མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཚང་མས་བོད་དོན་འཐབ་རྩོད་ཀྱི་ཐོག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་གལ་ཆེན་ཡིན།

བོད་ཀྱི་དུས་བབ།
༢༠༢༥/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་ངོ་བོ་སྲུང་སྐྱོབ་དང་། ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

Sikyong Penpa Tsering and Chief Minister of Arunachal, Shri Pema Khandu ji, attended the inaugural of a day-long seminar on “Environment and Security” at the Dorjee Khandu Auditorium Hall at Legislative Assembly, Itanagar, Arunachal Pradesh.

ཟླ་འདིའི་ཕྱི་ཚེས་ ༡༩ ནས་ཕྱི་ཟླ་ ༢ ཚེས་ ༥ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། བྱང་ཤར་ཁུལ་གྱི་ས་གནས་དྷི་མ་སྤུར། ཨི་ཊ་ན་གྷར། ཀྲུ་ཀྲིང་། མེའོ། ཏི་ཛུ། རྡོར་གླིང་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་མུས་ཡིན་པ་ལྟར། དེ་རིང་ཕྱི་ཚེས་ ༢༤ ཉིན་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཁོར་ཡུག་དང་བདེ་འཇགས་ (Environment and Security) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་འཚོགས་བཞིན་པའི་སྟེང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག དེ་བཞིན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཏ་པིར་གྷའོ་ (Tapir Gao) ལགས་དང་། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ (R. K. Krimey) ལགས། ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ (Tarh Tarak) ལགས་སོགས་ཕེབས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དྷི་མ་སྤུར་གནམ་ཐང་དུ་ཕེབས་འབྱོར་བྱུང་རྗེས་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ། རྒྱལ་སྤྱིའི་སྟེང་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་དང་དཀའ་ངལ། དེ་བཞིན་བོད་མིའི་གཞིས་ཆགས་དང་ཚོགས་སྡེ་ཁག་གི་གནས་བབ་འགྱུར་བཞིན་པའི་ཁྲོད་བོད་མིའི་གཞིས་ཆགས་དང་སྒྲིག་འཛུགས་ཁག་རྒྱུན་གནས་ཐུབ་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་དང་། བཙན་བྱོལ་བོད་མིའི་འོས་འདེམས་བྱས་པའི་སྐུ་ཚབ་ཅིག་ཡིན་པའི་ཆ་ནས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་ཁ་འཐོར་ས་གནས་ཁག་ཏུ་ཡང་ཡང་ཕྱོགས་སྐྱོད་བྱས་ཏེ་མང་ཚོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་དང་གཟིགས་ཞིབ་བྱས་པ་བརྒྱུད་བོད་མིའི་སྒྲིག་འཛུགས་དང་བོད་མི་བར་གྱི་འབྲེལ་ལམ་རྒྱུན་འཁྱོངས་དང་། བོད་དོན་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་གནས་སྡོད་བོད་མི་མང་དག་ཅིག་གིས་སོ་སོའི་མ་འོངས་པའི་མདུན་ལམ་ཆེད་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཞིས་སྤོས་ཀྱི་གནས་སྟངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། བཙན་བྱོལ་བོད་མིའི་མི་འབོར་གྱི་གནས་སྟངས་ལ་དབྱེ་ཞིབ་བྱས་པ་བརྒྱུད་འཛམ་གླིང་གང་སར་གནས་པའི་བོད་མིའི་སྤྱི་ཚོགས་ཀྱི་ངོ་བོ་དང་། རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་བྱེད་རྒྱུའི་ཐབས་ལམ་གསར་པ་དགོས་གལ་ཆེན་པོ་ཡིན་པ་མ་ཟད། བོད་མི་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་གལ་ཆེན་པོ་ཡིན་པ་མ་ཟད། བོད་ཙམ་མིན་པར་བོད་ཀྱི་ཆོས་དང་རིག་གཞུང་གིས་ཧི་མ་ལ་ཡའི་རི་རྒྱུད་དང་། རྒྱལ་སྤྱིའི་ནང་པའི་སྤྱི་ཚོགས་ཁྲོད་དུ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་ནན་བརྗོད་གནང་ཡོད་འདུག

ཡང་ཁོང་གིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། བོད་མི་རྣམས་ཀྱིས་སོ་སོའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་དང་། བོད་ཀྱི་སྐད་ཡིག་དང་། ལོ་རྒྱུས་སོགས་ཀྱི་གོ་རྟོགས་དགོས་གལ་ཆེན་པོ་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་ཚོར་རྒྱ་སྒྱུར་སློབ་གསོ་སྤྲོད་པ་སོགས་བོད་ནང་གི་བོད་མི་རྣམས་ལ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པའི་ཛ་དྲག་གི་གནས་སྟངས་སྐོར་འགྲེལ་བརྗོད་གནང་བའི་ཁར། ད་ལྟའི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་གནས་སྟངས་དང་། ཉེ་ལམ་ཨ་རིའི་སྲིད་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་ཁྲིམས་འཆར་གྱི་གལ་གནད་སོགས་ངོ་སྤྲོད་གནང་ཞིང་། དམིགས་བསལ་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་གཏོང་བར་སྒྲིག་འཛུགས་ཚགས་ཚུད་དགོས་པ་དང་། ལས་བྱེད་རྣམས་ཀྱི་ནུས་པ་གོང་སྤེལ་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར། དེ་བཞིན་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་དང་། ཁྱིམ་ཐོ་ཞིབ་བཤེར། སྲི་ཞུའི་ལས་བྱེད་རྣམས་ཀྱི་ནུས་པ་སྐྱེད་སྲིང་གི་ལས་གཞི་སོགས་བཀའ་ཤག་གི་ལས་འཆར་ཁག་གི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་འདུག


Sikyong Penpa Tsering addressing the Dimapur Tibetan community during the second leg of his official visit to the region.

དབུ་མའི་ལམ་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་གཙོ་བོ་ནི་དབུ་མའི་ལམ་ཡིན་ཞིང་། བོད་མི་རྣམས་ཀྱིས་འཛམ་གླིང་གི་ཆབ་སྲིད་འགྱུར་ལྡོག་ལ་དོ་སྣང་བྱ་རྒྱུ་དང་། བོད་མི་རྣམས་ཀྱི་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་མཐུན་ཡང་། བོད་དོན་འཐབ་རྩོད་དང་། དྲང་བདེན། རང་དབང་སོགས་ཀྱི་ཆེད་དུ་རྡོག་རྩ་གཅིག་སྒྲིལ་དགོས་གལ་ཆེ་བ་དང་། དྷི་མ་སྤུར་བོད་མིའི་གཞིས་ཆགས་སུ་གནས་སྡོད་བོད་མི་རྣམས་ཀྱིས་རང་ཁ་རང་གསོའི་ཐོག་ནས་གནས་ཐུབ་པར་བསྔགས་བརྗོད་ཡོད། ཅེས་སོགས་གསུངས་འདུག

ཟླ་འདིིའི་ཕྱི་ཚེས་ ༢༡ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་བོད་ཁྱིམ་སྡོད་ཁང་ (Tibetan Youth Hostel) དུ་འཚམས་གཟིགས་སུ་ཕེབས་ཏེ། བོད་པའི་གཞོན་སྐྱེས་རྣམས་ལ་ཐུག་འཕྲད་ཀྱིས་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese