མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་འདི་ལོར་༧གོང་ས་མཆོག་ནས་ཞི་བདེ་དང་འཚེ་མེད་ཞི་བ། བོད་མིའི་ངོ་བོ་སྲུང་སྐྱོབ་བཅས་ཀྱི་ཆེད་སྐུ་ངལ་བསྐྱོན་པར་སྲུང་གཙི་བྱེད་དགོས་པ་ནན་བརྗོད་གནང་འདུག

སྲིད་སྐྱོང་མཆོག་གིས་སེ་ར་སྨད་གྲྭ་ཚང་དང་སེ་ར་བྱེས་གྲྭ་ཚང་དུ་གཟིགས་སྐོར་གནང་། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༥།༠༢།༡༢

ཟླ་འདིའི་ཕྱི་ཚེས་ ༡༠ ནས་ཕྱི་ཟླ་ ༣ ཚེས་ ༤ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་། བདེ་སྐྱིད་སླར་གསོ། ཧོན་སུར་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་གཉིས་པ་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་སྲིད་སྐྱོང་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་སྐབས། སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་མི་མང་འབྲེལ་མཐུད་པ་ཀུན་དགའ་ཡེ་ཤེས་ལགས་དང་། བདེ་སྐྱིད་སླར་གསོ་དང་ལུགས་ཟུང་བསམ་གྲུབ་གླིང་གི་ས་གནས་མགོ་འཛིན། དགོན་སྡེ་ཁག་གི་སྐུ་ཚབ་གཙོས་པའི་མང་ཚོགས་བཅས་ནས་ཕེབས་བསུ་ཞུས་འདུག  

ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་གདན་ས་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀྲ་ཤིས་ལྷུན་པོ་དགོན་པའི་འདུས་སྤྱི་ནས་གནས་བཅུ་དང་འབྲེལ་བའི་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བརྟན་བཞུགས་ཀྱི་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་འདུག

ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་སེ་ར་སྨད་གྲྭ་ཚང་དང་སེ་ར་བྱེས་གྲྭ་ཚང་དུ་གཟིགས་སྐོར་གནང་སྐབས། དགོན་པའི་མཁན་པོའི་དབུ་ཁྲིད་པའི་འཛིན་སྐྱོང་དང་དགེ་འདུན་པ་རྣམས་ཀྱིས་ཕེབས་བསུ་ཞུས་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་སེ་ར་བྱེས་སྨད་ཀྱི་དགེ་འདུན་པའི་འདུས་མང་ལ་གསུང་བཤད་གནང་སྐབས།  ཕྱི་ལོ་ ༢༠༢༥ ལོར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་སྐོར་ནན་བརྗོད་དང་འབྲེལ། འདི་ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་སྟབས་བོད་མི་ཡོངས་ལ་གལ་གནད་ཆེ་བའི་ལོ་ཞིག་ཡིན།  བོད་མི་ཡོངས་ལ་ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྐབས་འདི་སྲུང་གཙི་ཞུ་དགོས་པའི་འབོད་སྐུལ་གནང་བ་དང་། ༧མགོན་པོ་གང་ཉིད་མཆོག་གིས་ཞི་བདེ་དང་། འཚེ་མེད་ཞི་བ། བོད་མིའི་ངོ་བོ་སྲུང་སྐྱོབ་བཅས་ཀྱི་ཆེད་སྐུ་ཚེ་ཧྲིལ་པོ་སྐུ་ངལ་བསྐྱོན་པར་བསྐྱར་དྲན་བྱེད་པའི་གོ་སྐབས་ཤིག་ཡིན་ཞེས་ནན་བརྗོད་གནང་འདུག

སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་དང་། མི་མང་གིས་བོད་མི་ཚོར་བཙན་བྱོལ་ནང་བོད་ཀྱི་ཐུན་མིན་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་སླད་རོགས་རམ་དང་རྒྱབ་སྐྱོར་གནང་བར་ངོས་འཛིན་ཞུས་པ་དང་སྦྲགས། བོད་མི་ཚོས་ས་གནས་ཡུལ་མི་དང་མཉམ་དུ་འབྲེལ་ལམ་བཟང་པོ་འཛུགས་རྒྱུའི་གལ་གནད་ཐོག་གསལ་འདོན་གནང་། གཞན་ཡང་བོད་མི་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གནང་དགོས་པའི་སྐོར་གསུང་སྐབས་རང་བཙན་དང་དབུ་མའི་ལངས་ཕྱོགས་ཐད་ཆབ་སྲིད་ཀྱི་བསམ་ཚུལ་མི་འདྲ་བ་ཡོད་ནའང་། མཐར་ཐུག་གི་དམིགས་ཡུལ་ནི་བོད་རང་དབང་འཐབ་རྩོད་ཀྱི་རྨང་གཞི་བརྟན་པོ་བཟོ་རྒྱུ་དེ་ཡིན། ཞེས་ནན་བརྗོད་གནང་བ་མ་ཟད་བོད་སྤྱི་པའི་རྩ་དོན་ཆེད་དུ་ཞབས་འདེགས་བསྒྲུབ་དགོས་པའི་སྐུལ་མ་གནང་འདུག

ཡང་སྲིད་སྐྱོང་མཆོག་གིས། ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པའི་ཕྱག་ཁྱེར་བཞེས་མཁན་འབུམ་རམས་པ་རྒྱལ་ལོ་ལགས་ངོ་སྤྲོད་གནང་བ་དང་། ཁོང་གིས་བོད་ཀྱི་ཤེས་ཡོན་དང་རྒྱ་ནག་གཞུང་གིས་དམ་དྲག་ཅན་གྱི་ཤེས་ཡོན་སྲིད་བྱུས་བརྒྱུད་བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་པའི་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་རྟོགས་སྤེལ་བར་བསྔགས་བརྗོད་གནང་ཡོད། དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད།  བོད་ཀྱི་ལོ་རྒྱུས་ཐོག་ལོག་འགྲེལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་པ་སོགས་ཀྱི་སྐོར་གསལ་སྟོན་དང་། བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་། རིག་གཞུང་སྲུང་སྐྱོབ་ལས་གཞི་རྒྱུན་སྐྱོང་། སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་བཅས་བོད་མིའི་སྤྱི་ཚོགས་དང་འབྲེལ་བའི་གནད་དོན་གལ་ཆེན་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་འདུག

ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་སྲིད་སྐྱོང་མཆོག་གིས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་དགོན་སྡེ་ཁག་དང་། སློབ་གྲྭ། སྨན་ཁང་བཅས་སུ་གཟིགས་སྐོར་གནང་ཡོད་ཅིང་། ཕྱི་དྲོར་ལུགས་བསམ་དང་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་གཉིས་ཀྱི་གོ་སྒྲིག་ཞུས་པའི་རིག་གཞུང་འཁྲབ་སྟོན་ཐོག སྐུ་མགྲོན་གཙོ་བོར་སྲིད་སྐྱོང་མཆོག་དང་རྒྱ་གར་དབུས་གཞུང་གི་ནང་སྲིད་དྲུང་ཆེ་སྐུ་ཞབས་བྷན་དི་སན་ཇེ་ཀུ་མར་མཆོག་ཆེད་ཕེབས་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese