མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༤ ལོའི་༧གོང་ས་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་ཆིབས་བསྒྱུར་མཛད་འཕྲིན།

བོད་ཀྱི་དུས་བབ།
༢༠༢༥/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༣ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིར་ཞབས་པུས་སྨན་བཅོས་ཆེད་ཆིབས་བསྒྱུར་བསྐྱང་གཏན་འཁེལ་བའི་གསལ་བསྒྲགས་སྤེལ་བ་ལྟར།

ཕྱི་ཟླ་ ༦ ཚེས་ ༢༡ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ལྡི་ལིར་ཆིབས་ཐོན་མཛད་ཡོད་ཅིང་། ཕྱི་ཚེས་ ༢༢ ཉིན་རྒྱལ་ས་ལྡི་ལི་ནས་ཡུ་རོབ་རྒྱལ་ཁབ་སུད་སིའི་ཛུ་རིག་ཏུ་ཕེབས། ཕྱི་ཚེས་ ༢༣ ཉིན་ཨ་རིའི་ནེའུ་འཇར་སི་ཡི་ཊེ་ཊར་བྷོ་རོ་ (Teterboro) གནམ་ཐང་དུ་ཞབས་སོར་བདེ་བར་འཁོད། སྐབས་དེར་ཨ་རིར་གནས་སྡོད་བོད་མི་རྣམས་གཙོ་བྱས་པའི་ནང་པའི་དད་ལྡན་དོན་གཉེར་བ་ཁྲི་ཚོ་བརྒལ་བས་དགའ་དད་སྤྲོ་གསུམ་གྱི་ངང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕེབས་བསུ་ཞུས་ཏེ། ནེའུ་ཡོག་གི་པཱར་ཀི་ཧ་ཡེ་ཊ་ (Park Hyatt) གསོལ་མགྲོན་ཁང་དུ་ཆིབས་འཁོར་ནང་ཆིབས་བསྒྱུར་མཛད་ཡོད།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༨ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་དམིགས་བསལ་གཤགས་བཅོས་སྨན་ཁང་ (Hospital for Special Surgery) སྨན་ཁང་དུ་༧གོང་ས་མཆོག་གི་ཞབས་པུས་སྨན་བཅོས་གནང་ཞིང་། དམིགས་བསལ་གཤགས་བཅོས་སྨན་ཁང་ (Hospital for Special Surgery) གི་དར་མའི་ལུས་པོ་བསྐྱར་བཟོ་དང་རུས་ཚིགས་གཤགས་བཅོས་ཚན་པའི་འགན་འཛིན་སྨན་པ་ཌེ་ཝིཌ་མེ་མེན་(Dr. David Mayman) ལགས་ཀྱིས། ༧མགོན་པོ་གང་ཉིད་མཆོག་གི་ཞབས་པུས་ཀྱི་པུས་ཚིགས་བརྗེ་པོ་བརྒྱབ་པའི་གཤག་བཅོས་ལམ་ལྷོངས་ལྡན་པ་བྱུང་སོང་། ཞེས་དང་། སྨན་བཅོས་གནང་རྗེས་ཀྱི་བདུན་ཕྲག་གཅིག་གི་རིང་ཞབས་པུས་ཀྱི་རྨ་ཁ་དྲག་སྐྱེད་ཡོང་བའི་སྨན་བཅོས་ཀྱི་ཐབས་ལ་བརྟེན་གནང་དགོས་ཤིང་། བདུན་ཕྲག་གཉིས་པར་ལུས་རྩལ་ལ་བརྟེན་ནས་ཞབས་པུས་འགུལ་སྐྱོད་ཀྱི་སྨན་བཅོས་གནང་དགོས་ཁར། ༧གོང་ས་མཆོག་གི་ཞབས་པུས་ཀྱི་གནས་སྟངས་ཇེ་ལེགས་སུ་འགྲོ་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༩ ཉིན་གྱི་ཞོགས་པར་ནེའུ་ཡོག་གི་སྨན་ཁང་ནས་ཆིབས་ཐོན་མཛད་དེ་ཕྱིར་བཞུགས་གནས་གསོལ་མགྲོན་ཁང་དུ་ཕེབས། ཕྱི་ཟླ་ ༧ ཚེས་ ༣ ཉིན་༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། བོད་ལུགས་སྐུ་བཅར་སྨན་པ་རྟ་མགྲིན་ལགས་ཀྱིས་བརྙན་ལམ་ནས། ༧གོང་ས་མཆོག་གི་ཞབས་པུས་སྨན་བཅོས་གཞན་དང་མ་འདྲ་བའི་དྲག་སྐྱེད་མྱུར་པོ་བཞེས་ཀྱི་ཡོད་སྟབས། སྐུ་ངལ་ཡག་པོ་གསོ་ཆེད་མཁའ་དབུགས་གཙང་ཞིང་ཁོར་ཡུག་སྐྱིད་པོ་ཞིག་ལ་གནས་སྤོ་རྒྱུ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ། ཕྱི་ཟླ་ ༧ ཚེས་  ༩ ཉིན་༧གོང་ས་མཆོག་ནེའུ་ཡོག་གྲོང་ཁྱེར་གྱི་བཞུགས་གནས་ (Park Hyatt) མགྲོན་ཁང་ནས། ནེའུ་ཡོག་གི་བྱང་ཕྱོགས་གྲོང་ཁྱེར་ (Syracuse) ནང་གི་ (Pompey) གྲོང་ཚོ་རུ་ཕེབས་ཏེ། ༧མགོན་པོ་གང་ཉིད་ཀྱི་ཡུན་རིང་གི་ངོ་ཤེས་རྙིང་པ་སམ་དང་ནཱ་པི་ (Sam and Carol Nappi) ལགས་གཉིས་ཀྱི་གཞིས་ཀ་ (Nappi Farmhouse) རུ་བདུན་ཕྲག་དྲུག་རིང་སྐུ་ངལ་གསོ་ཞོར་དུ་ཞབས་པུས་སྨན་བཅོས་དྲག་སྐྱེད་ཀྱི་སྦྱོང་བརྡར་གནང་། ཕྱི་ཟླ་ ༧ ཚེས་ ༢༤ དང་ཕྱི་ཟླ་ ༨ ཚེས་ ༤ ཉིན་སོ་སོར་དགའ་ལྡན་ཕོ་བྲང་གིས་༧གོང་ས་མཆོག་གི་ཞབས་པུས་གཤགས་བཅོས་ཀྱི་རྨ་ཁར་སྐུ་ངལ་གང་ཡང་མེད་པར་དྭངས་སྐྱེད་བྱུང་ཡོད། ཞབས་འགུལ་སྐྱོད་སླར་གསོའི་ཆེད་ལས་པ་རྣམས་ནས་ཀྱང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཉིན་རེ་ནས་ཉིན་རེ་ཇེ་ལེགས་སུ་ཕེབས་ཀྱི་འདུག་པས། ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་འོང་གི་འདུག་ཅེས་གསལ་བཤད་གནང་ཡོད་པ་ཡོངས་བསྒྲགས་གནང་།

ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༡༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིའི་ནེའུ་ཡོག་མངའ་སྡེའི་ནང་ཡོད་པའི་ཨི་ཐ་ཁའི་(Ithaca)རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་ཞེས་པར་ཆིབས་སྒྱུར་བསྐྱངས་ཏེ་ཆོས་འབྲེལ་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད་ཅིང་། དེ་ནི་༧གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱང་རྗེས་ཀྱི་མཛད་འཕྲིན་བསྐྱངས་པ་ཐོག་མ་དེ་ཆགས་ཡོད་ལ། སྐབས་དེར་༧གོང་ས་མཆོག་གིས། དེ་རིང་སྐབས་སུ་བབས་པ་ཁྱོད་རང་ཚོར་ཐུག་པ་རེད། བཙན་བྱོལ་བ་ཆགས་མེད་ན་ངོས་རང་ལྷ་སའི་གཙུག་ལག་ཁང་དང་ནོར་བུ་གླིང་ཁར་བཞུགས་ཁྲི་མཐོ་པོ་ཞིག་གི་སྒང་དུ་བསྡད་ཡོད་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ཆེ་འདྲིས་ཆུང་འདྲིས་བྱས་ཏེ་ང་ཚོ་ཐུག་ཐུབ་པ་ཞིག་རེད། མ་གཞི་ངོས་རང་ཟི་ལིང་ས་ཁུལ་དུ་སྐྱེས་ནས་ཆུང་ཆུང་སྐབས་ནས་མི་དང་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ད་ལྟ་ངོས་རང་ལོ་རྒས་ཡོང་དུས་ས་ཁུལ་གང་ས་གང་དུ་ཡོད་པའི་ང་ཚོའི་བོད་མི་ཆོས་དང་རིག་གཞུང་གི་ཐོག་ལ་དོ་སྣང་ཡོད་མཁན་མང་པོ་ཞིག་གིས་དམིགས་བསལ་གྱིས་ཐུགས་སྣང་བྱས་ཏེ་ཧ་ཅང་དགའ་བོ་བྱེད་བཞིན་འདུག དེ་རིང་ས་ཆ་འདིར་ཆ་བཞག་ནའང་། ང་ཚོ་བོད་རིགས་གཅིག་གྱུར་གྱི་འདུ་ཤེས་ཀྱི་འོག་ནས་ཏཱ་ལའི་བླ་མ་ཟེར་དུས་སེམས་ཐག་ཉེ་བོ་དང་། སེམས་གཏིང་ནས་དགའ་པོ་བྱེད་པ་ཞིག་ཆགས་ཡོད་པ་རེད། ངོས་ལ་ཆ་བཞག་ནའང་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་གང་ནས་སླེབས་པ་ཡིན་ནའང་བོད་རིགས་གཅིག་གྱུར་གྱི་བསམ་ཚུལ་ཤུགས་ཆེན་པོ་བྱས་ཏེ་སྡོད་ཀྱི་ཡོད། ངོས་རང་བཙན་བྱོལ་བ་ཆགས་ནས་བསྡད་པ་རེད་དེ། གང་ལྟར་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ལ་ཞབས་འདེགས་གང་འཚམ་སྒྲུབ་ཡོད། ད་དུང་ཡིན་ནའང་ཞབས་འདེགས་སྒྲུབ་ཀྱི་རེད། ཁྱོད་ཚོ་ཚང་མས་ཧུར་ཐག་འབད་ཐག་བྱོས། ཞེས་གསུངས།

ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སླར་ཡང་ནེའུ་ཡོག་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། ཕྱི་ཟླ་ ༨ ཚེས་ ༢༡ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) མཆོག་དང་། ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ལྕམ་སྐུ་ཀེ་ལི་ (Kelly Razzouk) མཆོག་བཅས་ནས་མཇལ་བཅར་ཞུས་ཡོད། མཇལ་མོལ་གྱི་རིང་ལ་དམིགས་བསལ་བོད་དོན་འབྲེལ་མཐུད་པས་སྲིད་འཛིན་བྷའེ་ཌན་གྱི་ཚབ་ཞུས་ནས་༸གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པ་དང་། ཨ་རིའི་གཞུང་གི་ངོས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་རྒྱུ་དང་།  དེ་བཞིན་བོད་ཀྱི་ཐུན་མོང་མིན་པའི་ལོ་རྒྱུས་ཀྱི་གནས་བབ་དང་། སྐད་ཡིག རིག་གཞུང་། ཆོས་ལུགས་བཅས་འཛིན་སྐྱོང་སྲུང་སྐྱོབ་ཀྱི་འབད་བརྩོན་གནང་བའི་ཐད་རྒྱབ་སྐྱོར་སྔར་བཞིན་ཡོད་པ་ཞུས་ཡོད། གཞན་ཡང་།  མཇལ་ཁའི་སྐལ་བཟང་འདི་བཟུང་སྟེ་༸གོང་ས་མཆོག་དང་ལྷན་དུ་བོད་པས་རང་གི་རིག་གཞུང་རྒྱུན་སྐྱོང་བྱེད་སྟངས་དང་། ཨ་རིའི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལས་འགུལ་མུ་མཐུད་འབད་བརྩོན་རྒྱུན་སྐྱོང་ཞུ་རྒྱུ། དེ་བཞིན་༸གོང་ས་མཆོག་དང་སྐུ་ཚབ་རྣམ་པ་དང་རྒྱ་ནག་དབར་གྲོས་མོལ་སྔར་ལམ་སྐྱར་གསོ་ཞུ་རྒྱུར་རྒྱབ་སྐྱོར་ཡོད་སྐོར་བཅས་༸སྙན་སེང་ཞུས་ཡོད་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གནས་ཚུལ་སྤེལ།

ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བྱང་ཨ་རིར་གནས་སྡོད་བོད་མི་སྤྱི་དང་། ཨ་རིའི་ཆོ་འཕྲུལ་སྨོན་ལམ་ཚོགས་པས་གཙོས་དགེ་ལུགས་པའི་ཆོས་ཚོགས་ཁག སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་བཅས་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ UBS Arena ཞེས་པའི་ཚོགས་ར་ཆེན་མོ་རུ་སེམས་བསྐྱེད་དང་། ཐུབ་པའི་མཚན་སྔགས། མ་ཎི་ཡིག་དྲུག་སོགས་གཟུངས་སྔགས་འགའ་ཞིག་གི་བཟླས་ལུང་བཀའ་དྲིན་སྩལ་བ་དང་། མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། དེ་རིང་འདིར་བོད་ཀྱི་མདོ་སྟོད་སྨད་དབུས་གཙང་སོགས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ཀྱི་མི་སྣ་འཛོམས་ཡོད། འདིར་མི་སྣ་འཛོམས་པ་དེ་རྒྱུ་དངོས་པོའི་ཐོག་ནས་འཛོམས་པ་མ་རེད། ཚང་མས་སེམས་ནང་བོད་རིགས་ཞེས་པའི་བསམ་ཚུལ་གྱི་ཐོག་ནས་ང་ཚོ་ཚང་མ་རྡོག་སྒྲིལ་ནས་ཡོང་གི་ཡོད། ང་ཚོ་བོད་པ་ཙམ་མིན་པར་བོད་ཀྱི་ཆོས་དང་རིག་གཞུང་ལ་ཤེས་ནས་དད་པ་ཐོབ་པའི་གྲོགས་པོ་མང་པོ་ཞིག་འདིར་འདུས་ཡོད། ཚང་མས་བོད་ཀྱི་རིག་གཞུང་འདི་འཛམ་གླིང་སྤྱི་ལ་མཁོ་བའི་རིག་གཞུང་ཞིག་ཆགས་ཡོད། བཅོམ་ལྡན་འདས་མངོན་པར་རྫོགས་པའི་སངས་རྒྱས་པའི་རྗེས་སུ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གསུངས་པ་རེད། གང་ལྟར་སངས་རྒྱས་བཅོམ་ལྡན་མྱ་ངན་ལས་འདས་རྗེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལ་སྤུས་དག་པོའི་ཐོག་ཆ་ཚང་བདག་པོ་རྒྱག་མཁན་གཙོ་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་ཚོ་གཙོ་བོ་རེད་འདུག དེང་སྐབས་ང་ཚོས་དངོས་སུ་མཐོང་ཆོས་སུ་ཡོད་པ་དེ་རེད། དངོས་གནས་དྲང་གནས་བོད་གངས་ཅན་ལྗོངས་ཀྱི་སློབ་གཉེར་གཙོ་བོ་ཚིག་གི་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དང་། དོན་དག་ལ་བསམ་བློ་གཏོང་རྒྱུ་ཡོད་པ། སོ་སོ་རང་གི་ཉམས་ལེན་གྱི་ཐོག་ནས་བསམ་བློ་གཏང་ན་བསླབ་པ་གསུམ་གྱི་ཐོག་ལ་ཉམས་ལེན་བྱ་རྒྱུ་ནི་ང་ཚོ་བོད་པར་ལོ་ངོ་སྟོང་ཕྲག་རིང་གོམས་ཏེ་སྤུས་དག་པོ་ཆགས་ཡོད། ཅེས་གསུངས།

ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རི་ནས་ཡུ་རོབ་རྒྱལ་ཁབ་སུད་སི་རུ་ཆིབས་བསྒྱུར་བསྐྱངས་ཏེ་ཉིན་གཅིག་རིང་སྐུ་ངལ་གསོས་རྗེས།  ཕྱི་ཚེས་ ༢༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སུད་སིའི་ཛུ་རིག་གྲོང་ཁྱེར་གྱི་ (Hallenstadion) ཚོགས་ཁང་དུ་དད་ལྡན་སེར་སྐྱ་ཆིག་ཁྲི་ལྔ་སྟོང་བརྒལ་བར་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་དང་། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། ཐུབ་པའི་མཚན་སྔགས་བཅས་ཀྱི་བཟླས་ལུང་བཀའ་དྲིན་སྩལ་རྗེས། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། དེང་སང་འཛམ་གླིང་འདིར་ཆོས་ཞེས་ཟུར་དུ་དད་པ་བྱེད་པ་ཞིག་ཡོད་རུང་མེད་རུང་། རྒྱལ་ཁབ་སོ་སོ་་ནས་དད་པ་བྱེད་པ་དང་། སེམས་པ་བཟང་པོ་བྱེད་རྒྱུའི་སྐོར་ལ་ང་ཚོ་བོད་རིགས་ཚང་མར་དོ་སྣང་བྱེད་སྡོད་པ་ཞིག་རེད།  དེ་ནས་བོད་མི་ཚོར་བར་སྐབས་དཀའ་ངལ་ཆེན་པོ་བྱུང་བ་རེད། དེ་རིང་ཁ་སང་ཡིན་ནའང་། གུང་ཁྲན་རིང་ལུགས་ཀྱི་སྒྲིག་འཛུགས་ཀྱིས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། བོད་མིའི་ཆོས་དད་ཀྱི་སེམས་ཤུགས་བརླག་འགྲོ་རྒྱུ་ཁྱོན་ནས་མི་འདུག ང་ཚོ་བཙན་བྱོལ་བ་ཆགས་ནས་བསྡད་ཡོད་ཀྱང་བོད་པ་བཙན་བྱོལ་བ་སྐྱེས་ཕོ་མོ་སུ་ཡིན་རུང་གང་དུ་ཡོད་པའི་གནས་སུ་ཆོས་ལ་དད་པ་འགྱུར་བ་མེད་པ་ཞིག་རེད། ང་ཚོའི་ཆོས་ཀྱི་དད་པ་དེ་ཡ་རབས་སྤྱོད་བཟང་དང་འདྲེས་ནས་ཡོད་པས་གལ་ཏེ་ཆོས་ལ་དད་པ་མེད་ནའང་། ཡ་རབས་སྤྱོད་བཟང་གི་ཉམས་ལེན་ཡག་པོ་བྱེད་དགོས་ཀྱི་འདུག་ཅེས་ང་ཚོས་བཤད་བཞིན་ཡོད། ཆོས་ཀྱི་སྙིང་པོ་ནི་ཡ་རབས་སྤྱོད་བཟང་རེད། དེ་ནས་ཆོས་ཁས་མ་བླངས་ཀྱང་སོ་སོའི་མི་ཚེ་འདི་ཡ་རབས་སྤྱོད་བཟང་གིས་བསྐྱལ་རྒྱུ་བྱུང་ན་ཆོས་ཀྱི་དགོས་པ་ཚང་ཡོད། ཁ་ནས་ཆོས་མང་པོ་བཤད་ཅིང་། ཆོས་ཕྱོགས་ཀྱི་ཐོག་ནས་གྲུབ་འཐའི་འཐེན་འཁྱེར་བྱེད་བསྡད་ལྟ་བུ་དང་། སེམས་ཞི་ཞིང་དུལ་བ་ཡག་པོ་ཞིག་མེད་ཚེ་དེ་ནི་ཆོས་འབག་ལ་གྱོན་པ་ལྟ་བུ་ཞིག་རེད། ཕན་ཐོགས་གང་ཡང་མེད། ཅེས་གསུངས།

ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སུད་སི་ནས་ཕྱིར་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་ཏེ་ཉིན་གཅིག་རིང་རྒྱལ་ས་ལྡི་ལི་རུ་སྐུ་ངལ་གསོས་རྗེས། ཕྱི་ཚེས་ ༢༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཀང་ར་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་པ་དང་། སྐབས་དེར་གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་སོགས་ཀྱིས་གཙོས་དགོན་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མ། ཧིན་དྷུ་དང་ཡི་ཤུ། ཁ་ཆེ། ནང་པ། སིག་བཅས་ཀྱི་ཆོས་ལུགས་ཁག་གི་སྐུ་ཚབ་དང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་གཙོས་པའི་མོན་ཡུལ་གྱི་དགོན་སྡེ་ཁག་དང་མི་མང་ཡོངས་ཀྱི་སྐུ་ཚབ་སོགས་མི་མང་བརྒྱ་ཕྲག་བརྒལ་བས་ཕེབས་བསུ་ཞུས་ཡོད།

གསར་འགོད་པ་སྐལ་བཟང་སྦྱིན་པས་ཕྱོགས་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese