མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རོགས་ཚོགས་རྩ་མེད་དུ་གཏོང་འདོད་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༢༥/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཊོམ་ཕུའི་འཛིན་སྐྱོང་གཙོ་བྱས་པའི་ཕྱུག་བདག་ཆེན་མོ་ཨེ་ལོན་མ་སེཀ་(Elon Musk) སོགས་ཀྱིས་ཨ་རིའི་རོགས་ཚོགས་སྒོ་རྒྱག་འདོད་ཡོད་པ་བཞིན། ད་ལྟ་ཨ་རིའི་རོགས་ཚོགས་ཀྱི་དབུས་ལས་ཁུངས་སྒོ་བརྒྱབ་སྟེ་ཉིན་གཉིས་པ་ཡིན་འདུག

People hold placards outside the USAID building, after billionaire Elon Musk, who is heading U.S. President Donald Trump’s drive to shrink the federal government, said work is underway to shut down the U.S. foreign aid agency USAID, in Washington, U.S., February 3, 2025. REUTERS/Kent Nishimura

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་སྲིད་འཛིན་ཊོམ་ཕུས་ཨ་རིའི་གྲོས་ཚོགས་ཀྱི་བཀའ་འཁྲོལ་མེད་པར་ཨ་རིའི་རོགས་ཚོགས་སྒོ་བརྒྱབ་ཡོད་ཅིང་། དེ་ནི་ཨ་རིའི་སྲིད་འཛིན་ཞིག་གིས་གྲོས་ཚོགས་ཀྱི་བཀའ་འཁྲོལ་མེད་པར་ལག་བསྟར་བྱས་པའི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱེད་བཞིན་འདུག

རོའུ་ཊར་གསར་ཁང་གི་གནས་ཚུལ་ལྟར་ན། ད་ལྟ་ཊོམ་ཕུ་འཛིན་སྐྱོང་གིས། ཨ་རིའི་རོགས་ཚོགས་ཀྱི་དབུས་ལས་ཁུངས་ཀྱི་སྒོ་བརྒྱབ་སྟེ་ཉིན་གཉིས་པ་ཆགས་ཡོད་སྟབས།  རོགས་ཚོགས་ཀྱི་ལས་བྱེད་རྣམས་ནས་ལས་དོན་མུ་མཐུད་གཉེར་ཐུབ་ཀྱི་མེད་པ་རེད་ལ། ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། ཨ་རིའི་རོགས་ཚོགས་ཀྱི་ལས་བྱེད། དེ་བཞིན། ཨ་རིའི་རོགས་ཚོགས་དང་མཉམ་འབྲེལ་བྱེད་མཁན་སོགས་ཀྱིས་ཨ་རིའི་རོགས་ཚོགས་ཀྱི་ལས་ཁུངས་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་འདུག

དེ་རིང་ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས་གསལ་བསྒྲགས་བཏང་བར་གཞིགས་ན། ཨ་རིའི་སྲིད་འཛིན་ཊོམ་ཕུའི་འཛིན་སྐྱོང་གིས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མར་ཁོ་རོའུ་བྷི་ཡོ་ལགས་ཨ་རིའི་རོགས་ཚོགས་ཀྱི་བར་བརྒལ་འཛིན་སྐྱོང་འགན་འཛིན་དུ་བསྐོ་གཞག་བྱས་ཏེ། ཨ་རིའི་རོགས་ཚོགས་ཀྱི་ཕྱིའི་རོགས་སྐྱོར་ལས་དོན་ཁག་ལ་བསྐྱར་ཞིབ་ཀྱིས་རོགས་དངུལ་འབོར་ཆེན་ཞིག་ཁ་བསྒྱུར་བྱེད་རྩིས་ཡོད་པས། ཨ་རིས་ཡུན་རིང་འཕྲལ་ཕུགས་རྒྱང་གསུམ་ལ་དམིགས་པའི་ཨ་རིའི་རོགས་ཚོགས་ཀྱི་ཐོག་མའི་དམིགས་ཡུལ་བཞིན་ལས་དོན་མུ་མཐུད་གཉེར་ཐུབ་ཀྱི་མེད་ཁར། ཨ་རི་དང་པོ་ཞེས་པའི་སྲིད་ཇུས་གཞིར་བཞག་ཐོག ཨ་རིའི་མི་མང་གི་མངོན་འདོད་སྲུང་སྐྱོབ་དང་མི་མང་གི་དཔྱ་ཁྲལ་དངུལ་སྒོར་གཅིག་ཀྱང་ཆུ་ཟད་དུ་གཏོང་རྒྱུ་མིན་སྐོར་བསྒྲགས་འདུག

ད་ལྟ་སྐར་མ་འགའི་གོང་དུ་ཨེབ་ (AP) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཊོམ་ཕུ་དང་ཨེ་ལོན་མ་སེཀ་གཉིས་ནས་ཨ་རིའི་རོགས་ཚོགས་རྩ་མེད་དུ་གཏོང་འདོད་ཡོད་ཅིང་། ཁ་སང་ཕྱི་ཚེས་ ༣ ནས་འདས་པའི་ལོ་ངོ་དྲུག་ཅུའི་རིང་རང་དབང་ཅན་གྱི་སྡེ་ཚན་ཡིན་པའི་ཨ་རིའི་རོགས་ཚོགས་ཀྱི་དབང་ཆ་ཡོངས་རྫོགས་ལ་ཊོམ་ཕུ་གཞུང་གིས་བདག་བཟུང་བྱས་ཡོད་པ་མ་ཟད། དམངས་གཙོའི་ཚོགས་པའི་གྲོས་ཚོགས་འཐུས་མི་སོགས་ཨ་རིའི་རོགས་ཚོགས་ཀྱི་ལས་ཁུངས་སུ་འགྲོ་བར་བཀག་སྡོམ་བྱེད་བཞིན་ཡོད་འདུག་ལ། ཨ་རིའི་ཕྱི་སྲིད་བློན་ཆེན་དང་རོགས་ཚོགས་ཀྱི་བར་བརྒལ་འགན་འཛིན་མར་ཁོ་རོའུ་བྷི་ཡོ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་སུ་ཨ་རིའི་རོགས་ཚོགས་ཀྱི་ཕྱི་སྲིད་རོགས་དངུལ་དང་འབྲེལ་བའི་ལས་དོན་ཁག་ལ་མགྱོགས་མྱུར་བསྐྱར་ཞིབ་དགོས་པའི་བརྡ་ཐོ་བཏང་ཡོད་འདུག

གཟའ་འཁོར་སྔོན་མའི་གཟའ་མཇུག་ཏུ། ཨེ་ལོན་མ་སེཀ་ཡིས་སྣེ་འཁྲིད་པའི་ལས་ཁུངས་ (DoGE) ཀྱིས། ཨ་རིའི་རོགས་ཚོགས་ཀྱི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་བཙན་འཛུལ་བཀའ་ཁྱབ་བཏང་སྟེ། ཨ་རིའི་རོགས་ཚོགས་ཀྱི་ལས་བྱེད་རྒན་པ་ཁག་ཅིག་ཚུད་པའི་ལས་མི་བཅུ་གྲངས་ཤིག་ལ་ལས་མཚམས་འཇོག་ཏུ་བཅུག་ཡོད་ཅིང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས། ཨེ་ལོན་མ་སེཀ་ཡིས་ཊོམ་ཕུའི་འོས་བསྡུའི་དམ་བཅའ་གཞིར་བཟུང་བཀའ་ཁྱབ་ལག་བསྟར་བྱེད་བཞིན་པ་ཙམ་རེད་ཅེས་ཨེ་ལོན་མ་སེཀ་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཨེ་ལོན་མ་སེཀ་ལ་སྐྱོན་བརྗོད་དང་སྦྲགས། གྲོས་ཚོགས་ཀྱི་བཀའ་འཁྲོད་མེད་པར་སྲིད་འཛིན་ཊོམ་ཕུར་གཞུང་གིས་བཙུགས་པའི་ལས་ཁུངས་ཤིག་སྒོ་རྒྱག་པའི་དབང་ཆ་མེད་པས། དེ་ནི་ཁྲིམས་འགལ་ཡིན་སྐོར་བརྗོད་འདུག་ལ། ད་ལྟ་ཊོམ་ཕུའི་དབང་ཚད་དང་འབྲེལ་ནས་ཨ་རིའི་བཅའ་ཁྲིམས་ཐད་འགལ་འདུའི་རྩོད་རྙོག་ཅིག་ཀྱང་བྱུང་གི་ཡོད་འདུག

ཁ་སང་ཕྱི་ཚེས་ ༣ ཉིན་ཨེ་ལོན་མ་སེཀ་ནི་ཊོམ་ཕུའི་གཞུང་གི་དམིགས་བསལ་ལས་བྱེད་ཅིག་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་དང་བསྟུན། ཊོམ་ཕུས་ཨ་རིའི་རོགས་ཚོགས་རང་དབང་ཅན་གྱི་སྡེ་ཚན་ཞིག་ནས་གཞུང་ཁོངས་སུ་བཅུག་སྟེ། ཨེ་ལོན་མ་སེཀ་ལ་ལས་ཁུངས་དེའི་འགན་དབང་ཡོངས་རྫོགས་སྤྲོད་རྩིས་ཡོད་པ་ཕོ་བྲང་དཀར་པོའི་ལས་བྱེད་རྒན་པ་ཞིག་གིས་རོའུ་ཊར་གསར་ཁང་ལ་འགྲེལ་བརྗོད་བྱས་འདུག

ད་ལྟ་ཊོམ་ཕུའི་འཛིན་སྐྱོང་འོག ཨ་རིའི་རོགས་ཚོགས་ཀྱི་རོགས་དངུལ་གསར་པ་དང་འགྲོ་བཞིན་པའི་ལས་དོན་ཁག་ཟླ་གསུམ་རིང་བཀག་སྡོམ་བྱས་པ་ཙམ་དུ་མ་ཟད། ཊོམ་ཕུ་སྲིད་འཛིན་ཆགས་ནས་བདུན་ཕྲག་གཉིས་ཙམ་རིང་། འཛམ་གླིང་ཁྱོན་ཡོངས་སུ་ཨ་རིའི་རོགས་ཚོགས་ཀྱི་ལས་གཞི་དང་ལས་མི་སྟོང་ཕྲག་མང་པོས་ལས་མཚམས་འཇོག་དགོས་བྱུང་ཡོད་ཅིང་། དམིགས་བསལ་ཨ་རིའི་རོགས་ཚོགས་ཀྱི་དབུས་ལས་ཁུངས་དང་དྲ་རྒྱའང་བཀག་སྡོམ་བྱས་འདུག་ལ། རྒྱལ་སྤྱིའི་སྟེང་ཨ་རིའི་རོགས་ཚོགས་མུ་མཐུད་ནས་གནས་ཐུབ་མིན་ཐད་ལབ་གླེང་སྣ་ཚོགས་ཤིག་ཡོང་གི་འདུག

ཨ་རིའི་རོགས་ཚོགས་ནི་ཕྱི་ལོ་ ༡༩༦༡ ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་ཏེ་བཙུགས་པའི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་ཞིང་། རོགས་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་དམངས་གཙོ་དང་བདེ་འཇགས། མཐུན་གྲོགས་སྒྲིག་རྒྱུ་དང་དགྲ་ལ་ཁ་གཏད་གཅོག་ཆེད་སོགས་སུ་དམིགས་ཏེ་འགྲོ་མིའི་བདེ་རྩ་དང་འཕེལ་རྒྱས། བདེ་སྲུང་སོགས་ཀྱི་ཐོག་རོགས་དངུལ་གཏོང་བཞིན་ཡོད་འདུག་ལ། ཨ་རིར་ཕྱི་སྲིད་ལས་དོན་དང་འབྲེལ་བའི་རོགས་དངུལ་ཨ་སྒོར་ཐེར་འབུམ་ ༦༨ ཡོད་པ་ལས། ཨ་སྒོར་ཐེར་འབུམ་ ༤༠ ཙམ་ཨ་རིའི་རོགས་ཚོགས་ཁོ་ནར་དབང་གི་ཡོད་ཅིང་། ཨ་རི་དང་འཛམ་གླིང་གི་རོགས་དངུལ་ཆེས་མང་ཤོས་ཀྱི་རོགས་ཚོགས་དེ་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese