མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྐྱོང་ཁྱིམ་ཚང་ནང་ལོག་རྒྱུར་གྲ་སྒྲིག་ཨང་གསར་ཡིན།

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།

རྩོམ་པ་པོ། ཤར་ཕྱོགས་ཁུག་རྟ། བཀའ་ཤག་སྐབས་བཅུ་གསུམ་པའི་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་ཟུར་པ། 

བོད་རྒྱ་འབྲེལ་མོལ་གྱི་སྒོ་འབྱེད་ལྡེ་མིག་ལྟ་བུའི་རླབས་ཆེན་གྱི་ཆབ་སྲིད་མཁས་ཆེན། བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་གི་བྱས་ཅན་ཀ་བ་ལྟ་བུའི་མི་སྣ། མི་མང་ཉམས་ཐག་ཚོའི་སྐྱིད་སྡུག་གཙོ་བོར་དགོངས་ཏེ། འདྲ་མཉམ་དང་ཁྲིམས་ཀྱི་དབང་བསྒྱུར་ཐད་ཆུང་དུས་ནས་སྐུ་ངལ་ཚད་མེད་བསྐྱོན་མཁན། སྐུ་དྲག་རིང་ལུགས་དང་བླ་དཔོན་ལུང་ཁུག་ཤོག་འཛིན་རིང་ལུགས་ཀྱི་རྗེས་ལུས་བསྒྱུར་ཏེ། བོད་མི་མང་གི་མངོན་འདོད་གཞིར་བཟུང་བོད་ལ་འཛམ་གླིང་སྤྱི་འགྲོས་ཀྱི་མདུན་ལམ་འཚོལ་སྒྲུབ་གནང་མཁན། བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་སྐུ་ཚེ་མཐར་ཕྱིན་ཏེ། བཙན་བྱོལ་ནང་གི་ཡབ་གཞིས་སྟག་མཚེར་གཟིམ་ཤག་ཏུ་ ༢༠༢༥ ཟླ་ ༢ ཚེས་ ༨ ཉིན་སྐུ་གཤེགས།

༢༠༢༥ ཟླ་ ༢ ཚེས་ ༡༠ ཉིན་པེ་ཅིང་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་འཆར་ཅན་གསར་འགོད་ལྷན་ཚོགས་སྐབས། Reuters གསར་འགོད་པས་སྐུ་གཤེགས་རྒྱ་ལོ་དོན་གྲུབ་སྐོར་དྲི་བ་བཏོན་པར། ཕྱི་སྲིད་མགྲིན་ཚབ་པ་ཀོ་ཅ་ཁཱོན་ Guo Jiakun ལགས་ཀྱིས་དྲི་བ་ངོ་མའི་ལན་ལས་གཡོལ་ཏེ། བོད་རྒྱ་འབྲེལ་མོལ་གྱི་གྲོས་མོལ་དངོས་གཞི་ཡུན་འགྱངས་འགྲོ་གཞིའི་རྒྱ་ནག་གཞུང་གི་མཁྲེགས་འཛིན་དང་ལྟོས་མེད་རང་བཞིན་གྱི་རྗོད་བབ་དེ་དག་བསྐྱར་ཟློས་བྱས་ཡོད།

དེའི་ནང་འབྲེལ་མོལ་བྱ་ཡུལ་༸གོང་ས་མཆོག་དང་གང་ཉིད་མཆོག་གི་སྐུ་ཚབ་ཡིན་པ། གྲོས་བསྡུར་གྱི་གནད་དོན་༸གོང་ས་མཆོག་སྐུ་སྒེར་དང་མང་ན་ཁོང་གི་སྐུ་འཁྲིས་ཀྱི་མི་འགའི་མདུན་ལམ་གྱི་གནད་དོན་ཡིན་པ་ལས། ཆེས་མཐོའི་རང་སྐྱོང་གི་གནད་དོན་ཐད་གྲོས་བསྡུར་བྱེད་ཀྱི་མིན་ཚུལ་དང་། ༸གོང་ས་མཆོག་ལ་ཁ་བྲལ་གྱི་ལས་འགུལ་མཚམས་བཞག་སྟེ་ཡང་དག་པའི་ལམ་དུ་བསྐྱོད་དགོས་ཚུལ། བོད་དང་ཐའེ་ཝན་གཉིས་རྒྱ་ནག་གི་ཆ་ཤས་ཡིན་པ་དང། ད་ལྟའི་རྒྱ་ནག་གཞུང་ཀྲུང་གོའི་ཁྲིམས་མཐུན་གྱི་གཞུང་གཅིག་པུ་ཡིན་པ་ཁས་ལེན་ཡོངས་བསྒྲགས་གནང་དགོས་པ། བོད་མིའི་སྒྲིག་འཛུགས་ཁྲིམས་འགལ་ཡིན་ཚུལ་སོགས་འཛེམ་ཟོན་མེད་པར་བཤད་ཡོད།

བོད་རྒྱ་མི་རིགས་གཉིས་ཀྱི་ཕུགས་རིང་གི་མདུན་ལམ་ལ་ལྷག་བསམ་རྣམ་པར་དག་པའི་བོད་མིའི་དབུ་ཁྲིད་ཟུར་པ་རྒྱ་ལོ་དོན་གྲུབ་ལྟ་བུ་ཞལ་བཞུགས་པའི་གོ་སྐབས་བརྩོན་ལེན་མ་གནང་བའི་ཁར། རྒྱ་ནག་གཞུང་གིས་ད་དུང་བཙད་ཤེད་བསྐྱར་ཟློས་བྱེད་པ་འདི་ནི་མ་འོངས་ཉེན་ཁ་འབོད་པའི་གཡབ་མོར་གྱུར་ཡོད། སྐུ་གཤེགས་རྒྱ་ལོ་དོན་གྲུབ་ལྟ་བུ། ༸གོང་ས་མཆོག་གི་ཐུགས་བློ་འཁེལ་ཤོས། རྒྱ་ནག་གཞུང་གི་ཆེས་མཐོའི་དབུ་ཁྲིད་ཚོ་དང་ལྷན་གནད་དོན་གང་ཅིར་ཁ་རུ་ཁ་ཐུག རང་ས་མི་དང་མི་སར་རང་བཞག་སྟེ་བཀའ་མོལ་གནང་མཁན་ཞིག་ད་བར་བྱུང་མེད་པ། ཕྱི་སྲིད་མགྲིན་ཚབ་པ་སོགས་ཀྱིས་ཞིབ་ཏུ་མ་མཁྱེན་པ་ག་ལ་ཡོད། ཁོང་གིས་སྔ་ས་ནས་མཁྲེགས་བཟུང་གི་དོན་ཚན་དེ་དག་ལ་ལན་འདེབས་རང་གཞན་གཉིས་སྨན་གནང་ཡོད་པའང་བརྗེད་ག་ལ་རུང་།

༸གོང་ས་མཆོག་སྐུ་སྒེར་ལ་རྒྱ་ནག་གཞུང་དང་མཉམ་གྲོས་མོལ་གནང་སྟེ་ཐོབ་དགོས་པ་ཅི་ཡང་མེད་ལ། དེ་ལས་ལྡོག་སྟེ་བོད་ཀྱི་དོན་གྱི་བདག་པོ་བོད་རིགས་ཡོངས་དང་།རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་མགོ་ཁྲིད་རིམ་བྱུང་གཅིག་ཏུ་བསྡོམས་པ་ལས་བརྒལ་བའི་ཆེ་མཐོང་དང་། གུས་བརྩི། ཡིད་ཆེས། དད་དམ་བྱུང་རབས་སུ་མ་གྲགས་པ་ཐོབ་ཡོད།རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཞེས་པ་ཞིག་མེད་པ་དང་། བོད་མིའི་སྒྲིག་འཛུགས་ཅི་གང་ལའང་མི་བརྩི་ཁུལ་བྱེད་བཞིན་པའི་སྐབས་འདིར། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལྟོས་མེད་བྱེད་མི་ཐུབ་པ་འདི་ཁོང་གི་ཟླ་མེད་དབུ་ཁྲིད་ཀྱི་ནུས་པ་དང་། དྲང་བདེན་གྱི་གཟི་བརྗིད་དང་། ཞི་བའི་ཟིལ་ཤུགས་བཅས་ཡིན་སྟབས། རྒྱལ་སྤྱིའི་མི་མང་དང་དམིགས་བསལ་བོད་མི་མང་གི་ཁྲོད་ཞིབ་འཇུག་བྱས་ནའང་། རྒྱ་ནག་གཞུང་ལས་ཀྱང་༸གོང་ས་མཆོག་ལ་ཡིད་ཆེས་བླ་ལྷག་ཏུ་ཐོབ་ཡོད་པས། ༸གོང་ས་མཆོག་སྐུ་སྒེར་གྱི་མདུན་ལམ་རྒྱལ་ཁབ་ཅིག་ལ་རེ་དགོས་ཚུལ་ལྟ་བུ་བཟོ་བ་ནི་གད་མོ་ཤོར་བའི་གནས་ཉག་ཅིག་ཡིན།

༸གོང་ས་མཆོག་དང་བོད་མིའི་ཕྱོགས་ནས་རང་སྐྱོང་གི་གནས་བབ་མཐོ་དམའི་སྐད་ཆ་ཚིག་གཅིག་ད་བར་གསུངས་མྱོང་མེད། མིང་དོན་མཚུངས་པའི་རང་སྐྱོང་དགོས་ཀྱི་ཡོད་པ་ཡིག་ངག་གཉིས་ནས་ཡོངས་བསྒྲགས་གནང་ཡོད། བོད་ཀྱི་མངོན་འདོད་འགྲུབ་མིན་ནི་རང་སྐྱོང་གི་ས་མཚམས་བགོ་ཕྱོགས་ལ་འགྱུར་བ་གཏོང་རྒྱུའི་ཆོད་སེམས་ཡོད་མེད་ལ་གཙོ་བོར་ཐུག་པ་ཞིག་ལས། རྒྱལ་ཁབ་ཁ་བྲལ་གྱི་ལས་དོན་དང་སྦྲེལ་ནས་བསྙད་འདོགས་བྱེད་གཞི་ཕྱི་ནང་གསང་གསུམ་གང་དུའང་མེད། དེའི་ཐད་ ༢༠༠༨ ལོར་༸གོང་ས་མཆོག་གིས་རྒྱ་ནག་གཞུང་གི་སྐུ་ཚབ་ཚོ། བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་གི་ཡིག་ཆ་ཚུན་ཆད་དུ་ཞིབ་འཇུག་གནང་གི་ཕེབས་ཤོག་ཅེས་གསུངས་ཡོད་པ་ལྟར་རེད། གཉིས་སུ་བོད་ཕྱོགས་ནས་བཏོན་པའི་རང་སྐྱོང་བསམ་འཆར་ཁྲིམས་དང་མི་མཐུན་ན། ཁ་གསལ་གྱི་ལམ་ནས་དོན་ཚན་འདི་དང་འདིར་འགལ་འདུག་ཅེས་གསུངས་དགོས་པ་ལས། དེ་མིན་རང་སྐྱོང་སྐོར་བཀའ་མོལ་གནང་རྒྱུར་གཡོལ་ཆེད་ “ཚད་མཐོ་” ཞེས་པའི་ཚིག་གཅིག་ལ་གནས་སྐབས་ཁག་དཀྲི་བྱས་ཏེ་དུས་ཚོད་འཕུད་པ་ནི་རྣམ་དཔྱོད་ལྡན་པ་ཞིག་ཏུ་སུས་མཐོང་ངམ།

བོད་དང་ཐའེ་ཝན་གཉིས་རྒྱ་ནག་གི་ཆ་ཤས་ཡིན་མིན་སྔ་ཕྱི་བར་གསུམ་དུ་བོད་རྒྱ་འབྲེལ་མོལ་ཡོང་རྒྱུའི་བཀག་རྡོར་འདྲེན་པ་ནི་བོད་མི་ཙམ་མ་ཟད། འཛམ་གླིང་ལ་གསལ་བོ་ཆགས་ཡོད། བོད་ཀྱི་བྱུང་རབས་མ་འོངས་པའི་ཆབ་སྲིད་མདུན་ལམ་ཆེད་བཟོ་བཅོས་མི་བྱེད་པ་ནི་ཧ་ཅང་ཡང་དག་པའི་ལངས་ཕྱོགས་ཤིག་དང་། དངོས་ཡོད་གནས་ཚུལ་ཞིག་ཆགས་ཡོད། ༸གོང་ས་མཆོག་དང་སྐབས་དེའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱིས་དེའི་སྐོར་ཡང་ནས་ཡང་དུ་གསལ་གསུང་མཛད་ཡོད་ལ།ད་ལྟའི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཀྱང་ལན་མང་གསུངས་ཟིན། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ལྟ་གྲུབ་ཀྱི་གཞི་རྟེན་ཡང་། བོད་ཀྱི་བྱུང་རབས་ལོ་རྒྱུས་ལ་བརྟེན་ནས་བྱུང་བ་མིན་ལ། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བཏོན་པའི་བོད་མིའི་རང་སྐྱོང་བསམ་འཆར་གྱི་གཞི་སྒྲོམ་ཡང་ལོ་རྒྱུས་གཞིར་བཟུང་བཀོད་པ་ཞིག་རྩ་བ་ནས་མིན། རྒྱ་ནག་གཞུང་གིས་བོད་རྒྱ་འབྲེལ་མོལ་གྱི་ཅོག་ཙེའི་སྟེང་ ༡༩༤༩ ནས་འགོ་བཙུགས་ཏེ། ལོ་རྒྱུས་ཀྱི་རྩོད་གླེང་འདི་འཛུགས་ཅི་ཐུབ་བྱས་ཏེ་ཉི་མ་སྐྱེལ་གྱི་ཡོད། དེའི་ཁར་དབུ་མའི་ལམ་ནས་བོད་དོན་འགྲིག་ཆགས་ཡོང་རྒྱུར་ལྷག་བསམ་རྣམ་དག་མེད་པ་རེ་ཟུང་གིས་དབུ་མའི་ལམ་ལ་བོད་ཀྱི་ལོ་རྒྱུས་མེད་ན་སྤྲང་པོ་ལག་སྟོང་ཡིན་ཞེས་དཀྲོག་གཏམ་བཀྲམས་ཏེ། རྒྱ་ནག་གཞུང་གི་བོད་ཀྱི་དཀའ་ངལ་སེལ་འདོད་ལ་ལྷག་བསམ་རྣམ་དག་མེད་པ་ཚོ་དང་དོན་ལ་ཁ་མཐུན་བྱེད་ཀྱི་ཡོད་ནའང། ད་ནི་ཟློས་གར་འདི་ཧ་ཅང་རྙིང་ཚབས་ཆེ་དྲགས་ནས་ཀླད་པ་ཡོད་མཁན་ནང་ཡིད་ཆེས་བྱེད་མཁན་ཞིག་མེད་པས། ལོ་རྒྱུས་ཀྱི་རྩོད་གླེང་བཙུགས་ཏེ་གོམ་པ་མདུན་སྤོར་བར་ཆད་བྱེད་པའི་ཐབས་ཇུས་བྱབ་ཆུང་འདི་ཕྱིར་བསྡུ་དགོས་པའི་དུས་ལ་བབས་འདུག

ཐའེ་ཝན་ནི་ལོ་རྒྱུས་སྟེང་ཅི་ཞིག་ཡིན་མིན་ཐའེ་ཝན་གྱི་བྱུང་རབས་མཁས་པ་ཚོས་ཤེས་པ་ལས། བོད་མིའི་ཕྱོགས་ནས་རང་ཁེའི་དོན་དུ་གཞན་མགོར་ཆུ་འདྲེན་གྱི་ཆབ་སྲིད་བཙོག་པའི་རིགས་ལ་ད་བར་ཡིད་ཆེས་བྱས་མེད་ལ། ༸གོང་ས་མཆོག་ནི་དོན་དམ་པའི་མི་མང་གི་རླབས་ཆེན་དབུ་ཁྲིད་ཅིག་ཡིན་པས། དེ་འདྲའི་ཁེ་ཕན་བརྗེ་རེས་ཀྱི་སྲིད་བྱུས་དང་བཀའ་མོལ་ཡོང་ས་མེད་ལ། ད་བར་ཐའེ་ཝན་གྱི་ལངས་ཕྱོགས་ལ་ཐེ་ཇུས་གནང་མྱོང་མེད། ཐ་ན་སྨྱུག་འཛིན་པ་ཁོ་བོ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཞིག་ཐའེ་ཝན་དུ་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས། ཧོང་ཀོང་རང་བཙན་དགོས་པའི་སྦྱར་བྱང་འཁྱེར་བའི་སློབ་ཕྲུག་ཁག་ཅིག་གིས་ང་ཚོའི་མཉམ་པར་རྒྱག་དགོས་པའི་རེ་སྐུལ་བྱས་བྱུང་། སྐབས་དེར་ང་ཚོས་དེའི་ཐད་ཐེ་བྱུས་བྱས་མེད། དེ་རིགས་ཕྱི་གསལ་ནང་གསལ་དང་། ཁ་ཞེ་གཉིས་མེད། བློ་ཐག་ཆོད་པོ་རེད།

ལོ་རབས་ ༨༠ ནང་བོད་མིའི་སྐུ་ཚབ་ཚོས་༸གོང་ས་མཆོག་གི་དགོངས་གཞི་མིན་པའི་བཀའ་མོལ་འཕྲོས་ཕྱོགས་ཤིག་ལ་གཞིགས་ཏེ། རྒྱ་ནག་གི་དབུ་ཁྲིད་ཡང་ཅན་རན་སོགས་ཀྱིས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་མིན་༸གོང་ས་མཆོག་ལ་ཞལ་བཞེས་གནང་དུ་འཇུག་རྒྱུར་ཀྲུང་དབྱང་གིས་གྲོས་ཐག་བཅད་པ་ནི། དངོས་དོན་ལ་གཟིགས་ཚུལ་ནོར་འཁྲུལ་བྱུང་པའི་ཐག་གཅོད་ནོར་ཚབས་ཅན་ཞིག་རེད་ལ། ལོ་རབས་ ༩༠ རྗེས་ཀྱི་༸གོང་ས་མཆོག་ཐའེ་ཝན་དུ་ཆིབས་བསྒྱུར་ལ་ཞེ་འཁོན་ལྟ་བུ་འཛིན་པའང་། དད་ལྡན་མི་མང་གི་ཆོས་ཕྱོགས་ཀྱི་གནད་དོན་ལ་མ་ཉེས་ཁག་གཡོགས་བྱས་པ་རང་རེད་འདུག་པས། མཁྲེགས་བཟུང་གི་སྲིད་བྱུས་འདི་རིགས་ད་ནས་བཟུང་ཕྱིར་བསྡུ་གནང་ན་གཟི་བརྗིད་དུ་མཐོང།

སྐུ་གཤེགས་དམ་པ་སྐུ་ཞབས་རྒྱ་ལོ་དོན་གྲུབ་ནས་ཡང་ཡང་གསུངས་པ་བཞིན། ༸གོང་ས་མཆོག་དང་བོད་མི་ཚོས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་མ་རེད་ལ། མིང་དོན་མཚུངས་པའི་རང་སྐྱོང་ཁྱིམ་ཚང་ཆེན་པོར་ལོག་འདོད་ནི་སྐོམ་པ་ཆུ་འདོད་ལྟར་སྒུག་བཞིན་པ་རེད། སྐུ་ཚེ་མཐར་ཕྱིན་པའི་སྐུ་ཞབས་རྒྱ་ལོ་དོན་གྲུབ་ཀྱི་རྒྱ་བོད་མི་རིགས་གཉིས་ལ་བཅངས་པའི་ལྷག་བསམ་རྣམ་དག་ཡིན་སྟབས། ཁོང་ཉིད་འདི་འདྲའི་སྐུ་ཚེ་རིང་པོར་ནད་མེད་རིག་པ་གྲུང་པོར་བཞུགས་པ་རེད། རྒྱ་ནག་གི་གཏམ་དཔེའི་ནང་དུའང་། མི་སེམས་བཟང་བྱས་ཅན་སྐུ་ཚེ་རིང་ཟེར་སྲོལ་ཡོད། ད་ལྟ་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་མཐོ་པོར་སླེབས་ཡོད་པས། རྒྱ་ནག་གཞུང་གི་༸གོང་ས་མཆོག་གི་དྲི་མ་མེད་པའི་དབུ་མའི་ལམ་གྱི་མངོན་འདོད་དང་། བོད་མི་མང་གི་བསམ་པ་གཅིག་ཏུ་སྒྲིལ་ཏེ་དབུ་མའི་ལམ་ལ་ཡིད་ཆེས་རྩེ་གཅིག་ཏུ་བྱེད་བཞིན་པ་འདིར་དོན་དམ་པའི་ཡ་ལན་བྱེད་དགོས་པའི་དུས་ལ་བབས་ཡོད།

༢༠༢༥ ཟླ་ ༢ ཚེས་ ༡༤ ཉིན།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese