མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་སྲུང་བྱ་རིམ་པ་མཐོ་ཤོས་གསུམ་པ་དེ་ཕུལ། 

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་ནང་གི་སྲུང་བྱའི་རིམ་པ་མཐོ་ཤོས་གསུམ་པ་དེ་ཕུལ་འདུག                                                                       

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་བཀྲིས་ལུན་པོར་ཞབས་སོར་བདེ་བར་འཁོད་སྐབས།  བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡།༥

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཆེད་དུ་སོ་མྱུལ་བ་མངག་གཏོང་དང་དངོས་ཤུགས་བརྒྱུད་གསུམ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭ་དང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་སུན་གཙེར་བཟོ་ཡི་ཡོད་པའི་གནས་ཚུལ་ཡང་ཡང་འཐོན་མུས་ཡིན་པ་ལྟར། ཁ་སང་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་ནང་གི་སྲུང་བྱ་རིམ་པ་གསུམ་པ་(Z)ཅན་དེ་ཕུལ་ནས། རྒྱ་གར་དབུས་གཞུང་གིས་ཆེད་དུ་༧མགོན་པོ་གང་ཉིད་ཀྱི་སྐུ་ཕྱྭ་དང་འགོག་སྲུང་གི་ལས་དོན་ཚད་མཐོ་གཉེར་རྒྱུ་ཡིན་འདུག 

དེའི་ཐད་རྒྱ་གར་དབུས་བདེ་སྲུང་ཉེན་རྟོག་ཆེས་མཐོ་མི་སྣས། རྒྱ་གར་དབུས་བདེ་སྲུང་ཉེན་རྟོག་རུ་ཁག་གི་ཐད་ཀར་ལྟ་ཞིབ་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་སྲུང་དམག་མི་དག་གིས། བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དང་ཧི་མ་ཅལ་གྱི་ཕྱི་རོལ་གྱི་ཆིབས་བསྒྱུར་ཁག་གི་སྐབས། ༧མགོན་པོ་གང་ཉིད་ཀྱི་སྐུ་སྲུང་གི་ལས་དོན་གཉེར་རྒྱུ་ཡིན་སྐོར་སོགས་བརྗོད་འདུག 

རྒྱ་གར་གཞུང་གི་ཚད་མཐོའི་སྐུ་སྲུང་(SPG) སྟེ། སྐོར་སྲུང་བ་ ༥༠༠༠ ཅན་གྱི་ཚད་མཐོའི་དམིགས་བསལ་སྲུང་སྐྱོབ་རུ་ཁག་ཅན་ཞིག་དང་། Z+ཅན་གྱི་དམག་སྦྱོང་རང་བཞིན་གྱི་སྐོར་སྲུང་བ་ ༥༥ ཅན་ཞིག དེ་བཞིན་ད་ལན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་བའི་ Z ཅན་སོགས་ཡོད་ཅིང་། རྒྱ་གར་ནང་སྲུང་བྱའི་ཚད་རིམ་གསུམ་པ་ཡིན་པའི་ Z ཅན་ལ་དམག་སྦྱོང་རང་བཞིན་ལྡན་པའི་སྐོར་སྲུང་བ་ ༣༠ ཡིས་སྐོར་སྲུང་དང་འགེབས་རྒོལ་སོགས་བྱེད་ཀྱི་ཡོད་འདུག དེ་སྔ་རྒྱ་གར་གཞུང་གིས་བཀོད་མངགས་བཞིན། ཧི་མ་ཅལ་མངའ་སྡེའི་དམག་དོན་ཉེན་སྲུང་དམག་མིས་སྐུ་ཕྱྭ་དང་ཕོ་བྲང་གི་བདེ་འཇགས་སོགས་ཀྱི་ཐད་ལ་ཉེན་སྲུང་དང་། དེ་བཞིན་རྒྱ་གར་དབུས་གཞུང་གི་བཀོད་འདོམས་བཞིན། རྒྱ་གར་གྱི་མངའ་སྡེ་གཞན་དུ་ཕེབས་སྐབས། མངའ་སྡེ་ཁག་གི་ཉེན་སྲུང་དམག་མིས་ཉེན་སྲུང་གི་ལས་དོན་གཉེར་གྱིན་ཡོད་འདུག 

དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་གི་ཐད་ལ་ཚད་མཐོའི་ལས་དོན་གཉེར་གྱིན་ཡོད་པའི་ཁར། ༧མགོན་པོ་གང་ཉིད་ཀྱི་གསུང་ཆོས་དང་ཆིབས་བསྒྱུར་སོགས་ཀྱི་སྐབས། ཆེད་དུ་ཉེན་སྲུང་དམ་པོ་དང་རྒྱ་གར་ནང་གི་མངའ་སྡེ་ཁག་ཏུ་ཆིབས་བསྒྱུར་སྐབས་སུའང་ས་བགོས་ཀྱིས་ཉེན་སྲུང་གི་ཐད་ལ་ལས་དོན་གཉེར་མུས་ཡིན་ལ། འདས་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་ཏེ་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་དྲུག་པའི་ཉིན། དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༣ དང་ ༢༠༢༤ ལོའི་ལོ་འཁོར་ལས་སྡོམ་སྙན་སྒྲོན་དང་། འཛིན་སྐྱོང་བཀའ་ཤག་གི་ལན་འདེབས་གསལ་བཤད་སྐབས་བོད་མི་མང་སྤྱི་འཐུས་ཁག་ཅིག་གིས། དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་དང་རྒྱ་གར་དབུས་ས་གཉིས་ཀྱིས་སྐུ་ཕྱྭའི་ཐད་ལ་ལས་དོན་ཚད་མཐོ་གཉེར་བར་བསྔགས་བརྗོད་དང་སྦྲགས། མུ་མཐུད་དུ་བདེ་སྲུང་ལས་ཁུངས་ཀྱིས་༧མགོན་པོ་གང་ཉིད་ཀྱི་སྐུ་ཕྱྭའི་ཐད་ལ་ཞབས་འདེགས་དང་སྲི་ཞུ་བསྒྲུབ་དགོས་པའི་སྐོར་ལ་ནན་བརྗོད་གནང་ཡོད། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༡༡ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese