མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་མ་རྣམས་ཀྱིས་བྱིས་པར་མིག་དཔེ་ཡག་པོ་འཇོག་དགོས་པའི་འབོད་སྐུལ་གནང་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཕ་མའི་ཉིན་མོར་འཚམས་འདྲི་གནང་བ་དང་སྦྲགས་ཕ་མ་རྣམས་ཀྱིས་ཕྲུ་གུའི་མདུན་སར་སྒོ་གསུམ་གྱི་ཀུན་སྤྱོད་བཟང་པོའི་ཐོག་ནས་ཉིན་རེའི་བྱ་གཞག་འཐུས་ཚང་བསྒྲུབ་གལ་ཆེ་སྐོར་གསུངས་འདུག

བཀའ་ཤག་སྐབས་བཅུ་དྲུག་པའི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་པར།

ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༥ ཉིན་ཏེ་རྒྱལ་ཡུམ་བདེ་སྐྱིད་ཚེ་རིང་ལགས་ཀྱི་འཁྲུངས་སྐར་ཉིན་ཕ་མའི་དུས་ཆེན་དུ་སྲུང་གཙི་ཞུ་ཡི་ཡོད་པ་དང་བསྟུན།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་འཚམས་འདྲི་གནང་བའི་ནང་། བོད་རིགས་ཕ་མ་རྣམས་ཀྱིས་སོ་སོའི་བུ་ཕྲུག་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་བྱེད་པར་འགན་འཁུར་ལེན་རྒྱུ་དང་ཁ་མིག་ཡར་ལྟ་ཡི་ཚད་ལྡན་སློབ་གསོ་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག

དེ་ཡང་འཚམས་འདྲི་དེའི་ནང་། བོད་མི་རྣམས་བཙན་བྱོལ་དུ་གྱེས་ནས་སྐྱབས་མེད་མགོན་མེད་ཀྱི་གནས་སུ་གྱུར་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་། བོད་མིའི་ཡུལ་སྲོལ་གོམས་གཤིས་སོགས་རྒྱུན་འཛིན་སླད། བོད་མི་འདུས་སྡོད་གཞིས་ཆགས་དང་། དགོན་སྡེ་གྲྭ་ཚང་། སློབ་གྲྭ། རིག་གཞུང་ལྟེ་གནས་ཁང་སོགས་གསར་རྒྱག་མཛད་དེ། བྱེས་སུ་གྱར་བའི་བོད་མི་རྣམས་ནི་བཙན་བྱོལ་བ་དམིགས་བསལ་ཅན་ཞིག་ཏུ་གྱུར་བས། བོད་མི་ཚོས་དུས་དང་རྣམ་པ་ཀུན་ཏུ་༧མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་གནང་གལ་ཆེ་བའི་སྐོར་དང་། སློབ་མ་རྣམས་སློབ་གྲྭ་མཐར་ཕྱིན་ནས་མཐོ་སློབ་སོགས་སུ་སྐྱོད་སྐབས། རང་ཚུགས་མི་བརྟན་པ་དང་། གྲོགས་ངན་པའི་ཤུགས་རྐྱེན་མི་ཐེབས་སླད། སྔོན་ཚོད་ནས་སློབ་མ་རྣམས་ཀྱི་བསམ་སྤྱོད་ལ་ཞིབ་འཇུག་ལེགས་པོ་བགྱིས་ནས། ཁ་མིག་ཡར་ལྟ་ཡི་ཚད་ལྡན་གྱི་སློབ་གསོ་སྤྲད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག 

ཡང་བཀའ་བློན་མཆོག་གིས། ཕ་མ་དང་དགེ་རྒན་གཉིས་ལ་ཕྲུ་གུའི་འཚར་ལོངས་གོང་འཕེལ་གཏང་རྒྱུར་འགན་འཁྲི་ཡོད་སྟབས། ཕ་མ་དང་དགེ་རྒན་མཉམ་འབྲེལ་གྱི་ཐོག་ནས་སློབ་མའི་ཤེས་ཡོན་དང་། ཀུན་སྤྱོད། དེ་བཞིན་འཕྲོད་བསྟེན་སོགས་ཀྱི་དཀའ་ངལ་སེལ་ཐབས་ལ་གདོང་ལེན་གནང་དགོས་པའི་ཁར། སློབ་མའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་ཚད་ལྡན་གྱི་རོ་བཅུད་ལྡན་པའི་ཟས་རིགས་ལ་བསྟེན་བཅུག་དགོས་པ་ལས། དངུལ་མང་པོ་སྤྲད་པ་དང་། ལག་ཐོགས་ཁ་པར། ཚོང་རྟགས་ཅན་གྱི་ལྷམ་སོགས་ཉོས་པ་དེས། བྱིས་པ་དག་ལ་ཚད་ལྡན་གྱི་སློབ་གསོ་སྤྲོད་སྟངས་ཤིག་མིན་སྐོར་དང་། དེ་བཞིན་ཕ་མ་རྣམས་ཀྱིས་བོད་ཕྲུག་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་དང་རྒྱུན་ལྡན་ཁྱིམ་ཚང་སོ་སོའི་ཕ་མ་རྣམས་ཀྱིས་འགན་ཁུར་ཏེ། ཕ་སྐད་གཙང་མའི་ལམ་ནས་སྐད་ཆ་མོལ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག 

མཇུག་ཏུ། ཕྲུ་གུ་རྣམས་ཀྱིས་ཕ་མ་རྣམས་ལ་ཁ་མིག་ཡར་ལྟ་དང་བག་ཆགས་ཟབ་མོ་འཇོག་གིན་ཡོད་པས། ཕ་མ་ཚོས་སྒོ་གསུམ་གྱི་ཀུན་སྤྱོད་བཟང་པོའི་ཐོག་ནས་ཉིན་རེའི་བྱ་གཞག་དག་འཐུས་ཚང་བསྒྲུབ་ཐབས་དང་། ཕྲུ་གུ་སོ་སོའི་རིག་སྟོབས་དང༌། འཇོན་ཐང་། བཟོ་རིག་ལག་རྩལ་སོགས་ཀྱི་ཤེས་རྒྱ་ལ་གཞིགས་ཏེ་མཐུན་རྐྱེན་སྦྱོར་སྤྲོད་གནང་དགོས་པའི་འབོད་སྐུལ་གནང་འདུག  

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༡༥ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese