མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་ཡོད་པའི་བོད་མི་རྣམས་ལ་འོས་བླུག་པའི་ཐོབ་ཐང་ཡོད་ན་མི་སེར་ལ་རྩི་དགོས་པ་ཞིག་ཆགས་ཀྱི་ཡོད་འདུག  

བོད་ཀྱི་དུས་བབ།
༢༠༢༥/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་ཕྱི་ལོ་ ༡༩༨༧ ལོའི་རྗེས་སུ་རྒྱ་གར་ནང་སྐྱེས་བའི་བོད་མི་རྣམས་ལའང་འོས་ཤོག་བླུག་པའི་ཐོབ་ཐང་ཡོད་སྐོར་གསུངས་ཡོད་ལུགས་ཀྱི་གནས་ཚུལ་དང་འབྲེལ་བའི་གནད་དོན་འགའ།

Himachal Pradesh Vidhan Sabha Speaker Shri Kuldeep Singh Pathania with member of Parliament of the Tibetan Parliament in Exile at Himachal Raj Bhawan (Photo/CTA)

བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་དང་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་རྣམ་གཉིས་ཧི་མ་ཅལ་ནང་ས་བགོས་སྐོར་སྐྱོད་དུ་ཕེབས་ཏེ། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་རུ། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཀུལ་ཌིབ་སིང་ (Kuldeep Singh Pathania) མཆོག་དང་མཇལ་འཕྲད་གནང་ཡོད་འདུག་ལ། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། མཇལ་འཕྲད་སྐབས་ཀུལ་ཌིབ་སིང་མཆོག་གིས་༧གོང་ས་མཆོག་གི་དབུས་བཙན་བྱོལ་བོད་མི་རྣམས་ཧི་མ་ཅལ་མངའ་སྡེའི་ནང་གཞིས་ཆགས་ཏེ་མི་ལོ་ ༦༥ ལྷག་འགྲོ་བཞིན་ཡོད་ལ། རྒྱ་གར་གཞུང་གིས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་ལ། གང་མགྱོགས་༧བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་འཆར་ཡོད་སྐོར་དང་། ཕྱི་ལོ་ ༡༩༨༧ ལོའི་རྗེས་ནས་རྒྱ་གར་ནང་སྐྱེས་པའི་བོད་མི་རྣམས་ལའང་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ནང་འོས་བླུགས་པའི་ཐོབ་ཐང་ཡོད་སྐོར་གསུངས་ཡོད་ལུགས་བརྗོད་འདུག

དེའི་ཐད་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་སྤྱི་འཐུས་རྣམ་པ་གཉིས་དང་འབྲེལ་ཡོད་མཉམ་བཅར་ཞུས་པ་རྣམས་ལ་འབྲེལ་བ་ཞུས་ཏེ་བཀའ་འདྲི་ཞུས་སྐབས། གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་དེ་འདྲ་སྤེལ་འདུག་ཀྱང་། མཇལ་འཕྲད་གནང་སྐབས་ཕྱི་ལོ་ ༡༩༨༧ ལོའི་རྗེས་སུ་རྒྱ་གར་ནང་སྐྱེས་བའི་བོད་མི་རྣམས་ལ་འོས་བླུགས་པའི་ཐོབ་ཐང་ཡོད་སྐོར་གྱི་བཀའ་མོལ་ཞིག་བྱུང་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

སྤྱིར་བཏང་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་ཕྱོགས་ཀྱི་རྩ་ཁྲིམས་བསྐྱར་བཅོས་ནང་། ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ ཉིན་ནས་ ༡༩༨༧ ཟླ་ ༦ ཚེས་ ༣༠ ནང་ཚུད་དུ་རྒྱ་གར་ནང་སྐྱེས་བ་ཚང་མ་རྒྱ་གར་གྱི་མི་སེར་ཆགས་ཀྱི་ཡོད་ཅེས་འཁོད་ཡོད་ཀྱང་། ༡༩༨༧ ལོར་བསྐྱར་བཅོས་གནང་སྟེ། རྒྱ་གར་ནང་སྐྱེས་བ་མ་ཟད། ཕ་མ་གཉིས་གང་རུང་ཞིག་རྒྱ་གར་གྱི་མི་སེར་ཡིན་ན་རང་བཞིན་གྱིས་མི་སེར་ཆགས་ཀྱི་ཡོད་པ་གསལ་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༧ ཉིན་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་གར་ནང་ཡོད་པའི་བོད་མི་རྣམས་ལ་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ནང་འོས་བླུག་པའི་ཐོབ་ཐང་ཡོད། དེ་ནི་ལོ་ངོ་ ༥༥ རྗེས་སུ་རྒྱ་གར་ནང་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལ་འོས་བླུག་པའི་ཐོབ་ཐང་སྤྲད་པ་ཐོག་མ་ཆགས་ཀྱི་ཡོད། ཅེས་གསུངས་ཡོད་པ་རེད།

ཉེ་བའི་ལོ་ཤས་ནང་རྒྱ་གར་ནང་དུ་གནས་སྡོད་བོད་མིའི་ནང་རྒྱ་གར་གྱི་འོས་བསྡུའི་ནང་ཆ་ཤས་ལེན་མཁན་གང་ཙམ་མང་པོ་ཡོང་གི་ཡོད་ལ། རྒྱ་གར་གྱི་འོས་བསྡུའི་དུས་མཚམས་རེ་རེ་བསླེབས་སྐབས་འོས་འཕེན་པའི་ལག་ཁྱེར་(Voter Card)བཟོ་བར་འབོད་སྐུལ་གནང་མཁན་ཡང་མང་པོ་ཡོད་པ་རེད།  རྒྱ་གར་གྱི་མི་སེར་ཡིན་ན་འོས་བླུག་པའི་ཐོབ་ཐང་ཆ་ཚང་ཡོད་པ་སྨྲོས་མ་དགོས་པ་དང་། འོས་བླུག་པའི་ཐོབ་ཐང་ཡོད་ན་རྒྱ་གར་གྱི་མི་སེར་ལ་རྩི་དགོས་པ་ཞིག་ཀྱང་ཆགས་ཀྱི་ཡོད་འདུག གང་ཡིན་ཟེར་ན། འོས་བླུག་པའི་ཐོབ་ཐང་གི་ཆ་རྐྱེན་དང་པོའི་ནང་། འོས་བླུག་པའི་ཐོབ་ཐང་ཡོད་ན་རྒྱ་གར་གྱི་མི་སེར་ཡིན། ཞེས་གསལ་བསྡད་ཡོད་པ་རེད།

དེ་རིང་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་སུ་ཉེ་སྔོན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དང་འབྲེལ་ནས་གནད་དོན་ཁག་ཅིག་ཐོག་བཅར་འདྲི་ཞུ་སྐབས་ཁོང་གིས། ཕྱི་ལོ་་ ༢༠༡༤ ལོའི་ཡོངས་ཁྱབ་གསལ་བསྒྲགས་དེའི་ཐོག་ནས་རྒྱ་གར་གྱི་འོས་བསྡུ་ལྷན་ཁང་གིས་བོད་མི་རྣམས་རྒྱ་གར་གྱི་མི་སེར་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། རྒྱ་གར་གྱི་ནང་སྲིད་ལས་ཁུངས་དང་ཕྱི་སྲིད་ལས་ཁུངས་ཀྱིས་བོད་མི་རྣམས་ལ་ (Registration Certificate &RC) གནང་གི་ཡོད་པ་དེས། བོད་མི་རྣམས་ཕྱི་རྒྱལ་གྱི་མི་སེར་ཆགས་ཀྱི་ཡོད་མེད་དང་། རྩ་ཁྲིམས་ཀྱི་ཐོག་ནས་དེ་གཉིས་འགལ་ཟླར་འགྲོ་ཡི་ཡོད་མེད་དེ་དྲི་བ་ཆེན་པོ་རེད་འདུག ཅེས་དང་། གནད་དོན་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་འཁྲིད་དང་གནད་ཡོད་མི་སྣ་རྣམས་ཀྱིས་རྩ་ཁྲིམས་དང་ཆབ་སྲིད་ཀྱི་ལག་བསྟར་བར་ལ་ཁྱད་པར་ག་རེ་ཡོད་མེད་བཀའ་འདྲི་ཞུས་ནས་གསལ་ཁ་འདོན་རྒྱུ་གལ་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

ScreenShot: ANI

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དེ་འབྲེལ་བཀོད་ཁྱབ་ཅིག་གནང་བའི་ནང་དུ། བོད་མི་ཚོས་རྒྱ་གར་གྱི་འོས་བླུག་པའི་ཐོབ་ཐང་ལག་ཁྱེར་ (Voter Card) ཞེས་འོས་འཕེན་པའི་ལག་ཁྱེར་དང་རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་ཁྱེར་ (Passport) བཞེས་ཆོག་དང་མ་ཆོག་ཅེས་པ་ནི་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཞིག་ཡིན་པའི་ཆ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལམ་སྟོན་གནང་རྒྱུ་ལས་ཆོག་དང་མ་ཆོག་གི་ཐོག་ལ་བཙན་བཀའ་གཏང་རྒྱུ་གང་ཡང་མེད་ནའང་། རྒྱ་གར་གཞུང་ནས་བཙན་བྱོལ་བོད་མི་རྣམས་ལ་རྒྱ་གར་གཏན་སྡོད་ལག་ཁྱེར་དང་ཕྱི་བསྐྱོད་ལག་དེབ་སེར་པོ་ཁོ་ན་གནང་བཞིན་ཡོད་པས། འོས་བླུག་པའི་ཐོབ་ཐང་དང་ཕྱི་བསྐྱོད་ལག་ཁྱེར་ཞེས་པ་གཉིས་ནི་རྒྱ་གར་མི་སེར་གྱི་ལག་ཁྱེར་ཞིག་ཆགས་ཀྱི་ཡོད་སྟབས་གཟབ་གཟབ་གནང་དགོས་པ་དང་། རྒྱ་གར་ཆབ་སྲིད་ནང་ཞུགས་པ་དེས་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མེད་ཐོག་བོད་མི་ཚོས་འགན་བཞེས་དགོས། ཞེས་གསུངས་འདུག

ཡང་བཀོད་ཁྱབ་དེའི་ནང་དུ། རྩ་བའི་ཉེ་བའི་ལོ་ཤས་གོང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ཕྱི་ལོ་ ༡༩༥༠  ནས་ ༡༩༨༧ བར་གྱི་དུས་བཀག་ཁྲོད་རྒྱ་གར་ནང་སྐྱེས་པའི་བོད་མི་གང་རུང་དང་། དེ་དག་གི་བུ་ཕྲུག་སུ་འདྲ་ཞིག་ཡིན་ཡང་ཡུལ་དེའི་ཕྱི་བསྐྱོད་ལག་ཁྱེར་སྤྲོད་དགོས་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། ཕྱི་བསྐྱོད་ལག་ཁྱེར་ཞུ་མཁན་གྱི་བོད་མི་དོ་བདག་ནས་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཐོབ་ཁུངས་ཁག་ནང་ཞུགས་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་གནང་བཞིན་པ་ཁག་ལོངས་སུ་སྤྱོད་མི་ཆོག་པ་སོགས་ཀྱི་ཆ་རྐྱེན་ཁག་ཅིག་བཏོན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་གཞིས་ཆགས་ཀྱི་ཐོབ་ཁོངས་ཡོད་མེད་ལ་མ་ལྟོས་པར་བཙན་བྱོལ་བོད་མི་རྒྱ་གར་གྱི་མི་སེར་ལག་ཁྱེར་བཟོ་མཁན་ཚོས་སྐྱབས་བཅོལ་བོད་མིའི་ཁེ་དབང་ལེན་ཆོག་གི་མེད། ཅེས་གསུངས་ཡོད་ལ། རྒྱ་གར་གྱི་ཁྲིམས་ཐོག་ནས་ཀྱང་མི་གཅིག་གིས་མི་སེར་གྱི་ཐོབ་ཐང་དང་སྐྱབས་བཅོལ་བའི་ཐོབ་ཐང་གཉིས་ཀ་ལེན་ཆོག་གི་མེད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།  རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༨ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༨ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese