མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྫ་དཔལ་སྤྲུལ་གྱི་རྣམ་ཐར་རྒྱས་ཤོས་《ཀུན་སྤངས་ཀུན་ཏུ་རྒྱུ་》ཞེས་པའི་འགྱུར་དེབ་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༥ ཉིན་ཝར་ཎཱ་རྒྱལ་སྤྱིའི་སྔ་འགྱུར་རྙིང་མའི་ལྟེ་གནས་སུ་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་ཐོག་མ་ཐུ་རི་ཁར་ཌི་ལགས་ཀྱིས་དབྱིན་སྐད་དུ་བརྩམས་པའི་རྫ་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་རྒྱས་ཤོས་དེ་ཉིད་བོད་འགྱུར་འགྲེམ་སྤེལ་གྱི་མཛད་སྒོ་འཚོགས་ཡོད་པ་རེད།

ཝར་ཎཱ་རྒྱལ་སྤྱིའི་སྔ་འགྱུར་རྙིང་མའི་ལྟེ་གནས་སུ་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་ཐོག་མ་ཐུ་རི་ཁར་ཌི་མཆོག་གིས་དབྱིན་སྐད་དུ་བརྩམས་པའི་རྫ་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་རྒྱས་ཤོས་དེ་ཉིད་བོད་འགྱུར་འགྲེམ་སྤེལ་གྱི་མཛད་སྒོ་ཟབ་རྒྱས་ཤིག་འཚོགས།

མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཧྥ་རན་སིར་སྐྱེས་ཤིང་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཞལ་སློབ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གསུང་བསྒྱུར་བ་དགེ་སློང་དཀོན་མཆོག་བསྟན་འཛིན་ནམ་མ་ཐུ་རི་ཁར་ཌི་ཞེས་པ་ཁོང་གིས། དཔལ་སྤྲུལ་གྱི་རྣམ་ཐར་ཡིག་ཐོག་ཏུ་ཡོད་པ་དག་ལ་གཞི་བྱས་ནས་མི་ལོ་སུམ་ཅུར་ཉེ་བའི་རིང་བོད་གཞི་བྱེས་ཀྱི་མཁས་པ་དང་རྒན་རབས་པ་མང་པོར་བཅར་འདྲི་ཞུས་པའི་ཉིང་བཅུད། རྫ་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་རྒྱས་ཤོས་ཀུན་སྤངས་ཀུན་ཏུ་རྒྱུ་ཞེས་པ་དབྱིན་ཡིག་ཏུ་ཡོད་པ་དེ་ཉིད། ཨོ་གླིང་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱིས་འགན་ཁུར་གལ་ཆེའི་ལས་གཞིའི་རྣམ་གྲངས་ཀྱི་ངོ་བོར་ལོ་ཙཱ་བ་ཆུང་ཚེ་རིང་ལགས་ཆེད་དུ་གདན་ཞུས་ཀྱིས་བོད་བསྒྱུར་གནང་བ་དང་། ནོར་བཟང་དཔེ་ཁང་གི་ངོས་ནས་རྒྱ་བལ་འབྲུག་གསུམ་དུ་དངོས་སུ་འགྲེམ་སྤེལ་མགོ་འཛུགས་ཞུ་བཞིན་ཡོད་འདུག །

དེ་ཡང་མཛད་སྒོའི་ཐོག་མར་མཁན་པོ་རྫ་ཚེ་རིང་བཀྲིས་ལགས་ཀྱིས་སྐུ་མགྲོན་ངོ་སྤྲོད་དང་འཚམས་འདྲི་དང་འབྲེལ། དགེ་སློང་དཀོན་མཆོག་བསྟན་འཛིན་ཉིད་ཕྱི་རྒྱལ་བ་ཞིག་གི་ངོས་ནས་འདི་ལྟར་ཐུགས་སྣང་ཆེན་པོས་༧རྫ་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་དབྱིན་ཡིག་ཏུ་བརྩམས་གནང་བ་དང་། ཁོང་གིས་བོད་ཡིག་ཏུ་བསྒྱུར་ནས་བོད་ཀྱི་ཀློག་པ་པོ་དག་གིས་གཟིགས་ཐུབ་པ་ཞིག་ཡོང་རྒྱུར་ཐུགས་རེ་གནང་བ་བཞིན་བོད་ཡིག་ཏུ་བསྒྱུར་བའི་ལས་གཞི་འདི་བརྩམས་པ་ཡིན་ཚུལ་དང་། དཔལ་སྤྲུལ་རིན་པོ་ཆེ་ནི་འཇིག་རྟེན་གྱི་བཤད་སྟངས་བྱས་ན་དགེ་རྒན་ཆེས་བཟང་པོ་ཞིག་ཡིན་པ་དང་། ཁོང་ནི་སྤྱིར་བཏང་ཕལ་པས་ཀྱང་གོ་ཐུབ་པའི་སྙན་ངག་རྩོམ་མཁན་དང་། ཀུན་བཟང་བླ་མའི་ཞལ་ལུང་ལྟ་བུ་ད་ལྟའང་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་མཁན་ཚང་མའི་གཅེས་ནོར་ལྟ་བུར་གྱུར་ཡོད་པ་སོགས་ཀྱིས་ད་ཐེངས་དར་ཐང་སྲས་མོ་ཚེ་རིང་དགེ་ལེགས་ལགས་ཀྱིས་གཙོ་འགན་བཞེས་ཤིང་། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་དབུ་བཞུགས་གནང་ནས་འགྲོ་བཞིན་པའི་ཝར་ཎཱ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་ལྟེ་གནས་ཀྱི་དུས་རབས་ཉེར་གཅིག་པའི་ནང་ཆོས་འཆད་ཁྲིད་གནང་མཁན་གྱི་དགེ་བའི་བཤེས་གཉེན་རྣམ་པའི་འཆད་ཁྲིད་ཀྱི་ཟབ་སྦྱོང་འདི་དང་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་པ་བཅས་ཀྱི་སྐོར་གསལ་བཤད་ཞུས་རྗེས། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་དབུས་པའི་བཀྲ་ཤིས་པའི་ཚིགས་སུ་བཅད་པའི་ཤིས་བརྗོད་དང་བཅས་དཔེ་དེབ་དབུ་འབྱེད་ཀྱི་རྟེན་འབྲེལ་གྲུབ་པ་དང་། འཕགས་ཡུལ་ལྷོ་གནས་རྫ་ཆུ་ཁའི་ཚོགས་པའི་དྲུང་ཆེ་ཐུབ་བསྟན་རབ་བརྟན་ལགས་དང་། ཝར་ཎཱ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་ལྟེ་གནས་ཀྱི་ངེས་སྟོན་པ་དར་ཐང་སྲས་མོ་ཚེ་རིང་དགེ་ལེགས་གཉིས་ཀྱིས་གསུང་བཤད་གནང་བ་དང་། ལོ་ཙཱ་བ་ཆུང་ཚེ་རིང་གིས། ཁོང་གིས་གསུང་འདི་བོད་བསྒྱུར་གྱི་གོ་སྐབས་བྱུང་བ་ནི་ཁོང་གི་མི་ཚེའི་ནང་གི་བོད་འགྱུར་གྱི་ལས་དོན་རྩ་ཆེ་ཤོས་ཤིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། བསྒྱུར་གྱི་གོ་རིམ་ཁྲོད་དུའང་སེམས་པ་སྤྲོ་སྣང་གིས་ཁེངས་པ་སོགས་བྱུང་བ། དེ་བཞིན་ཀློག་པ་པོའི་གནས་སྟངས་ལ་བསམ་གཞིག་གིས་སྒྲ་བསྒྱུར་དང་དོན་འགྱུར་གྱི་ཕྱོགས་ལ་ཆ་མཉམ་གྱི་དགོངས་པ་བཞེས་ཕྱོགས། ཞུ་དག་བཅས་ཀྱི་ཐད་གསུང་བཤད་གནང་།

དེ་ནས་ཝར་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་དབང་ཕྱུག་རྡོ་རྗེ་ལགས་ཀྱིས་ད་ལྟ་མིས་བཟོས་རིག་ནུས་ཀྱི་དུས་རབས་འདིར་ང་ཚོས་དཔལ་སྤྲུལ་རིན་པོ་ཆེའི་མཛད་པ་དང་རྣམ་ཐར་གྱི་ཆ་ཤས་གལ་ཆེན་ཞིག་ནི་སྤྱོད་འཇུག་དང་འབྲེལ་ཡོད་པ་དང་། སྤྱོད་འཇུག་གི་ཉམས་ལེན་ལ་བསྟེན་ནས་བྱམས་སྙིང་རྗེ་དང་བཟང་སྤྱོད་ལྡན་པའི་གང་ཟག་ཅིག་ཏུ་འགྱུར་དགོས་པ། ཐེག་པ་གསུམ་གྱི་རྣམ་ཐར་གྱི་གོ་དོན་དང་འབྲེལ་ནས་རྣམ་ཐར་ལ་ལྟ་སྟངས་གང་འདྲ་འཛིན་དགོས་པ་བཅས་ཀྱི་ཐད་ལ་བཀའ་སློབ་གནང་མཐར། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་དང་གསུང་གི་ཆེ་བ། ལོ་ཙཱ་བའི་སྒྱུར་རྩལ་ལ་གདེངས་འཇོག་སོགས་ཀྱི་བཀའ་སློབ་གནད་དུ་ཁེལ་བ་གསུངས་པར་མ་ཟད། རིན་པོ་ཆེ་ཉིད་ཀྱི་ཉམས་ལེན་ཡོད་ཚད་མཁས་པ་ཤྲཱི་རྒྱལ་པོའི་ཁྱད་ཆོས་སོགས་དཔལ་སྤྲུལ་གྱི་གསུང་དག་ཡིན་ཚུལ་སོགས་ཀྱི་ཐད་བཀའ་སློབ་གནང་།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 2

  1. ཚེ་དཔག་རིག་འཛིན། says:
    ལོ་ 1 སྔོན།

    མཁྱེན་ལྡན་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལྷན་རྒྱས་ལགས་སུ། བཀྲ་ཤིས་བདེ་ལེགས། ངོས་ནས་ཁ་སང་རང་དེབ་གསར་ཀུན་སྤངས་ཀུན་ཏུ་རྒྱུའི་སྐོར་མཆན་ཐུང་ཞིག་བསྐུར་ཡོད་པ་དེ་ཕྱིར་བསྒྲགས་སྐྱབས་འཇུག་གནང་སྐྱོང་ཡོང་བར་ཞུ། བཀྲིན་ཆེ།།

    Reply
  2. ཚེ་དཔག་རིག་འཛིན། says:
    ལོ་ 1 སྔོན།

    འོ་ཧ་ཅང་གི་གཏམ་བཟང་བའི་མཛད་ཆེན་ཞིག་གནང་འདུག རྫ་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་འདི་ཡིན་ན། བསྡུ་སྒྲིག་གནང་སྟངས་དང་རྒྱུ་ཆ་ཡི་ཆ་ནས་སྐྱེས་བུ་དམ་ཁོང་ལྟ་བུའི་རྣམ་ཐར་ངོ་མ་གསོན་ཉམས་དོད་ལ་མ་བཅོས་རང་བབས་ལྷུག་སྤྱོད་ཀྱི་མཛད་པ་གསལ་གསལ་ཐང་ཐང་ཇི་མ་ཇི་བཞིན་ངོ་མཚར་ཅན་མང་པོ་གང་ནས་ཀྱང་ད་བར་ཐོས་མ་མྱོང་བ་དང་མཐོང་མྱོང་བའི་རྣམ་གྲངས་ལོ་རྒྱུས་ཧ་ཅང་མང་པོ་ཞིག་མཇལ་རྒྱུ་འདུག་ལགས། རྣམ་ཐར་འདི་ལྟུ་བུ་ཞིག་གི་ཕྱོགས་བསྒྲིགས་ནི། རང་རེའི་དཔེ་ཚོགས་ནང་ད་བར་བྱུང་མ་མྱོང་བ་ཞིག་རེད་ལབ་ནའང་ལོས་ཆོག་པ་ཡིན། ངོས་ནས་སྔ་ས་ནས་དབྱིན་ཡིག་མ་དཔེ་ ENLIGHTENED VAGABOND ཆ་ཚང་མཇལ་ཚར་བ་ཡིན། དད་པ་རྣམ་གསུམ་དབང་མེད་དུ་འཁྲུངས་རྒྱུ་ཡིན་པ་ཐེ་མི་ཚོམ་རྒྱུ་རེད་འདུག་གོ འདི་ཡི་བོད་བསྒྱུར་ཞིག་བྱུང་ན་སྙམ་ནས་བསྡད་ཡོད། བོད་རིགས་དད་མོས་པ་དང་མཐོང་ཐོབ་པ་ཚང་མས་ངེས་པར་དུ་མཇལ་རོགས། རྩོམ་པ་པོ་དགེ་སློང་མེ་ཐེའུ་ལགས་དང་། ལོ་ཙྭ་བ་ཆུང་ཆེ་རིང་ལགས། མཁན་པོ་རྫ་ཆེ་རིང་ལགས་སོགས་འབྲེལ་ཡོད་ཚང་མར་ནམ་ཡང་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་བར་འདོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese