མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྩོམ་པ་པོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྩམས་པའི་དཔེ་དེབ་དེའི་ཁྲོད། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་ཡོད་ཚུལ་གྱི་རྒྱུ་མཚན་དྲངས་ནས། སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་འཁྱོག་བཤད་བྱས་པ་དེ་དག་དངོས་ཡོད་མིན་པ་ཁུངས་སྐྱེལ་དཔང་རྟགས་རང་བཞིན་གྱི་ཐོག་ནས་བསྒྲུབས་ཡོད་སྐོར་སོགས་གསུངས་འདུག

༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་། བོད་ཀྱི་དཔེ་མཛོད་ཀྱི་ཐད་གཏོང་ལས་བླངས། ༢༠༢༥།༢།༢༡

འདི་ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ རུ་ཕེབས་པ་དང་། གསེར་ཁྲིར་མངའ་གསོལ་ཞུས་ཏེ་མི་ལོ་ ༨༥ འཁོར་བ། དེ་བཞིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་གཙང་བཞེས་མཛད་ནས་མི་ལོ ༧༥ འཁོར་བ་བཅས་དུས་བཟང་གསུམ་འཛོམས་ཀྱི་ཉིན་མོ་དང་བསྟུན། དེ་རིང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྩམས་པའི་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་ལ། དབུ་འབྱེད་མཛད་སྒོ་དེའི་ཐོག་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སོགས་ཀྱིས་དབུས། དྷ་སའི་ཁུལ་གྱི་ཉམས་ཞིབ་པ་དང་རྩོམ་པ་པོ་སོགས་ཕེབས་འདུག

དབུ་འབྱེད་མཛད་སྒོའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དཔེ་དེབ་ཀྱི་ངོ་སྤྲོད་དུ། རྩོམ་པ་པོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་གངས་ལྗོངས་བསྟན་འགྲོའི་ཕན་བདེའི་སྲོག་ཤིང་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ངོས་འཛིན་དང་གསེར་ཁྲིར་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་ཞེས་པའི་དཔེ་དེབ་ཁུངས་ལྡན་བརྩམས་གནང་བ་འདི་ནི་དུས་ཐོག་གི་ཆར་པ་ཞིག་ཡིན། རྒྱ་ནག་དམར་གཞུང་གི་བྱེད་སྟངས་ནི་ཐམས་ཅད་རང་གི་ཆབ་སྲིད་ཀྱི་དགོས་མཁོ་དང་ལག་ཆར་བེད་སྤྱོད་སླད་འཁྱོག་བཤད་བྱ་རྒྱུར་གོམས་ནས་ཡོད། གཅིག་བྱས་ན་མའོ་ཙེ་ཏུང་གིས་རྫུན་གཅིག་ཐེངས་བརྒྱ་ལ་བཤད་ན་བདེན་པར་ཆགས་རྒྱུ་རེད་བཤད་པ་དེ་ལག་ལེན་དུ་བསྟར་གྱིན་པ་མིན་འགྲོ། རྒྱ་དམར་དེ་འཛམ་གླིང་ནང་གི་གལ་ཆེན་རྒྱལ་ཁབ་ཅིག་ཆགས་འདོད་ཡོད་ཀྱང་། ད་ལྟའི་རྒྱ་ནག་དམར་གཞུང་ལ་དོན་དམ་པར་ཡ་རབས་སྤྱོད་བཟང་གི་ལྟ་ཁོམ་སྡོད་ཁོམ་གང་ཡང་མེད་པར། དམག་དང་དཔལ་འབྱོར་སྟོབས་ཤུགས་ཁོ་ནས་རྒྱལ་ཁབ་གལ་ཆེན་ཞིག་ཆགས་འདོད་བྱེད་ཀྱིན་ཡོད། ཡ་རབས་སྤྱོད་བཟང་མེད་པའི་དཔེར་བརྗོད་དེ་ག་རེ་རེད་ཟེར་ན། བོད་ཁོ་ན་མ་ཡིན་པར་ཉེ་འཁྲིས་ཀྱི་ཁྱིམ་མཚེས་ཚང་མའི་ས་ཆ་འཇབ་རྒོལ་བཙན་བཟུང་དང་། དངུལ་དངོས་དང་མི་འབོར་གྱི་དབང་ཤེད་བེད་སྤྱད་ནས་བསླུ་བྲིད་བརྒྱུད། རྫུན་རྒྱབ་རྫུན་གྱིས་འགེབས་ཐབས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་མཁྱེན་གསལ་རེད། བོད་ཀྱི་ས་ཆ་ཚང་མ་བཙན་དབང་གིས་བཟུང་བ་མ་ཟད། དེང་སང་ཐམས་ཅད་རྒྱ་ནག་ཅན་དུ་འགྱུར་དགོས་ཟེར་ནས་ངོ་ཚ་ཁྲལ་མེད་ཀྱི་གདོང་རྗེན་དམར་པོ་བསྟན་ནས། བོད་ཀྱི་ངོ་བོ་མཚོན་བྱེད་ཀྱི་ཆོས་དང་རིག་གཞུང་དང་བཅས་རྩ་མེད་ནག་བསུབས་གཏང་རྒྱུར་ཐབས་ཤེས་བྱེད་མུས་ཡིན། ཞེས་བརྗོད་སོང་།

དཔེ་དེབ་དབུ་འབྱེད་དེ་དང་འབྲེལ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྲ་ལམ་ནས། དེ་རིང་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་འགན་བཞེས་ནས་བོད་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་ནང་ནས། དོན་གནད་གལ་ཆེན་པོ་ཞིག་དང་འབྲེལ་ནས། ལོ་མང་པོའི་རིང་རྒྱ་ནག་དང་ཐའེ་ཝན། བོད་སོགས་ནས་ཡིག་ཆ་མཁོ་སྒྲུབ་བྱས་ཏེ། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གསེར་ཁྲི་མངའ་གསོལ་ཞུ་རྒྱུ་སོགས་དང་འབྲེལ་བའི་རྒྱ་ནག་གཞུང་གིས་འཛམ་གླིང་ལ་འཁྱོག་བཤད་བྱེད་མུས་ཡིན་པ་དེ་དག་བདེན་པ་མིན་པའི་ཐད་ཞིབ་འཇུག་གནང་ནས་དེབ་གཟུགས་ཀྱི་ངོ་བོར་བཏོན་གནང་ཡོད་རེད། དེ་ནི་ལོ་རྒྱུས་ཀྱི་ཆ་ཕྲ་མོ་ཞིག་རེད། དཔེར་ན། ༧གོང་ས་མཆོག་གི་མཛད་རྣམ་དུ་དེ་དག་མཇལ་རྒྱུ་ཡོད་ནའང་། རྩོམ་པ་པོ་བསོད་ནམས་རྡོ་རྗེ་ལགས་ཀྱི་དཔེ་དེབ་ནང་རྒྱ་ནག་གཞུང་གིས་སྐབས་དེ་དུས་བོད་ལ་དབང་བསྒྱུར་བྱས་ཡོད་པའི་རྒྱུ་མཚན་དུ་དྲངས་ནས། སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་འཁྱོག་བཤད་བྱས་པ་དེ་དག་དངོས་ཡོད་མིན་པར་ཁུངས་སྐྱེལ་དཔང་རྟགས་ཀྱི་ཐོག་ནས་བསྒྲུབས་གནང་ཡོད་རེད། ཁོང་ཉིད་རྩ་བའི་གཞུང་ཞབས་རེད་ལ་ད་ལྟ་ཚོགས་དྲུང་ཆགས་ཡོད་དུས་ཕྱག་ལས་མང་པོ་ཞེ་དྲགས་ཡོད་རེད་དེ། གནད་དོན་དེ་དག་གལ་ཆེན་དུ་གཟིགས་ནས་དངོས་སུ་ཉམས་ཞིབ་གནང་སྟེ། དེབ་པར་འགྲེམས་བྱ་རྒྱུའི་དུས་ལ་སླེབས་པས། ཁོང་གི་སྐུ་ལས་བསྐྱོན་པར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་། རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

དེའི་རྗེས་རྩོམ་པ་པོ་བསོད་ནམས་རྡོ་རྗེ་ལགས་ཀྱིས། དཔེ་དེབ་དེའི་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཇི་ལྟར་ཡང་སྲིད་ངོས་འཛིན་གནང་མིན་དང་། དེ་བཞིན་གསེར་ཁྲི་མངའ་གསོལ་ཇི་ལྟར་ཞུས་མིན་དང་འབྲེལ་ནས་བྲིས་ཡོད་ཅིང་། དཔེ་དེབ་འདིའི་ནང་རྒྱ་ནག་གི་རྒྱབ་ཤ་དཀར་པོ་དང་། རྒྱ་ནག་གིས་ཨ་རིའི་ཕྱི་ལོ་ ༢༠༢༠ ལོར་སྐུའི་ཡང་སྲིད་དང་འབྲེལ་བའི་ཁྲིམས་འཆར་ལ་ལན་འདེབས་བྱས་པ། རྒྱ་ནག་གཞུང་གིས་ཡིག་ཆ་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡང་སྲིད་ངོས་འཛིན་སྐབས། རྒྱ་ནག་དབུས་གཞུང་གིས་གསེར་བུམ་དཀྲུགས་མི་དགོས་པར་ཡང་སྲིད་ངོས་འཛིན་ཆོག་པའི་ཆོག་མཆན་སྤྲད་ཡོད་ལུགས་ཀྱི་འཁྱོག་བཤད་དག  ལོ་རྒྱུས་ཀྱི་བདེན་དཔང་དང་ཞིབ་འཇུག་རང་བཞིན་ཐོག་ནས་སྐུའི་ཡང་སྲིད་ཀྱི་ངོས་འཛིན་གནང་སྟངས་དང་གསེར་ཁྲི་མངའ་གསོལ་ཞུ་སྟངས་ཀྱི་ཐད་ལ་གསལ་ཁ་བསྟན་ཡོད་སྐོར་དང་། དཔེ་དེབ་འདི་ནི་ལོ་རྒྱུས་མཁས་དབང་གིས་བྲིས་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་མིན་ནའང་། དེའི་ནང་སྐབས་དེའི་དུས་ཀྱི་ལོ་རྒྱུས་དང་ཐད་ཀར་འབྲེལ་བ་ཡོད་པའི་མིས་བྲིས་པའི་རྩོམ་ཡིག་དང་། གཞུང་འབྲེལ་ཡིག་ཆ། རྒྱ་ཡིག་ནང་ཡོད་པའི་ལོ་རྒྱུས་དེབ་ཐེར་སོགས་ལས་ལུང་འདྲེན་དང་། དཔང་རྟགས་མང་པོ་ཞིག་ལུང་འདྲེན་བྱས་པའང་། ལོ་རྒྱུས་ཞིབ་འཇུག་དང་ཉམས་ཞིབ་བྱེད་མཁན་རྣམས་ལ་ཞིབ་འཇུག་གི་རྒྱུ་ཆར་དམིགས་ཡོད་སྐོར་སོགས་བརྗོད་འདུག

ཡང་རྩོམ་པ་པོས། དཔེ་དེབ་འདིའི་ཁྲོད་རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་དང་འབྲེལ་བའི་རྩོམ་ཡིག་ཁག་ཅིག་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ་དང་། རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་སོགས་ཡིག་ཆ་མང་པོ་ཞིག་ཏུ། ཆབ་སྲིད་ཀྱི་དགོས་མཁོ་དང་ཁེ་ཕན་གྱི་དབང་གིས་མ་ཡིག་ལས་འགལ་ནས་བཅོས་སྒྲིག་དང་སྒྲིག་སྦྱོར་བྱས་ཡོད་པ་ཁག དཔེ་མཚོན་རང་བཞིན་ལྡན་པའི་ཐོག་ནས་གསལ་སྟོན་དང་། ཕྱི་ལོ་ ༡༩༣༣ ལོ་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་སྐུ་གཤེགས་རྗེས་དང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་མོ་མཆོག་ཡང་སྲིད་ངོས་འཛིན་གནང་ནས། གསེར་ཁྲི་མངའ་གསོལ་ཞུ་དུས་བར་ཀྱི་དུས་ཚོད་ཐུང་ཐུང་དེའི་རིང་ལའང་། ལོ་རྒྱུས་དེབ་ཐེར་དང་ཡིག་ཆ་མང་པོ་ཞིག་ནས་རྒྱ་ནག་དང་བོད་ཐ་དད་ཡིན་པའི་བདེན་དཔང་གི་ཡིག་ཆ་མང་དག་ཅིག་མཁོ་བསྡུ་གནང་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

STEVE REED, STAND FOR TIBETANS. Tibet Action's photo
Mobile App

རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞིར་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག

ཆུ་ཚོད་ ༡ སྔོན་ལ།
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་བྷ་ཌ་ཝ་ཇི་ལགས། དྲ་ལམ་གྱི་པར།
Mobile App

དྷ་རམ་ས་ལར་ནང་བསྟན་རིག་པའི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་ཀྱི་གྲོས་གཞི་གྲོས་འཆར་གདོན་རྒྱུ་ཡིན་འདུག

ཆུ་ཚོད་ ༡ སྔོན་ལ།
The U.S. Agency for Global Media website is displayed on a phone with Voice of America branding in the background. Photo: Jonathan Raa/NurPhoto via Getty Images
Mobile App

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་སྤྲོད་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༡/༡༤
On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

༢༠༢༦/༠༡/༡༣
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese