མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་གསུམ་རིང་སོ་ནམ་ལས་གཞི་ཡར་རྒྱས་གཏོང་ཕྱོགས་ཀྱི་ཚོགས་ཆེན་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཞིང་པ་རྣམས་ལ་དཔལ་འབྱོར་དང་འཕྲུལ་རིག་གི་མཐུན་འགྱུར་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་སྐོར་གསུངས།

Sikyong Penpa Tsering speaking about CTA’s long-term vision for agricultural development and sustainability.

ཁ་སང་ཕྱི་ཚེས་ ༢༠ ནས་ ༢༢ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག སྦེལ་ཀོབ་གཞིས་ཆགས་ཀྱི་སྐྱེ་ལྡན་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་བོད་མིའི་སོ་ནམ་གཞིས་ཆགས་ཁག་གི་སོ་ནམ་ལས་གཞི་ཡར་རྒྱས་གཏོང་ཕྱོགས་ཀྱི་ཚོགས་ཆེན་འཚོག་མགོ་བཙུགས་ཡོད་ཅིང་། ཚོགས་ཆེན་དེའི་དབུ་འབྱེད་མཛོད་སྒོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། ནང་སྲིད་དྲུང་འཕར་ཚེ་རིང་གཡུ་སྒྲོན་ལགས། སྐྱེ་ལྡན་ཉམས་ཞིབ་དང་སྦྱོང་བརྡར་ཁང་གི་འགན་འཛིན་ཚེ་རིང་རྡོ་རྗེ་ལགས་སོགས་ཀྱིས་མཉམ་ཞུགས་གནང་འདུག

དབུ་འབྱེད་མཛད་སྒོའི་ཐོག་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། བཙན་བྱོལ་བོད་མིའི་ཞིང་ལས་འཕེལ་རིམ་སྐོར་དང་། དེ་སྔ་བོད་མི་རྣམས་ལ་ཞིང་ལས་སྐོར་གོ་རྟོགས་མང་པོ་མེད་ཀྱང་ཞིང་ལས་འདེབས་འཛུགས་བྱས་པ་ནས་བཟུང་། ཞིང་ལས་ཐོག་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པའི་ཁར། ཉེ་ལམ་དེང་དུས་ཀྱི་འཕྲུལ་རིག་བེད་སྤྱོད་བྱེད་དེ་ཞིང་ལས་འདེབས་འཛུགས་བྱེད་ཀྱི་ཡོད་སྐོར། ཁོར་ཡུག་ལ་དོ་ཕོག་མེད་པའི་ཐབས་ལམ་བརྒྱུད་ཞིང་ལས་གཉེར་དགོས་སྐོར་སོགས་གསུངས་རྗེས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཞིང་ལས་ཡར་རྒྱས་གཏོང་ཐབས་སུ་ལས་དོན་གཉེར་རྒྱུ་གལ་ཆེན་ཡིན་པའི་སྐོར་དང་འབྲེལ།  ཕྱི་ལོ་ ༡༩༦༠ དང་ ༡༩༧༠ ལོར་བོད་མི་རྣམས་མ་རྨོས་ལོ་ཏོག་དང་། ཞོག་ཁོག སྲན་མ་སོགས་ཞིང་ལས་ཀྱི་འཚོ་བ་སྐྱེལ་གྱི་ཡོད། འོན་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རང་ཁ་རང་གསོའི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ལ་བརྟེན་ནས་བོད་ཀྱི་ཞིང་ལས་ཡར་རྒྱས་ཕྱིན་ཡོད། དེ་བཞིན་སྐྱེ་ལྡན་ཉམས་ཞིབ་དང་སྦྱོང་བརྡར་ཁང་གསར་འཛུགས་དང་། དེང་དུས་འཕྲུལ་རིག་བེད་སྤྱོད་བྱས་ཏེ་ཞིང་པ་ཚོས་ལོ་ཏོག་སྣ་མང་འདེབས་འཛུགས་དང་། ས་ཞིང་གི་སྤུས་ཚད་ཇེ་ལེགས་སུ་གཏོང་ཐུབ་པ། སྐྱེ་ལྡན་ཞིང་ལས་ལ་དམིགས་ཏེ་ཞིང་ལས་ཀྱི་ནུས་པ་ཡར་རྒྱས་འགྲོ་བཞིན་ཡོད།  ཅེས་དང་། ཚོགས་ཆེན་དེ་ནི་བོད་པའི་གཞིས་ཆགས་ཁག་གི་ཞིང་ལས་ཐོག་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་དང་། ཡུན་གནས་ཐུབ་པའི་ཞིང་ལས་ཀྱི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་སོགས་ཀྱི་ཐད་ལ་ལས་དོན་གཉེར་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། དེང་རབས་ཀྱི་འཕྲུལ་རིག་དང་སྲོལ་རྒྱུན་གྱི་ཡོན་ཏན་གཉིས་བེད་སྤྱོད་ཚད་ལྡན་གཏོང་དགོས་པ་དང་། རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་ལུད་སོགས་བེད་སྤྱོད་བྱས་ནས། སྐྱེ་ལྡན་རང་བཞིན་གྱི་ཞིང་ལས་ཡུན་གནས་ཐུབ་པ་བྱ་དགོས། ཞེས་དང་། གཞོན་སྐྱེས་ཚོས་ཞིང་ལས་ནང་མཉམ་ཞུགས་བྱས་ཏེ། ཞིང་ལས་ནི་འཚོ་ཐབས་བཟང་པོ་ཞིག་དང་། གཟི་བརྗིད་དང་ལྡན་པའི་ལས་རིགས་ཤིག་ཏུ་ངོས་འཛིན་བྱ་དགོས་པའི་སྐུལ་མ་དང་། གཞོན་སྐྱེས་ཚོས་བོད་ཀྱི་ཞིང་ལས་དེང་རབས་ཅན་དུ་བསྒྱུར་ཏེ། སོ་སོའི་སྤྱི་ཚོགས་ནང་ཟས་རིགས་ཀྱི་བདེ་འཇགས་ཚད་ལྡན་ཞིག་ཡོང་རྒྱུ་སོགས་ནུས་པ་གལ་ཆེན་བསྟན་ཐུབ་པས། བོད་མིའི་སྒྲིག་འཛུགས་ཀྱིས་ཞིང་པ་རྣམས་ལ་མུ་མཐུད་དུ་དཔལ་འབྱོར་དང་འཕྲུལ་རིག་གི་མཐུན་འགྱུར་རོགས་རམ་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་ལ། རྒྱ་གར་གཞུང་དང་ཀར་ན་ཊ་ཀ་མངའ་སྡེ་ནས་བོད་མིའི་གཞིས་ཆགས་ཁག་དང་། ཞིང་ལས་ཐོག་མུ་མཐུད་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་འདུག

ཚོགས་འདུའི་ཐོག་གཞིས་ཆགས་ཁག་གི་ས་གནས་མགོ་འཛིན་དང་། ཞིང་ལས་ཆེད་མཁས་པ། ཞིང་པ་སོགས་མཉམ་འཛོམས་ཀྱིས་ད་ལྟའི་ཆར་བོད་མིའི་སོ་ནམ་གཞིས་ཆགས་ཁག་ལ་དཀའ་ངལ་འཕྲད་བཞིན་པའི་སྐོར་གླེང་སློང་དང་། ཤེས་ཡོན་བརྗེ་ལེན། ཞིང་ལས་ཐོན་སྐྱེད་ཡར་རྒྱས་གཏོང་ཐབས་ཀྱི་འཆར་འགོད་བྱེད་པ་སོགས་ཕན་ཐོགས་བྱུང་ཡོད། མཉམ་ཞུགས་པ་རྣམས་ཀྱིས་ཞིང་ལས་གནད་དོན་གཙོ་བོ་གྲོས་བསྡུར་དང་། ཉམས་མྱོང་བརྗེ་རེས། བོད་པའི་གཞིས་ཆགས་ཁག་ཏུ་ཡུན་གནས་ཐུབ་པའི་ཞིང་ལས་ཐོན་སྐྱེད་ཀྱི་འཆར་འགོད་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese