁྱོན་ཡོངས་ཀྱི་ནམ་དུས་བཞི་ཡི་འགྱུར་བ་དེ་ཙམ་མི་གསལ་ལ། ཚ་དྲོད་ཆེ་བའི་ནམ་དུས་རྒྱུན་རིང་བ་རེད། འཛམ་གླིང་ཐོག་ཚ་དྲོད་ཆེ་ཤོས་ཀྱི་ཟིན་ཐོ་བསྐྲུན་མཁན་གཤིན་ལུང་(Death Valley)ཞེས་པ་དེའང་ཁ་ལེ་ཧྥོར་ནེ་ཡའི་ཤར་རྒྱུད་(Greenland Ranch)ཞེས་པ་དེར་ཡོད་ཅིང་། བྱེ་མའི་ལུང་གཤོང་དེ་ས་བབ་དམའ་ཞིང་ཆུ་དཀོན་པ། བྱེ་ཐང་གིས་ས་ཁྱོན་ཆེན་པོ་བཟུང་ཡོད་འདུག་ལ།  ཕྱི་ལོ་ ༡༩༡༣ ཟླ་ ༧ ཚེས་ ༡༠ ཉིན་ཚ་ཚད་ ༥༦.༧°C ལས་བརྒལ་བར་བརྟེན། འཛམ་གླིང་ལོ་རྒྱུས་ཐོག་ཚ་ཚད་མཐོ་ཤོས་ཀྱི་ཟིན་ཐོ་བསྐྲུན་པར་གྲགས།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༦ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༦ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese