མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ལ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས། 

བོད་ཀྱི་དུས་བབ།
༢༠༢༥/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༨ པ་དང་བསྟུན་བོད་པ་དང་རྒྱ་རིགས་རྣམས་ཀྱིས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་རྡོག་རོལ་གཏོང་བཞིན་པར་ཞི་བའི་ངོ་རྒོལ་བྱས་འདུག

རྒྱལ་ཚོགས་མདུན་ཐང་དུ་བོད་པ་དང་རྒྱ་རིགས་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱས། སུད་སི་དང་ལིག་ཏེན་སིཊིཡན་བོད་རིགས་ཚོགས་པའི་ཐད་གཏོང་ལས་བླངས། ཕྱི་ལོ་ ༢༠༢༥།༠༢།༢༤

ཁ་སང་ཕྱི་ཚེས་ ༢༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༨ པ་འཚོག་བཞིན་པ་དང་བསྟུན། སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ།  སུད་སི་དང་ལིག་ཏེན་སི་ཊི་ཡན་བོད་རིགས་ཚོགས་པའི་གོ་སྒྲིག་འོག རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ཞི་བའི་ངོ་རྒོལ་གནང་ཡོད་ཅིང་། འདུ་འཛོམས་ཐོག་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་དང་། ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས། སུད་སི་དང་ལིག་ཏེན་སི་ཊི་ཡན་བོད་རིགས་ཚོགས་པའི་ཚོགས་གཞོན་སྐལ་བཟང་རྣམ་རྒྱལ་ལགས། ས་གནས་བོད་རིགས་མི་མང་། ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་པ། རྒྱ་རིགས་ཡི་ཤུའི་ཚོགས་པའི་ཚོགས་མི་གྲངས་ ༣༠ ཡིས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་སུད་སི་དང་ལིག་ཏེན་སིཊིཡན་བོད་རིགས་ཚོགས་པའི་ཚོགས་གཞོན་སྐལ་བཟང་རྣམ་རྒྱལ་ལགས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་གྱི་ཆེད་དུ་ལས་འགུལ་དེ་ལོ་མང་པོའི་སྔོན་ནས་མགོ་བཙུགས་ཡོད་ཅིང་། བོད་དོན་བདེན་མཐའ་མ་སེལ་བར་དུ་མུ་མཐུད་སྤེལ་དགོས་པ་ཞིག་རེད།   རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་རྡོག་རོལ་གཏོང་བཞིན་ཡོད་པ་དང་། བོད་ནང་གི་བོད་མིའི་འབོད་སྒྲ་དེ་རང་དབང་ལུང་པའི་ནང་གི་བོད་མི་རྣམས་ཆགས་ཀྱི་ཡོད་པས། བོད་མི་ཉུང་ཤས་ཤིག་ལས་མེད་ཀྱང་སྤོབས་པ་སྐྱེས་དགོས་པ་ཞིག་རེད། དེ་རིང་སུད་སི་དོན་གཅོད་ཁང་བརྒྱུད་ནས་རྒྱ་རིགས་གང་མང་མཉམ་ཞུགས་གནང་བཞིན་ཡོད། གང་ལྟར་ང་ཚོས་མུ་མཐུད་དུ་ལས་འགུལ་སྤེལ་ཐུབ་པ་དང་། བོད་ནང་དུ་འབྱུང་བཞིན་པའི་གནས་ཚུལ་རྣམས་འཛམ་གླིང་མི་མང་གི་ཁྲོད་དྲིལ་བསྒྲགས་བྱེད་དགོས་པ་གནད་འགག་ཅིག་རེད། དེ་བཞིན་ཡུ་རོབ་ཀྱི་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༦ གི་དུས་དྲན་གྱི་སྐབས་སུ་འཛམ་གླིང་ལག་རྩེད་སྤོ་ལོ་རྩེད་མཁན་གྲགས་ཅན་ཨེ་ནི་སི་ཧྥི་རི་ཌམ་(Enes Freedom) ལགས་ཀྱང་མཉམ་ཞུགས་བྱེད་གཏན་ཁེལ་ཡོད་པར་བོད་དོན་ཐོག་དྲིལ་བསྒྲགས་ཤུགས་ཆེན་འགྲོ་རྒྱུ་རེད། ལས་འགུལ་འདིས་རྒྱ་གཞུང་གི་སྡུག་རྩུབ་འོག་དཀའ་ངལ་མྱོང་བཞིན་པའི་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཚང་མའི་དཀའ་ངལ་ལ་གདོང་ལེན་བྱེད་བཞིན་པ་མཚོན་གྱི་ཡོད། ཅེས་བརྗོད་སོང་།

རྒྱལ་ཚོགས་མདུན་ཐང་དུ་བོད་པ་དང་རྒྱ་རིགས་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱས། སུད་སི་དང་ལིག་ཏེན་སིཊིཡན་བོད་རིགས་ཚོགས་པའི་ཐད་གཏོང་ལས་བླངས། ཕྱི་ལོ་ ༢༠༢༥།༠༢།༢༤

སུད་སི་སྐུ་ཚབ་དོན་གཅོད་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ཚོགས་མི་རྒྱལ་ཁབ་ ༤༧ ཡོད་པའི་ཁྲོད། ཕྱི་ལོ་ ༢༠༢༥ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་དེ་སུད་སི་རྒྱལ་ཁབ་བསྐོ་གཞག་གནང་ཡོད་ཅིང་། ཕྱི་ཟླ་ ༢ ཚེས་ ༡༢ ཉིན་སུད་སི་གཞུང་གིས་རྒྱ་གཞུང་གིས་བོད་དང་ཡུ་གུར་གྱི་ཐོག་གནོན་ཤུགས་སྤྲོད་བཞིན་པའི་གཞུང་འབྲེལ་ཡིག་ཆ་ཞིག་བཏོན་ཡོད། དེ་ནི་སུད་སི་གཞུང་གིས་རྒྱ་གཞུང་གི་གནོན་ཤུགས་ལ་ཞིབ་འཇུག་དང་ལྟ་ཞིབ་བྱས་པའི་ཡིག་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་སྡིངས་ཆ་འདི་བརྒྱུད་ནས་སུད་སི་གཞུང་དང་མི་མང་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ།  འདི་ལོའི་ལོ་གཅིག་རིང་སུད་སི་རྒྱལ་ཁབ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་གཞག་བྱས་པར་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

ཡང་ཁོང་གིས། ཐེངས་འདིའི་ལས་འགུལ་ནང་རྒྱ་རིགས་ཡི་ཤུའི་ལས་འགུལ་བ་མང་པོ་མཉམ་ཞུགས་བྱེད་བཞིན་ཡོད། ཁོང་ཚོ་རྒྱ་རིགས་ཡིན་ཡང་རྒྱ་ནག་ནང་དུ་ཆོས་དད་རང་དབང་མེད་པ་མ་ཟད། རྒྱ་གཞུང་གིས་ཆོས་དད་རང་དབང་རྩོད་ལེན་པ་རྣམས་བཙོན་འཇུག་བྱེད་པ་དང་། གར་སོང་ཆ་མེད་གཏོང་བ། ཐ་ན་གཟུགས་པོའི་ནང་ཁྲོལ་གྱི་ཚོང་ལས་བྱེད་པའི་གནས་སྟངས་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགོ་ཁྲིད་རྣམ་པས་རྒྱ་གཞུང་གི་ལངས་ཕྱོགས་ལ་སེམས་འཚབ་གནང་ཡོད་ཀྱང་། རྒྱ་གཞུང་གིས་རྒྱ་རིགས་མི་མང་ལའང་དཀའ་ངལ་མུ་མཐུད་དུ་སྤྲོད་མུས་ཡིན་པས། ད་ལན་ང་ཚོས་ཐུན་མོང་ཐོག་ཞི་བའི་ངོ་རྒོལ་བྱ་དགོས་པ་དམིགས་ཡུལ་གཙོ་བོ་ཆགས་ཡོད། རྒྱ་གཞུང་གིས་བོད་ནང་ཁོར་ཡུག་ལ་གཏོར་བཤིག་དང་། གཏེར་ཁ་སྔོག་འདོན། ཆུ་མཛོད་འདྲ་མིན་འཛུགས་སྐྲུན་སོགས་ལ་བརྟེན་ནས་ཉེ་སྔོན་བོད་ཀྱི་དིང་རི་ཁུལ་དུ་ས་ཡོམ་བརྒྱབ་པ་རེད། དེ་བཞིན་རྒྱ་གཞུང་གིས་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭ་ལ་བཙན་འཇུག་བྱེད་བཞིན་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་བརླག་གཏོང་བཞིན་ཡོད། དེ་རིང་འདིར་འཛོམས་དགོས་པའང་རྒྱ་ནག་གཞུང་གི་མནར་གཅོད་འོག་དཀའ་ངལ་འཕྲད་མུས་ཡིན་པའི་བོད་མི་ཡོངས་ཀྱི་ཆེད་དུ་ཡིན་པས། མ་འོངས་པའང་ང་ཚོ་མཉམ་རུབ་ཀྱི་ཐོག་རྒྱ་གཞུང་ལ་ཁ་གཏད་གཅག་དགོས་པ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

དེ་བཞིན་རྒྱ་རིགས་ཡི་ཤུའི་ཚོགས་པ་དང་ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་སྐུ་ཚབ་མི་སྣས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ལ་དཀའ་ངལ་སྤྲོད་མུས་ཡིན་པ་མ་ཟད། ཆོས་དད་རང་མོས་ཐོག་དྲག་གནོན་ཚད་མེད་བྱེད་བཞིན་ཡོད་པས། འཛམ་གླིང་གི་རྒྱལ་ཁབ་ཡོངས་ཀྱིས་མཉམ་འབྲེལ་ཐོག་རྒྱ་གཞུང་ལ་གདོང་ལེན་བྱ་དགོས་སྐོར་བརྗོད་སོང་།

 

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

༢༠༢༦/༠༣/༢༥
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

༢༠༢༦/༠༣/༢༤
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

༢༠༢༦/༠༣/༢༤
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣

མཆན། 1

  1. Tseten Gyurmae says:
    ལོ་ 1 སྔོན།

    བོད་རྒྱལ་ལོ། སུ་སིར་བཞུགས་པའི་བོད་རིགས་ལྷན་རྒྱས་ཚང་མ་ལ་ཐུགས་རྗེ་ཆེ་གནང་། ང་ནི་ཁྱེད་རྣམ་པར་རྗེས་སུ་ཡིད་རང་ཡོད། དེ་སྔ་ཡང་དེ་ཕྱོགས་ནས་ཡིན་པའི་བོད་མི་ཞིག་ལ་ཁྱེད་རྣམ་པའི་རང་རེའི་རྩ་དོན་བོད་ཀྱི་་བདེན་་དོན་ཆེད་ཕྱག་ལས་གང་མང་གནང་བཞིན་པར་ཐུགས་རྗེ་ཆེ་ཅེས་ཞུ་རོགས་ཀྱི་མངགས་པ་ཞིག་ཀྱང་ཞུ་རྒྱུ་བྱུང་། ཁྱེད་རྣམས་ལས་བསོད་ཆེན་པོ་མིན་ན་གང་ཡིན། རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་རེར་ཡང་ཡོད་ཀྱང་བོང་བུ་རྣ་བར་གསེར་གྱི་དཔེ་ལྟར་ཡིན་འདུག སླར་ཐུགས་རྗེ་ཆེ་བ་མ་ཟད་མུ་ཐུད་གོ་སྐབས་ནམ་ཐོབ་ཏུ་སྔར་བཞིན་འབད་པ་ཡོང་པའི་རེ་སྨོན་ཞུ་ཡི་ཡོད། ཁྱེད་རྣམས་ཁམས་བཟང་།སྐུ་ཚེ་རིང་ལགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese