མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་སྡེ་གཉིས་ཀྱི་དགེ་འདུན་པ་ཞལ་གྲངས་ ༤༡ ལ་དགེ་སློང་གི་སྡོམ་པ་འབོག་འཇོག་མཛད།

བོད་ཀྱི་དུས་བབ།
༢༠༢༥/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བདག་ཅག་གི་སྟོན་པའི་སྐུ་བརྙན་གྱིས་༧མགོན་པོ་གང་ཉིད་ལ་ཞལ་འཛུམ་འཛུམ་གནང་གིན་ཡོད་པའི་སྣང་བ་ཞིག་བྱུང་ཡོད་སྐོར་སོགས་གསུངས་འདུག

བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དུ་སེར་བྱེས་མཁས་སྙན་གྲྭ་ཚང་དང་། རྫོང་དཀར་ཆོས་སྡེ་གཉིས་ཀྱི་དགེ་འདུན་པ་ཞལ་གྲངས་ ༤༡ ལ་དགེ་སློང་གི་སྡོམ་པ་འབོག་འཇོག་མཛད།༢༠༢༥།༠༢།༠༤

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་སྡེ་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དུ། སེར་བྱེས་མཁས་སྙན་གྲྭ་ཚང་དང་། རྫོང་དཀར་ཆོས་སྡེ་གཉིས་ཀྱི་དགེ་འདུན་པ་ཞལ་གྲངས་ ༤༡ ལ་དགེ་སློང་གི་སྡོམ་པ་འབོག་འཇོག་མཛད་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་ཀྱིས། བདག་ཅག་གི་སྟོན་པ་ལ་བསྟོད་པའི་ཚིགས་བཅད་འདོན་སྐབས། སྟོན་པའི་སྐུ་བརྙན་གྱིས་ཞལ་འཛུམ་པའི་སྣང་བརྙན་ཞིག་འཆར་གྱི་ཡོད་སྐོར་སོགས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་གིས་དུས་ཚོད་དཀའ་ལས་ཁག་པོ་ཞིག་གི་འོག་ཏུ་བསྙེན་རྫོགས་ཀྱི་སྡོམ་པ་སྤྲད་རྒྱུའི་གོ་སྐབས་བྱུང་བར་ངོས་རང་བསོད་ནམས་ཆེན་པོ་ཡིན་དྲན་གྱི་འདུག ང་རང་ཚོ་བཙན་བྱོལ་བ་དང་རང་དབང་ལྡན་པ། གཙོ་ཆེ་ཤོས་ཆོས་དད་རང་མོས་ཡོད་པ་ཞིག་ཆགས་ཀྱི་ཡོད་རེད།  ངོས་རང་ལ་ཆགས་བཞག་ནའང་རྒྱ་གར་ལ་བཙན་བྱོལ་དུ་འབྱོར།   རྒྱ་གར་དེ་ཕྱོགས་གཅིག་ནས་རང་དབང་ལྡན་པའི་ལུང་པ་རེད་ལ། ཧ་ལམ་འཛམ་བུ་གླིང་གི་ཆོས་ལུགས་ཚང་མ་འདིར་ཡོད་པ་ཞིག་རེད་འདུག གནས་སྟངས་དེ་འདྲ་ཞིག་གི་འོག་ནས་ངོས་རང་རྒྱ་གར་དུ་བཙན་བྱོལ་བ་བྱས་ནས་བསྡད་ཡོད་རེད། ངོས་རང་གིས་ཆོས་འཆད་ཉན་དང་། བསླབ་བྱ་བརྒྱག་རྒྱུ་སོགས་ངོས་རང་གི་སེམས་ནང་གང་ཡོད་པ་དེ་རྒྱ་གར་ནང་རང་དབང་ལྡན་པའི་ཐོག་ནས་འཆད་སྐབས་དགའ་པོ་ཡང་ཞེ་དྲགས་བྱེད་ཀྱི་འདུག ཅེས་གསུངས་འདུག

ཡང་༧མགོན་པོ་གང་ཉིད་ཀྱིས། དུས་ཚོད་གཉན་ཕྲང་ཅན་གྱི་དུས་སྐབས་འདི་འདྲ་ཞིག་ལ་ང་རང་ཚོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཐོག་ཏུ། དེ་རིང་འདིར་དགེ་སློང་བསྒྲུབ་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་སྐལ་བ་བཟང་པོ་རེད། ངོས་རང་ལ་ཆགས་བཞག་ནའང་དགེ་སློང་གི་སྡོམ་པ་འབོག་འཇོག་བྱ་རྒྱུའི་གོ་སྐབས་བྱུང་བར་ཞེ་དྲགས་སྐལ་བཟང་པོ་ཡིན། སྟོན་པ་ལ་བསྟོད་པའི་ཚིགས་བཅད་འདོན་དུས། སྟོན་པའི་ཞལ་འཛུམ་པ་ལྡན་པའི་སྣང་བརྙན་ཞིག་གཏན་གཏན་ཡོང་གི་འདུག བྱས་ཙང་དེ་འདྲ་སྐུ་འདྲ་སྟོང་པ་ཞིག་རེད་མི་འདུག དངོས་གནས་དྲང་གནས་ཐུབ་པའི་དབང་པོ་གསོན་པོ་ཡོད་པའི་སྣང་བ་ཞིག་འཆར་ཡོང་གི་འདུག ཅེས་གསུངས་འདུག

ད་ལྟ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱར་གསལ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་སེ་ར་བླ་སྤྱི་དང་། སེ་ར་བྱེས་སྨད་གྲྭ་ཚང་ཕྱག་མཛོད་ལྷན་རྒྱས་ཀྱིས་བླ་སྤྱིའི་ཚོགས་ཆེན་འདུ་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། ཕྱི་ཟླ་ ༡༢ ཉིན་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པས་བརྟན་བཞུགས་བསྟར་འབུལ། ཕྱི་ཚེས་ ༡༧ ཉིན་སྨད་གྲྭ་ཚང་གིས་རྒྱུད་སྨད་ཚོགས་ཆེན་འདུ་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༧ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

༢༠༢༦/༠༧/༡༩
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese