མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བཀོད་ཇུས་བྱས་པའི་བོད་རྒོལ་སྤྱི་ཚོགས་དྲ་བྱང་མང་པོ་ནག་གསུབ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

མེ་ཊ་སྤྱི་ཚོགས་དྲ་ལམ་ཚོང་གཉེར་ཁང་གིས་རྒྱ་ནག་གཞུང་གིས་དྲ་ལམ་ནས་ཆེད་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གནད་དོན་སོགས་ཀྱི་ཐད་ལ་རྫུན་གཏམ་དང་འཁྱོག་བརྗོད་བྱེད་མཁན་གྱི་ངོ་དེབ་ཁ་བྱང་བཅོ་བརྒྱད་ལྷག་ནག་གསུབ་བཏང་འདུག

Facebook, Meta(Photo: Shutterstock)

ཉེ་སྔོན་མེ་ཊ་སྤྱི་ཚོགས་དྲ་ལམ་ཚོང་གཉེར་ཁང་གིས་ཕྱི་ལོ་ ༢༠༢༤ ལོའི་དྲ་ལམ་འཇབ་རྒོལ་དང་དང་འབྲེལ་བའི་ཤོག་ངོས་བཅུ་བཞི་ཅན་གྱི་སྙན་ཐོ་ཞིག་བཏོན་པའི་ཁྲོད། རྒྱ་ནག་གཞུང་དང་རྒྱ་ནག་གཞུང་གིས་ཆེད་དུ་དྲ་ལམ་དུ་མངགས་པའི་སྐར་ལྔའི་དྲ་དམག་སོགས་ཀྱིས་ངོ་དེབ་ཁ་བྱང་རྫུན་བཟོས་བྱས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བའི་གནས་ཚུལ་རྫུན་བཟོ་དང་འཁྱོག་བརྗོད། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སོགས་དམིགས་འབེན་གཙོ་བོར་བཟུང་ནས་དཀྲོག་གཏམ་དང་རྫུན་གཏམ་ཡང་ཡང་སྤེལ་གྱིན་ཡོད་པའི་གནད་དོན་ཐེར་འདོན་གནང་འདུག

དེ་ཡང་སྙན་ཐོ་དེའི་ནང་། འདས་ལོར་མེ་ཊ་ཚོང་གཉེར་ཁང་གིས་བོད་དོན་དང་འབྲེལ་ནས་གནས་ཚུལ་རྫུན་མ་དང་འཁྱོག་བཤད་རང་བཞིན་གྱི་གཏམ་བརྗོད་སྤེལ་མཁན་གྱི་ངོ་དེབ་ཁ་བྱང་བཅོ་བརྒྱད་དང་། ངོ་དེབ་འཕྲིན་སྟེགས་གཉིས། ཚོགས་པ་བཞི་དང་། ཨིན་སི་ཊ་ར་གྷ་རམ་(Instagram) གྱི་ཁ་བྱང་ལྔ་བཅས་ནག་གསུབ་བཏང་ཡོད་ཅིང་། རྒྱ་ནག་ནས་བཀོལ་སྤྱོད་བྱས་པའི་ཁ་བྱང་དེ་དག་གིས་རྒྱ་བལ་འབྲུག་གསུམ་དུ་གཞིས་བཅས་པའི་བཙན་བྱོལ་བོད་མི་གཙོས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་དམིགས་འབེན་དུ་བཟུང་ནས་གནས་ཚུལ་འཁྱོག་བརྗོད་དང་རྫུན་གཏམ་སྤེལ་གྱིན་ཡོད་པ་མ་ཟད། རྒྱུན་དུ་བོད་ཡིག་དང་དབྱིན་ཡིག་འབྲི་མཁན་ཁག་ཅིག་གིས་ཆེད་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་དམོདདང་། ༧མགོན་པོ་གང་གི་སྐུ་གཟུགས་ཀྱི་གནས་བབ་དང་གཞུང་འབྲེལ་ཆིབས་བསྒྱུར་སོགས་དང་འབྲེལ་བའི་ཐད་ལ་དྲང་བདེན་དང་ཁུངས་ལུང་མེད་པའི་གནས་ཚུལ་རྫུན་མ་སྤེལ་གྱིན་ཡོད་པ་ཤེས་རྟོགས་བྱུང་། ཞེས་གསལ་འདུག

དེ་བཞིན་མེ་ཊ་ཚོང་གཉེར་ཁང་གིས་ངོ་རྟགས་མི་ཆོད་པའི་ངོ་དེབ་ཁ་བྱང་རྫུན་མ་འགས་ཆེད་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་དམོད་དང་། ཁག་ཅིག་གིས་དད་པ་དང་དམ་ཚིག་གཙང་མདོག་གིས་རྒྱབ་སྐྱོར་དང་ཡིད་ཆེས་ཡོད་ཁུལ་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་སྐོར་དང་།  རྒྱ་ནག་གཞུང་གི་སྐར་ལྔའི་དྲ་དམག་དེ་དག་གིས། ངོ་དེབ་གཙོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་སོགས་གཙོས། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་གི་མིར་བརྫུས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་གནད་དོན་ཁག་ཅིག་གི་ཐད་ལ་སེམས་ཤུགས་ཆེ་མདོག་གིས་གླེང་སློང་དང་། བགྲོ་གླེང་བྱས་ཏེ་སྤྱི་ཚོགས་དཀྲུག་གང་ཐུབ་དང་། སྤྱི་ཚོགས་ཀྱི་སྲིད་འབྱོར་གཉིས་གཙོས་བོད་དོན་དང་འབྲེལ་བའི་གནད་དོན་ཐད་རྫུན་གཏམ་དང་འཁྱོག་བརྗོད་ཡང་ཡང་སྤེལ་གྱིན་ཡོད་སྐོར་སོགས་གསལ་འདུག

ཡང་སྙན་ཐོ་དེའི་ནང་། ཨ་རི་དང་ཧྥ་རན་སིའི་གནད་དོན་ཐད་ལ་རྫུན་གཏམ་དང་འཁྱོག་བརྗོད་བྱེད་མཁན་གྱི་ཨ་ཧྥི་རི་ཁ་གླིང་ཕྲན་གྱི་ནུབ་རྒྱུད་དུ་ཆགས་པའི་བྷི་ནན་(Benin) རྒྱལ་ཁབ་ཀྱི་ངོ་དེབ་དང་ཁ་བྱང་རྫུན་མ་བཅུ་དྲུག་ཚུད་པའི་འཕྲིན་སྟེགས་དང་། གྷ་ན་ནས་ངོ་དེབ་རྫུན་མ་གྲངས་ ༤༢། ཨིན་སི་ཊ་ར་གྷ་རམ་གྱི་ཁ་བྱང་གྲངས་ ༣༣ །  དེ་བཞིན་ཨུ་རུ་སུས་ཨ་རི་དང་ཡུ་ཁེ་རིན་གྱི་ཐད་ལ་རྫུན་གཏམ་དང་འཁྱོག་བརྗོད་སླད་ཁ་བྱང་རྫུན་བཟོ་ཡང་ཡང་བྱེད་ཀྱིན་ཡོད་སྐོར་སོགས་གསལ་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་མངོན་འདོད་སྒྲུབ་མཁན་གྱི་དྲ་ལམ་འཇབ་རྒོལ་བ་ཚོས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་སོགས་ཀྱི་དྲ་གནས་འཚོལ་ཞིབ་མ་ལག་མཱོ་ཛེ་ལ་ (Mozilla Firefox) སོགས་བརྒྱུད། གློག་ཀླད་སྟེང་མཉེན་ཆས་སམ་དྲ་རྒྱའི་འཚོལ་ཞིབ་མ་ལག་བེད་སྤྱོད་གཏོང་ཕྱོགས་ཀྱི་ཐོན་རིམ་གསར་པ་ཕབ་ལེན་བྱེད་དུ་བཅུག་སྟེ། ཚོགས་སྡེ་ཁག་དང་མི་སྒེར་གྱི་ཡིག་ཟམ་ (Gmail) ལ་སྟངས་འཛིན་དང་གསང་མྱུལ་གྱི་ཐོག་ནས་དྲ་ལམ་ནས་ཡིག་ཆ་རྐུ་ཁྱེར་དང་རྗེས་འདེད་ཡང་ཡང་གཏོང་གིན་ཡོད་པ་རེད།

རྒྱ་ནག་གཞུང་གིས་བཙན་བྱོལ་ནང་གི་བོད་མིའི་རང་དབང་གསར་ཁང་ཁག་ལའང་དྲ་ལམ་འཇབ་རྒོལ་དང་གནོན་ཤུགས་སྤྲོད་ཐབས། སྤྱི་མང་གི་ཡིད་ཆེས་བརླག་ཐབས་གང་ཡོང་བྱེད་ཀྱི་ཡོད་པ་རེད། དཔེར་ན། འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ་བའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་ཀྱི་ཁོར་ཡུག་གཏོར་སྐྱོན། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་བཙན་གནོན་སྲིད་ཇུས་དང་འབྲེལ་བའི་གནས་ཚུལ་རིགས་སྤེལ་སྐབས། རྒྱ་ནག་སྐར་ལྔའི་དྲ་དམག་སོགས་ཀྱིས་ཡང་ཡང་འཇབ་རྒོལ་དང་དངོས་བདེན་མིན་ཚུལ་གྱི་སྐྱོན་འཛུགས་བྱས་པ་མ་ཟད། ངོ་དེབ་ཀྱི་འཛིན་སྐྱོང་ཚན་པར་ཞུ་གཏུགས་བྱས་ཏེ་གནས་ཚུལ་དེ་རིགས་སྤེལ་མི་ཐུབ་པ་དང་ངོ་དེབ་སྤྱི་ཚོགས་དྲ་ལམ་སྟེང་འདི་ག་གསར་ཁང་གིས་སྤེལ་བའི་གསར་འགྱུར་དག་མཐོང་མི་ཐུབ་པ་བཟོས་པའི་གནས་ཚུལ་ཡང་ཡང་བྱུང་དང་འབྱུང་མུས་ཡིན།

དེ་བཞིན་ཕྱི་ལོ་ ༢༠༢༣ ལོའི་ལོ་མཇུག་ཏུ་པར་དང་མིང་སོགས་ཁ་གསལ་མེད་པའི་ངོ་དེབ་ཁ་བྱང་  ༤༧༠༠ ལྷག་གིས་ཨ་རིའི་མི་སེར་ཡིན་ཁུལ་གྱིས། ཨ་རིའི་ཆབ་སྲིད་ཀྱི་གནད་དོན་དང་། ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ། ཨ་རྒྱའི་འབྲེལ་ལམ་སོགས་ཀྱི་སྐོར་ལ་འཁྱོག་བརྗོད་དང་ལོག་འགྲེལ་བྱེད་བཞིན་ཡོད་སྟབས། ངོ་དེབ་ལས་ཁུངས་ཀྱིས་རྒྱ་ནག་གི་ངོ་དེབ་ཁ་བྱང་དེ་དག་སྒོ་བརྒྱབ་པ་དང་། ཕྱི་ལོ་ ༢༠༡༦ ཙམ་ནས་ངོ་དེབ་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གི་དྲ་ལམ་འཇབ་རྒོལ་བའམ་སྐར་ལྔའི་དྲ་དམག་གི་ཁ་བྱང་རྣམས་སྒོ་བརྒྱབ་ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་རྒྱ་ནག་གིས་ངོ་དེབ་དང་། ཨིན་སི་ཊི་ར་གྷི་རམ་ཚུད་པའི་རྒྱ་ནག་ནང་བཀག་སྡོམ་བྱས་པའི་སྤྱི་ཚོགས་དྲ་ལམ་ཁག་བཀོལ་མཁན་ཇེ་མང་དུ་ཕྱིན་པ་དང་། དེ་དག་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལྟ་བ་དང་ལངས་ཕྱོགས་སོགས་དྲ་ལམ་དུ་སྤེལ་གྱིན་ཡོད་པའི་གནས་ཚུལ་འཐོན་མུས་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese