མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྒོ་གསུམ་གྱི་སྡིག་སྒྲིབ་བསགས་པ་དེ་དག་སྙིང་ཁོངས་རུས་པའི་གཏིང་ནས་བཤགས་པར་བྱ་དགོས་བསམ་པའི་ཀུན་སློང་དགོས་པ་སོགས་ཀྱི་ལམ་སྟོན་མཛད།

དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ཐད་གཏོང་ནས་སྐུ་པར་བླངས། ༢༠༢༤།༢།༡༧

དེ་རིང་རྒྱ་གར་ལྷོ་ཕྱོགས་ཧོན་སུར་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། དེ་རིང་རྒྱུད་སྨད་ཀྱིས་བརྟན་བཞུགས་ཕུལ་བ་རེད། བོད་གངས་ཅན་གྱི་ལྗོངས་སུ་འཕགས་པའི་ཡུལ་ནས་བསྒྱུར་བའི་ཆོས་མང་པོ་ཞིག་ཡོད་པའི་ནང་ནས། འཆད་ཉན་སྒོམ་སྒྲུབ་རྒྱུན་མི་ཆད་པ་བྱེད་བཞིན་པ་དེ་གསང་བ་འདུས་པའི་སྐྱེས་རྫོགས་ཆགས་ཀྱི་ཡོད། སྤྱི་ཡོངས་ཀྱི་ཆ་ནས་བོད་ཡོངས་རྫོགས་ལ་གསང་བ་འདུས་པའི་ཆོས་འཆད་ཉན་བྱ་རྒྱུ་ཡོད་རེད་དེ། གྲྭ་ཚང་སྡེ་ཚན་དམིགས་བསལ་ཞིག་གིས་གསང་བ་འདུས་པའི་འཆད་ཉན་བྱ་རྒྱུའི་འགན་བསྐུར་བ་དེ་རྗེ་རིན་པོ་ཆེའི་ཕྱག་བཞེས་རེད། རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་གསང་བ་འདུས་པའི་རྩ་རྒྱུན་འཆད་ཉན་དང་། དེ་དང་འདྲ་བའི་འགྲེལ་བ་བྱེ་བྲག་འཆད་ཉན་གནང་རྒྱུ་དེ་དག་ཁྲལ་ལྟ་བུ་ཆགས་ཀྱི་ཡོད། གསང་བ་འདུས་པའི་ལམ་དང་འགྲེལ་བའི་རྣམ་གཞག་གང་འདྲ་ཡིན་མིན་དམིགས་བསལ་དོ་སྣང་བྱས་ནས་འཁྲིད་རྒྱུ་མེད་ནའང་། གསང་བ་འདུས་པ་བཀའ་དྲིན་ཆེན་པོ་ཡོད་བསམས་ནས་འགྲོ་ཡི་ཡོད་པ་རེད། ངོས་རང་ལ་ཆ་བཞག་ནའང་། མགོ་སྟོད་དུ་དེ་འདྲ་ཕྱིན་པ་རེད། ཕྱིས་སུ་གསང་བ་འདུས་པའི་ལམ་གྱི་འགྲོ་སྟངས་དེ་དག་ཤེས། རྗེ་རིན་པོ་ཆེས་གསུངས་པའི་ནང་ལོགས་ལ་གསང་བ་འདུས་པའི་སྐོར་གསུངས་པ་དེ་དག་ལ་བསམ་བློ་གཏོང་དུས། དངོས་གནས་དྲང་གནས་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པའི་སྙིང་པོ་གཙོ་བོ་ཞིག་རེད་འདུག་བསམས་ནས་ངེས་པ་རྙེད་ཐུབ་པ་ཞིག་ཡོང་གི་འདུག ང་ཚོའི་རྒྱུད་གྲྭ་སྨད་སྟོད་གཉིས་ལ་ཆ་བཞག་ན། གསང་བ་འདུས་པའི་རྒྱུད་འཆད་ཉན་དེ་དགོན་པའི་སྒྲིག་འཛུགས་ཀྱི་ཁྲལ་ལྟ་བུ་འདོན་རྒྱུ་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས།

༧མགོན་པོ་གང་ཉིད་མཆོག་གིས། གསང་སྔགས་ཀྱི་ཆོས་ཉམས་ལེན་བྱེད་མཁན་ཚོས་སྔོན་ལ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དེ་དག་དངོས་གནས་དྲང་གནས་ཀྱིས་སེམས་ཀྱི་གཏིང་ནས་འགུལ་སྐྱོད་ཐེབས་རྒྱུ་ཞིག་དགོས་པ་རེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་མེད་ན་སྔགས་ཉམས་ལེན་བྱ་རྒྱུ་མེད་པ་རེད། འཛམ་གླིང་འདིའི་སྒང་གི་ཉམ་ཐག་པའི་སེམས་ཅན་སྤྱི་དང་། ད་ལྟ་ང་ཚོའི་མཐོང་ཆོས་ལ་ཡོད་པའི་འཛམ་གླིང་གི་མི་གཙོ་བོར་གྱུར་བའི་སྲོག་ཆགས་དེ་དག་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རང་དང་མཚུངས་པ་རེད་དེ། སྡུག་བསྔལ་གྱིས་མནར་བ་དང་བདེ་བས་ཕོངས་ནས་ཡོད་པ་ང་ཚོ་ཚང་མས་མཐོང་བསྡད་པ་དེ་རེད། འཛམ་གླིང་འདིའི་སྒང་གི་མི་དུང་ཕྱུར་ཁ་ཤས་ཡོད་པ་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རེད་དེ། སེམས་མ་རུང་བ་དང་རྨོངས་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་ཡིན་པ་མ་ཤེས་པ་དང་སྣང་མེད་དུ་བཞག་སྟེ་འགྲོ་ཡི་ཡོད་པ་རེད། ཅེས་གསུངས།

སྡུག་བསྔལ་གྱི་རྒྱུ་སྒོ་གསུམ་གྱི་མི་དགེ་བའི་ཐོག་ནས་ཡོང་གི་ཡོད་པ་དང་། སྔགས་བྱང་སེམས་ཀྱི་དབང་དང་བྱིན་རླབས་དེ་འདྲ་ཐོབ་ཡོད་ན། དེ་དང་འབྲེལ་བའི་ངེས་པ་དེ་འདྲ་མང་པོ་ཡོང་གི་ཡོད་པ་རེད། རང་ཉིད་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲངས། རྡོ་རྗེ་ཐེགས་པའི་ལམ་ལ་བསླབ། སྐབས་སུ་བབས་པ་རྡོ་རྗེ་སེམས་པ་བསྐྱེད་ནས་སྡིག་སྒྲིབ་དག་རྒྱུའི་དམིགས་པ་དང་མོས་པ་བྱེད་དུས། ༧རྒྱལ་བའི་དགོངས་པ་དང་མཐུན་པ་ཞིག་རང་གིས་མི་ཤེས་པ་དང་བསམ་བཞིན་དུ་སྡུག་བསྔལ་གྱི་རྒྱུ་དང་དུ་བླངས་པ་དང་སྣང་མེད་དུ་བཏང་བ་ཡིན་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ཕྱོགས་དོག་མེད་པར་ཐམས་ཅད་མཁྱེན་མཁན་ཞིག་ཡིན་པར་བརྟེན། སངས་རྒྱས་བཅོམ་ལྡན་འདས་ལ་ངས་སྒོ་གསུམ་གྱི་སྡིག་སྒྲིབ་བསགས་པ་དེ་དག་སྙིང་ཁོངས་རུས་པའི་གཏིང་ནས་བཤགས་པར་བྱ་དགོས་བསམ་པའི་དགོས་པ་དང་བཅས་པའི་སེམས་ཤུགས་ཡག་པོ་ཞིག་སྐྱེས་ནས་མ་ཎི་སོགས་བསགས་པ་ཡིན་ན་ཡག་པོ་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese