མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་དམངས་གཙོའི་ཉིན་མོ་ཐེངས་ ༧༦ པ་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་ཅན་སྐྱིད་གཤོངས་ཀྱི་སྲི་བཟློག་མཆོད་རྟེན་གྱི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ལྷན་འཛོམས་ཐོག་རྒྱ་གར་གྱི་དམངས་གཙོའི་དུས་དྲན་ ༧༦ པ་གཞུང་འབྲེལ་སྲུང་གཙི་གནང་སོང་།

བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་དམངས་གཙོའི་ཉིན་མོ་དབུ་བརྙེས་པའི་དུས་དྲན་ ༧༦ པ་སྲུང་གཙི་གནང་། པར་བོད་ཀྱི་དུས་བབ།

ལོ་ལྟར་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་ནི་རྒྱ་གར་དམངས་གཙོ་ཉིན་མོར་སྲུང་གཙི་བྱེད་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ །༣༠ སྟེང་གངས་སྐྱིད་སྲི་བཟློག་མཆོད་རྟེན་གྱི་མདུན་ཐང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གི་དབུས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་དང་དྲུང་འཕར་རྣམ་པ། བཀའ་དྲུང་ཡིག་ཚང་གི་སྲི་ཞུ་ལས་བྱེད་བཅས་ལྷན་འཛོམས་ཀྱིས། རྒྱ་གར་གྱི་རྒྱལ་གླུ་གྱེར་འདོན་དང་སྲིད་ཚབ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ། རྒྱ་གར་གྱི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ ༧༦ འཁོར་བའི་དུས་དྲན་ཉིན་མོ་སྲུང་གཙི་གནང་སོང་།

སྐབས་དེར་སྲིད་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གིས། དེ་རིང་རྒྱ་གར་གྱི་དམངས་གཙོའི་དུས་དྲན་སྐབས་ ༧༦ སྲུང་གཙིའི་ཉིན་མོ་འདིར། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལན་གྱི་དམངས་གཙོའི་དུས་དྲན་དང་འབྲེལ། རྒྱ་གར་གྱི་རིག་གཞུང་ཕྱུག་པོ་ཡིན་པ་མ་ཟད། རྒྱ་གར་ནི་འཛམ་གླིང་ནང་དཔལ་འབྱོར་གྱི་ཐོག་ནས་ཡར་རྒྱས་ཆེ་ཤོས་ཀྱི་གྲས་སུ་ཚུད་ཀྱི་ཡོད་པ་བསྟན་རྒྱུ་རེད་འདུག ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ ཉིན་ནས་བཟུང་རྒྱ་གར་དམངས་གཙོའི་ཉིན་མོ་སྲུང་གཙི་མགོ་ཚུགས་པ་རེད། རྒྱ་གར་གཞུང་མང་གཉིས་ནི་བཙན་བྱོལ་བོད་མི་རྣམས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་ལ། བཀའ་དྲིན་ཆེན་པོ་ཡིན་པ་བོད་མིའི་སེམས་སུ་ཚོར་བ་ཤུགས་ཆེན་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་རྟག་ཏུ་རྒྱ་གར་ནི་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་པའི་བཀའ་སློབ་སྩལ་གྱི་ཡོད་པ་རེད། ཅེས་གསུངས་བྱུང་།

བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གིས། རྒྱ་གར་གྱི་བཅའ་ཁྲིམས་ནང་བལྟས་པ་ཡིན་ན། དེའི་ནང་དུ་སྡེ་ཚན་བཞི་ཡོད་པའི་ཁྲོད། གཅིག ཁྲིམས་ཀྱི་ཐོག་ནས་ཆོ་ག་ཆོས་ལུགས་དང་ཕོ་མོ། རིགས་སོགས་ཀྱི་ཁྱད་པར་མེད་པར་ཚང་མ་གཅིག་མཚུངས་ཡིན་པ་དང་། གཉིས་པ། རང་དབང་། གསུམ་པ། ཚང་མ་གཅིག་པ་ཡིན་པ། བཞི་པ། མཛའ་མཐུན་བཅས་རེད། རྒྱ་གར་ནང་སྐད་ཡིག་དང་། ལུགས་སྲོལ། རིག་གཞུང་སོགས་མི་འདྲ་བ་ཡོད་རུང་། རྒྱ་གར་ནང་དམངས་གཙོའི་ལམ་ལུགས་དེ་ལོ་ངོ་མང་པོའི་རིང་གནས་ཐུབ་པ་ནི་གཟི་བརྗིད་རེད་བསམ་གྱི་འདུག ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གིས་དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་ཀྱིན་ཡོད་ཀྱང་། བར་སྐབས་སུ་དཀའ་ངལ་འཕྲད་དེ་ཁ་འཐོར་བ་དང་བསྐྱར་གསོ་བྱས་པ་སོགས་མང་པོ་བྱུང་འདུག འོན་ཀྱང་། རྒྱ་གར་གྱིས་འོས་ཐོབ་རྗེས་གཅིག་གིས་གཅིག་ལ་བརྩི་བཀུར་ཞུས་པ་དེར་བོད་མི་རྣམས་ཀྱིས་དཔེ་བལྟ་དགོས་ཀྱི་རེད་བསམ་གྱི་འདུག ཅེས་གསུངས་བྱུང་།

ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་ལ་རང་བཙན་ཐོབ་སྟེ། ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༡ ཚེས་ ༢༦ ཉིན་དམངས་གཙོའི་ལམ་ལུགས་ཀྱི་རྩ་ཁྲིམས་གཏན་འབེབ་དང་། ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡ ཚེས་ ༢༦ ཉིན་དངོས་སུ་ལག་བསྟར་བྱས་པ་ནས་བཟུང་། ལོ་ལྟར་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་གྱིས་གཞུང་འབྲེལ་ཐོག་དམངས་གཙོ་དབུ་བརྙེས་པའི་ཉིན་མོར་སྲུང་གཙི་གནང་གི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese