མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཉིན་གྲངས་ལྔའི་རིང་སུད་སི་ཇི་ནི་ཝ་རུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་འདུག

Former Tibetan Political Prisoner Namkyi Arrives in Geneva to Testify at Geneva Summit 2025

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཐེངས་ ༥༨ (UNHRC 58th Session) མ་འཚོགས་གཏན་ཁེལ་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༤ བར་ཉིན་གྲངས་ལྔའི་རིང་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རང་ཉིད་ལ་རྒྱའི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་བཏང་བའི་བརྒྱུད་རིམ་སོགས་ངོ་སྤྲོད་དང་འབྲེལ་བའི་ཞུ་གཏུག་གི་ལས་འགུལ་སྤེལ་མགོ་བཙུགས་ཡོད་འདུག

ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་འདི་གའི་གསར་འགོད་པར། རྒྱལ་ཁབ་རེ་ཡི་དཔོན་པོ་རེ་རེར་ཐུག་སྐབས། སོ་སོས་མྱངས་པའི་དཀའ་སྡུག་དག་ཡང་བསྐྱར་བཤད་ན་སེམས་ཧ་ཅང་སྐྱོ་བོ་འདུག དེ་བཞིན་དཀའ་སྡུག་མྱོང་མཁན་དེ་ང་གཅིག་པུ་མིན་པར་བོད་ནང་དུ་བོད་མི་བརྒྱ་ཕྲག་སྟོང་ཕྲག་མང་པོས་དཀའ་སྡུག་མྱོང་བཞིན་ཡོད་པ་བསམས་ན། ཡིད་སེམས་ཧ་ཅང་སྡུག་གི་འདུག ཡིན་ནའང་། མུ་མཐུད་བཤད་ས་དང་སྡིངས་ཆ་རག་ན་བོད་ནང་གི་བོད་མི་ཚོས་མྱངས་པའི་དཀའ་སྡུག་བཤད་འདོད་ཡོད། ངས་ག་ཚོད་བཤད་ནའང་མུ་མཐུད་དུ་མང་ཙམ་བཤད་འདོད་ཡོད་པ་ལས། ཡིད་ཚིམས་རྒྱུ་ཞིག་གཏན་ནས་མེད་པས། མུ་མཐུད་རང་གིས་མྱངས་པ་དང་བོད་ནང་གི་བོད་མིའི་སྐོར་བཤད་འདོད་ཡོད། ངས་ད་ལན་བོད་ནང་གི་བོད་མི་རྣམས་ཀྱི་ཚབ་བྱས་ཏེ་རྒྱལ་ཚོགས་ཀྱི་དཔོན་རིགས་རྣམས་ལ་བོད་ནང་གི་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་གཅར་རྡུང་བྱེད་ཆོག་ཆོག་དང་། གསོད་ཆོག་ཆོག ཁྲིམས་ལ་བཅུག་ཆོག་ཆོག་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་གཉའ་གནོན་དང་ཁྱད་གསོད་བྱེད་མུས་ཡིན་པ་དག་ཤོད་ཀྱི་ཡོད། ཞེས་བརྗོད་བྱུང་།

ལས་འགུལ་སྐབས་རྣམ་སྐྱིད་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཁང་གི་རྒྱ་ནག་སྡེ་ཚན་གྱི་ལས་བྱེད་དང་ལྷན་དུ་མཇལ་འཕྲད་དང་། ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཚབ་རྣམས་དང་ལྷན་དུ་མཇལ་འཕྲད་གནང་བ་མ་ཟད། ཁོང་ཉིད་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་དང་མནར་གཅོད་ཇི་ལྟར་མྱངས་པའི་དངོས་མྱོང་གི་གནས་ཚུལ་ངོ་སྤྲོད་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་སོགས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་རྣམས་ངོ་སྤྲོད་གནང་ཡོད་འདུག

ད་ལྟའི་ཆར་རྣམ་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་མུས་ཡིན་པ་མ་ཟད། ད་ལན་གྱི་ཞུ་གཏུག་ལས་འགུལ་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཆེ་ཁག་དང་ཆུང་ཁག་གིས་བོད་དོན་ཐད་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤུགས་ཆེན་བསྟན་པ་དང་། སྤྱིར་རྒྱལ་ཁབ་ཆེ་ཁག་ནས་དཔལ་འབྱོར་དང་། དམག་དོན། ཐབས་ཇུས་ཀྱི་གནད་དོན་ལ་བརྟེན་དགོས་པའི་རྐྱེན་གྱིས་བོད་དོན་ཐོག་རྒྱབ་སྐྱོར་ཐད་ཀར་བྱ་རྒྱུ་ཁག་པོ་ཡོད་ཀྱང་། མ་འོངས་པར་གལ་ཏེ་བོད་དོན་དང་འབྲེལ་བའི་གནད་དོན་ཁག་ལ་དུས་དང་འཚམ་པ་ཞིག་ལ་གླེང་སློང་བྱ་རྒྱུ་འབྱུང་ཚེ། དངོས་སུ་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་འདུག

ད་ལན་གྱི་བོད་དོན་ཞུ་གཏུག་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་དངོས་སུ་རྒྱབ་སྐྱོར་གནང་མ་ཐུབ་ཀྱང་། རྣམ་སྐྱིད་ལགས་ཀྱིས་རང་ཉིད་ཀྱི་མྱོང་བ་དང་། རྒྱ་ནག་གིས་བོད་ནང་དུ་སྡུག་རྩུབ་ཇི་ལྟར་བྱེད་བཞིན་ཡོད་པའི་ལོ་རྒྱུས་ཐོག་འགྲེལ་བརྗོད་ཁ་གསལ་ཞུས་ཐུབ་ཡོད་འདུག་ལ། ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་དང་། མ་འོངས་འབྲེལ་ལམ་གནང་ཕྱོགས་ཐད་བསམ་བློ་གཏོང་དགོས་པའི་གནས་སྟངས་སུ་གྱུར་ཡོད་འདུག

ཉིན་ལྔའི་བོད་དོན་ཞུ་གཏུག་གི་ལས་འགུལ་དེའི་ནང་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས། སུད་སི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་གཏུག་པ་ཕུན་ཚོགས་སྟོབས་རྒྱལ་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག ད་བར་རྒྱལ་ཁབ་མི་འདྲ་བའི་གཞུང་ཚབ་པ་དྲུག་ལ་ཞུ་གཏུག་བྱས་ཟིན་པ་དང་། གཞུང་ཚབ་མི་འདྲ་བ་བདུན་ལྷག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་ལས་པ་རྣམས་ལ་ཞུ་གཏུག་བྱ་རྒྱུ་ཡིན་ཞིང་། ད་ལྟའི་ཆར་ཞུ་གཏུག་གི་ལས་འགུལ་མུ་མཐུད་འགྲོ་མུས་ཡིན་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese