མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༥/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིས་བོད་ཀྱི་ཆོས་དང་རིག་གཞུང་།  འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་སྲུང་གཙི་ཞུས། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ངོ་དེབ་ཀྱི་པར། ༢༠༢༥།༣།༣

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཚོགས་ཁང་དུ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་རྒྱལ་ལོ་ ༢༡༥༢ ཤིང་སྦྲུལ་ལོའི་བོད་ཀྱི་ལོ་གསར་སྲུང་གཙི་གནང་ཡོད་ཅིང་།  མཛད་སྒོའི་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མི་མང་བདེ་འཇགས་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ཆེ་ལས་རོགས་ལས་ཚབ་ཨལ་བྷེར་ཌི་གྷོམ་བྷི་སི་ (Albert Gombis) ལགས་དང་། ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་སྒྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། ཨ་རིའི་རྒྱུད་སྟོད་དགོན་པའི་དགེ་འདུན་པ་ཁག་ཅིག དེ་བཞིན་ནེའུ་ཡོག་ཁུལ་གྱི་བོད་མི་ཁག་ཅིག་བཅས་འཛོམས་ཡོད་འདུག

མཛད་སྒོའི་ཐོག་སྐུ་ཞབས་ཨལ་བྷེར་ཌི་གྷོམ་བྷི་སི་མཆོག་གིས། ལོ་ངོ་བཅུ་ཕྲག་མང་པོའི་རིང་གི་བོད་དོན་འཐབ་རྩོད་ནི་བོད་ནང་གི་བོད་མི་ས་ཡ་དྲུག་དང་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཡོངས་ཀྱི་རང་སྲིད་རང་སྐྱོང་གི་གནད་དོན་ཙམ་མིན་པར། དེ་ནི་རྒྱ་ནག་གཞུང་གི་མནར་གཅོད་ལས་རང་དབང་སླད་འཐབ་རྩོད་བྱེད་པའི་འཛམ་གླིང་གི་དམིགས་འདུན་ཞིག་ཆགས་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ཏེ་ཨ་རིའི་བོད་མི་རྣམས་ལ་དྲག་གནོན་སྤེལ་ཐབས་བྱེད་པར་བཟོད་གསོལ་བྱ་ཐབས་མེད་པ་ཞིག་ཡིན། ང་ཚོས་རང་དབང་དང་ཞི་བདེའི་ཆེད་དུ་རྒྱ་གཞུང་གིས་དྲག་གནོན་བྱེད་བཞིན་པའི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན། བོད་ནི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་འབོར་ས་ཡ་མང་པོའི་ཆུའི་འབྱུང་ཁུངས་གཙོ་བོར་གྱུར་ཡོད། ཨ་རིའི་གཞུང་གིས་བོད་དོན་རྒྱབ་སྐྱོར་བྱ་རྒྱུ་ནི་ཨ་རིའི་ནུས་པ་དང་། འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ཐོག་ཕན་ཐོགས་འབྱུང་གི་ཡོད། ཅེས་གསུངས་འདུག

དེ་བཞིན་ཁོང་གིས་བོད་དིང་རིའི་ས་ཡོམ་གྱི་གོད་ཆག་དང་། ༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུས་ཡོད་པ་མ་ཟད། ཨ་རིའི་ཆབ་སྲིད་ཚོགས་པ་ཟུང་འབྲེལ་གྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་།  འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་ལས་ཁུངས་ངོས་ནས་མུ་མཐུད་ཕྱག་ལས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་ཞུས།

དེ་བཞིན་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངསཀྱི་་ཕྱི་སྲིད་དྲུང་ཆེ་མཱར་ཁོ་རུ་བྷིའོ་ (Marco Rubio) མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ངས་བོད་ཀྱི་ལོ་གསར་སྲུང་གཙི་ཞུ་མཁན་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། བོད་ཤིང་སྦྲུལ་ལོའི་ལོ་གསར་ཉིན་དང་པོར། ང་ཚོས་འཛམ་གླིང་ཡོངས་ཀྱི་བོད་མིའི་ཚོགས་སྡེ་ཁག་གི་སྟོབས་ཤུགས་བརྟན་པོ་གནས་ཐུབ་པའི་དགའ་སྟོན་སྲུང་གཙི་བྱེད་ཀྱི་ཡོད། ཨ་རི་གཞུང་གིས་བོད་མི་རིགས་ཀྱི་ཀུན་ཁྱབ་ཀྱི་འགན་འཁུར་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག ཆོས་ལུགས་བཅས་དར་སྤེལ་གཏོང་རྒྱུར་རྒྱུན་དུ་འབད་བརྩོན་བྱེད་བཞིན་ཡོད། ལོ་གསར་བའི་ནང་འཛམ་གླིང་ཡོངས་ཀྱི་བོད་མི་རྣམས་ལ་ཞི་བདེ་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་སྨོན་འདུན་ཞུ། ཞེས་ལོ་གསར་ལ་འཚམས་འདྲི་གནང་ཡོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་ལོ་གསར་སྲུང་གཙི་ཞུས་པའི་གལ་གནད་སྐོར་ལ་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་སྒྲུབ་ལགས་ཀྱིས། ད་ལོ་བོད་ནང་དུ་ས་ཡོམ་གོད་ཆག་བྱུང་བས་ལོ་གསར་ལ་རྒྱས་སྤྲོས་ཀྱི་དགའ་སྟོན་རྣམ་པ་སྟོན་གྱི་མེད་ཀྱང་། ཨ་རིའི་སྲིད་གཞུང་གསར་བའི་ངོས་ནས་བོད་ཀྱི་ལོ་གསར་སྲུང་གཙི་ཞུས་པ་གལ་གནད་ཅིག་ཆགས་ཡོད་ཅིང་། ད་ལན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ནམ་རྒྱུན་བཞིན་བོད་ཀྱི་ལོ་གསར་སྲུང་གཙི་ཞུས་པ་མ་ཟད། ལོ་གསར་སྲུང་གཙི་སྐབས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མི་མང་བདེ་འཇགས་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ཆེ་ལས་རོགས་ལས་ཚབ་ཨལ་བྷེར་ཌི་གྷོམ་བྷི་སི་མཆོག་གིས་ཨ་རིའི་ཆབ་སྲིད་ཚོགས་པ་ཁག་ཐུན་མོང་ནས་ཁ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་མུ་མཐུད་རྒྱབ་སྐྱོར་གནང་འཆར་ཡོད་པ་གསལ་སྟོན་གནང་སོང་། ཞེས་བརྗོད་འདུག

ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སཱ་རཱ་སི་ཝལ་ (Sara Sehwall) མཆོག་གི་སྐབས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་ལོ་གསར་ཐོག་མར་སྲུང་གཙི་ཞུ་མགོ་བཙུགས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese