མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བའི་བཀའ་འགྱུར་ཡིད་བཞིན་ནོར་བུའི་ནང་དོན་ངོ་སྤྲོད་དང་འབྲེལ་བའི་དཀར་ཆག་བསྟན་པའི་མཛེས་རྒྱན་ཞེས་པ་ཞིག་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་ཆེན་མོའི་ཚོགས་གཙོ་༧སྐྱབས་རྗེ་ཞི་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་༧རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་རྒྱས་ཤོས་དང་འཇུག་བདེ་ཤོས་ཤིག་ཏུ་ངོས་འཛིན་བྱས་པའི་པོད་ ༡༡ ཅན་གྱི་བཀའ་འགྱུར་དཀར་ཆག་ཅིག་དབུ་འབྱེད་གནང་འདུག

པོད་གྲངས་ ༡༡ གི་བདག་ཉིད་ཅན་གྱི་༧རྒྱལ་བའི་བཀའ་འགྱུར་ཡིད་བཞིན་ནོར་བུའི་ནང་དོན་ངོ་སྤྲོད་དང་འབྲེལ་བའི་དཀར་ཆག་བསྟན་པའི་མཛེས་རྒྱན། ༢༠༢༥།༢།༥

དེ་རིང་ཕྱི་ཚེས་ ༥ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་སཱ་ར་ཎཱ་ཐ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སློབ་གཉེར་ཁང་གི་༧རྒྱལ་བའི་བཀའ་འགྱུར་ཡིད་བཞིན་ནོར་བུའི་ནང་དོན་ངོ་སྤྲོད་དང་འབྲེལ་བའི་དཀར་ཆག་བསྟན་པའི་མཛེས་རྒྱན་གྱི་རྩོམ་སྒྲིག་ཚོགས་ཆུང་གིས། པོད་གྲངས་ ༡༡ གི་བདག་ཉིད་ཅན་གྱི་༧རྒྱལ་བའི་བཀའ་འགྱུར་ཡིད་བཞིན་ནོར་བུའི་ནང་དོན་ངོ་སྤྲོད་དང་འབྲེལ་བའི་དཀར་ཆག་བསྟན་པའི་མཛེས་རྒྱན་ཞེས་པ་ཞིག་དབུ་འབྱེད་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཙོ་༧སྐྱབས་རྗེ་ཞི་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དང་།  སྨིན་གླིང་མཁན་ཆེན་མཆོག གྱང་ཁང་སྤྲུལ་སྐུ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་སྔ་འགྱུར་རྙིང་མའི་སྨོན་ལམ་ཐོག་ཕེབས་པའི་བླ་སྤྲུལ་དང་གྲྭ་བཙུན། དེ་བཞིན་དད་ལྡན་མང་ཚོགས་བཅས་འཛོམས་ཡོད་འདུག  

དེ་རིང་དབུ་འབྱེད་གནང་བའི་༧རྒྱལ་བའི་བཀའ་འགྱུར་ཡིད་བཞིན་ནོར་བུའི་ནང་དོན་ངོ་སྤྲོད་དང་འབྲེལ་བའི་དཀར་ཆག་བསྟན་པའི་མཛེས་རྒྱན་གྱི་པོད་དང་པོའི་ནང་བཀའ་འགྱུར་པར་མ་མི་འདྲ་བ་ཁག་གི་བྱུང་རིམ་དང་། མདོ་སོ་སོའི་བརྗོད་བྱའི་ནང་དོན་གནད་བསྡུས། དེ་བཞིན་བཀའ་འགྱུར་དཀར་ཆག་འདིའི་རྩོམ་སྒྲིག་གི་དགོས་དམིགས་དང་། བརྒྱུད་རིམ་སོགས་ཀྱི་སྐོར། པོད་གཉིས་པར་བཀའ་འགྱུར་ལས་འདུལ་བའི་སྐོར་གྱི་མདོ་བརྒྱད་ཀྱི་ངོ་སྤྲོད་དང་། ཤེར་ཕྱིན་གྱི་མདོ་ལས་འབུམ་ཉི་ཁྲི་གཉིས་ཀྱི་ནང་དོན་ངོ་སྤྲོད། པོད་གསུམ་པར་བཀའ་འགྱུར་ལས་ཤེར་ཕྱིན་གྱི་མདོ་རྣམས་དང༌། མདོ་ཕལ་པོ་ཆེ་བཅས་ཀྱི་ནང་དོན་ངོ་སྤྲོད། དེ་བཞིན་པོད་བཞི་པར་བཀའ་འགྱུར་ལས་མདོ་དཀོན་མཆོག་བརྩེགས་པའི་ནང་དོན་ངོ་སྤྲོད།  པོད་ལྔ་པ་ནས་དགུ་པའི་བར་མདོ་སྡེའམ་མདོ་མངས་གི་ནང་དོན་ངོ་སྤྲོད། པོད་བཅུ་པར་བཀའ་འགྱུར་ལས་རྒྱུད་སྡེའི་སྐོར་ངོ་སྤྲོད་མདོར་བསྡུས་དང༌། བཀའ་འགྱུར་གྱི་དཀར་ཆག་འདི་ལ་ཟུར་རྒྱན་གྱི་ཚུལ་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་ཡི་མཁས་པའི་ཆེད་རྩོམ། པོད་བཅུ་གཅིག་པར་གཙོ་བོ་མི་སྐྱ་རྣམས་ལ་དམིགས་ནས། གོང་གི་མདོ་སོ་སོའི་ངོ་སྤྲོད་རྒྱས་པའི་དོན་རྣམས་ཤིན་ཏུ་བསྡུས་པའི་ཚུལ་གྱིས་མདོ་ཡོངས་རྫོགས་ཀྱི་ནང་དོན་ངོ་སྤྲོད་མདོར་བསྡུས་གནང་ཡོད་འདུག

སཱ་ར་ཎཱ་ཐ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སློབ་གཉེར་ཁང་གི་༧རྒྱལ་བའི་བཀའ་འགྱུར་ཡིད་བཞིན་ནོར་བུའི་ནང་དོན་ངོ་སྤྲོད་དང་འབྲེལ་བའི་དཀར་ཆག་བསྟན་པའི་མཛེས་རྒྱན་གྱི་རྩོམ་སྒྲིག་ཚོགས་ཆུང་། ༢༠༢༥།༢།༥

 དཀར་ཆག་བསྟན་པའི་མཛེས་རྒྱན་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ། ༧སྐྱབས་རྗེ་དར་ཐང་རིན་པོ་ཆེ། ༧སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་སོགས་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་རྣམ་པས་བཀའ་མངགས་བཞིན།  དེང་རབས་ཀྱི་དགོས་མཁོ་དང་བསྟུན་ནས་གོ་སླ་ཞིང་གནད་བསྡུས་རང་བཞིན་གྱི་ཐོག་ནས་ཕྱོགས་སྒྲིག་གནང་ཡོད་པ་མ་ཟད། ད་བར་གྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་རྒྱས་ཤོས་དང་། སྤུས་དག་ཤོས། འཇུག་བདེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ། 

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༣ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༦ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese