མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱིར་དྲན་གྱི་ཀློང་ནས་བོད་ཕྱི་ནང་དབར་གྱི་ཟམ་པ་ལྟ་བུའི་གསར་ཁང་གཉིས་གླེང་བ།

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།

རྩོམ་པ་པོ། འཇམ་དབྱངས་སྦྱིན་པ།

ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་ལ་ཕུལ་བ།

དེ་རིང་ཁ་སང་ཨ་རིའི་རོགས་སྐྱོར་མ་དངུལ་མཚམས་འཇོག་བྱས་པར་བརྟེན་ནས། ཨ་རིའི་རླུང་འཕྲིན་ཁང་(Voice of Americe) དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་(Radio Free Asia) གཉིས་ཀྱིས་ལས་དོན་གཉེར་མཚམས་མི་འཇོག་ཀ་མེད་འབྱུང་བཞིན་པའི་སྐོར་གྱི་གནས་ཚུལ་ཧ་ཅང་མི་སྙན་པ་ཞིག་ཁྱབ་ཀྱིན་འདུག  ཨ་རི་གཞུང་གིས་འགྲོ་གྲོན་གཏོང་བཞིན་པའི་གསར་ཁང་དྲུག་ཡོད་པ་ཚང་མ་དཀའ་ངལ་ནང་ལྷུང་ཡོད་ཅིང་། གསར་ཁང་འདི་དག་ལ་འཛམ་གླིང་སྤྱི་དང་ལྷག་དོན་དམ་དྲག་ཆེ་བའི་ས་ཁུལ་དུ་ལྟ་ཉན་བྱེད་མཁན་ཧ་ཅང་མང་། དཔེར་ན། ཨ་རིའི་རླུང་འཕྲིན་ཁང་ལ་མི་གྲངས་ས་ཡ་ ༣༢༦ ཙམ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ས་ཡ་ ༦༠ ཙམ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད། རང་རེ་བོད་མི་ཚོར་ཐད་ཀར་འབྲེལ་བ་ཡོད་པ་ནི་གསར་ཁང་འདི་གཉིས་རེད།

སྤྱིར་ན་འདུས་བྱས་སོ་ན་མི་གནས་པས་རྟག་པ་བརྟན་པ་མེད་མོད། གནས་ཚུལ་མི་སྙན་པ་དེ་རིགས་ཐོས་ཡོང་དུས་སེམས་ཁམས་མི་སྐྱིད་པའི་ཁར་རེ་དོགས་དང་འཆར་སྣང་མོད་པོ་ཞིག་ཀྱང་བྲང་གཞུང་ལ་འཚང་ཡོང་གི་འདུག  ད་ནི་ངོ་མ་འཛམ་གླིང་འདིའི་སྟེང་གི་རང་དབང་དང་མང་གཙོའི་མགོན་སྐྱབས་གཅིག་པུ་ཨ་རི་སྟོབས་ཆེན་གཞུང་ཡང་རྒྱ་ནག་སོགས་སྒེར་གཅོད་གཞུང་རྣམས་དང་བྱ་སྤྱོད་ཀྱི་ཐོག་ནས་ལག་རྡང་སྦྲེལ་རྒྱུ་ཡིན་ནམ། ཡང་ན་ད་བར་ཨ་རི་གཞུང་གིས་རང་དབང་དང་མང་གཙོའི་སླད་གང་གནང་བ་ཐམས་ཅད་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་བྱས་པ་ཡིན་ནམ།

སྒེར་གཅོད་གཞུང་རྣམས་ལ་མངའ་བའི་ཐུན་མོང་གི་ཁྱད་ཆོས་ནི་མི་རྣམས་རང་གིས་ས་ཐིག་བརྒྱབ་པའི་ཁོར་ཡུག་གང་དེའི་ནང་ཀླད་པ་བཀྲུས་ཏེ་མགོ་ཡོངས་སུ་འཐོམས་ནས་བཅུན་འདོད་པ་ལས། ཕྱི་ཡི་གཏམ་གསར་བ་དང་། ལྷག་དོན་དྲང་བདེན་གྱི་སྨྲ་ལྕེ་དང་རང་དབང་མང་གཙོའི་སྐོར་ནི་ནམ་ཡང་མཐོང་ཐོས་ཀྱི་ཡུལ་དུ་མི་འགྱུར་བར་འབད་བརྩོན་འཕར་མ་བསྟེན་གྱི་ཡོད། རྒྱུ་མཚན་དེའི་ཕྱིར་ན། ཁོང་ཚོས་རྟག་ཏུ་འཁོན་འཛིན་གྱི་མདུང་རྩེ་གསར་ཁང་འདི་རིགས་ལ་གཏད་ཡོད།
ལོ་སྔོན་མར་རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་ཆེད་བོད་སྐད་ཡིག་ཆེད་སྦྱོང་གནང་སའི་སློབ་གླིང་ཡག་ཤོས་གངས་ལྗོངས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་བརྒྱབ་པ་དང་། ད་ལོར་ཨ་རི་གཞུང་གིས་བོད་ཀྱི་གསར་ཁང་གྲགས་ཅན་གཉིས་འདི་ལྟར་འཆི་ལམ་དུ་བརྫངས་པ་ནི་ཅི་འདྲའི་བློ་ཕམ་པ་ཞིག་རེད་ཨང་། གསར་ཁང་འདི་དག་གི་སྨྲ་བ་ཆད་ཚེ་སྒེར་གཅོད་པའི་མནར་གཅོད་འོག་ན་རང་དབང་མང་གཙོ་དང་བདེན་པའི་གཏམ་ལ་གཅིག་ཏུ་རྣ་བ་བླགས་པའི་སྐྱེ་བོ་ས་ཡ་མང་པོའི་ཡིད་ལ་མུན་པ་བབས་ཤིང་རེ་འདོད་ཆུ་ལ་སྐྱུགས་པ་རེད། རྒྱ་ནག་སོགས་སྒེར་གཅོད་པའི་གཞུང་དག་གིས་དུས་ད་ལྟ་ལ་ཐུག་གི་བར་དུ་རྒྱུ་སྟོབས་དང་དཔུང་སྟོབས་གང་གིས་ཀྱང་ཚར་གཅོད་མ་ནུས་པའི་རང་དབང་གི་མགྲིན་པ་དེ་དག་ཨ་རི་རང་ཉིད་ཀྱིས་དུམ་བུར་བཅད་པའང་རེད།

རང་དབང་དང་དྲང་བདེན་གྱི་སྨྲ་བརྗོད་ལ་རེ་ཞིང་དུང་བའི་བོད་མི་རྣམས་ལ་མཚོན་ན། གོང་གི་གསར་ཁང་འདི་གཉིས་ནི་རང་དབང་གི་ཟླ་བའི་ལྷ་མོའི་འཛུམ་ཞལ་མཐོང་སའི་མུན་ཁྲོད་ཀྱི་སྒེའུ་ཁུང་དེ་ཡིན། འདས་པའི་མི་ལོ་ཉི་ཤུ་སུམ་ཅུའི་རིང་གསར་ཁང་འདི་གཉིས་ཀྱིས་བོད་སྤྱི་པའི་རྩ་དོན་ཐད་བསུབ་ཏུ་མེད་པའི་མཛད་རྗེས་དང་ནུས་པ་གལ་ཆེན་ཐོན་ཡོད་པ་སུས་ཀྱང་བསྙོན་དུ་མེད། དེ་ནི་དུས་ཚོད་ཀྱིས་ཀྱང་ཁ་གྲག་ཡོང་བ་ཞིག་རེད། གསར་ཁང་འདི་གཉིས་ཀྱིས་བོད་ཕྱི་ནང་བར་ཟམ་པ་ལྟ་བུའི་གོ་གནས་གལ་ཆེན་བཟུང་སྟེ། ༸རྒྱལ་བའི་མཛད་འཕྲིན་དང་བོད་གཞུང་གི་ལས་དོན། བོད་དོན་འཐབ་རྩོད་དང་རང་དབང་མང་གཙོའི་གོ་རྟོགས་སོགས་བོད་ནང་དུ་གོ་ཐོས་མེད་པའི་གནས་ཚུལ་ཧ་ཅང་མང་པོ་མང་པོ་ཞིག་འབྲེལ་ལམ་གྱི་ཟམ་པ་འདི་བརྒྱུད་ནས་བོད་ནང་དུ་བསྐྱལ་ཡོད་ལ། རྒྱ་གཞུང་གི་བཙན་གནོན་དང་གདུག་རྩུབ་ཆེ་བའི་སྲིད་ཇུས། གཞིས་བཞུགས་སྤུན་ཟླའི་སྙིང་སྟོབས་དང་མཛད་རྗེས། ལྷག་དོན་མི་རིགས་འདི་དང་བདེན་དོན་འདིའི་ཆེད་དུ་ཡོད་ཚད་བློས་བཏང་གནང་སྟེ་དམར་པོ་མེ་ལ་ཞུགས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་རུས་རྐང་གི་འབོད་པ་སོགས་ནི་དུས་ནས་དུས་སུ་ཟམ་སྟེགས་འདི་བརྒྱུད་དེ་བཙན་བྱོལ་དུ་འབྱོར་ཡོད།  རྐྱེན་དེ་དག་གི་ཕྱིར་ན། ངེད་ཅག་གསར་དུ་བཙན་བྱོལ་ལ་འབྱོར་སྐབས་དེ་དུས་ཀྱི་བཀའ་ཁྲི་མཁས་དབང་་ཟམ་གདོང་རིན་པོ་ཆེ་མཆོག་ལའང་། རང་གི་ཉམས་མྱོང་དང་དངོས་ཡོད་གནས་ཚུལ་གཞི་ལ་བཞག་སྟེ་གསར་ཁང་འདི་གཉིས་ནི་བོད་ཕྱི་ནང་བར་གྱི་ཟམ་པ་ལྟ་བུ་ཡིན་པས་ཧ་ཅང་ཕན་ཐོགས་ཆེ་ཚུལ་དང་། སླད་ཕྱིན་གཟིགས་སྐྱོང་དང་རྒྱབ་སྐྱོར་གང་ལེགས་གནང་གལ་ཆེ་བའི་རེ་སྐུལ་ཡང་ཞུས་པ་ཡིན།

བར་སྐབས་ཤིག་ལ་བོད་ནང་དུ་རང་ཉིད་ཀྱི་ཁོར་ཡུག་དང་དེའི་ཉེ་འཁོར་དག་ཏུ་ཧ་ལམ་ཉིན་རེའི་ཁ་འདོན་ཞིག་གི་ཚུལ་དུ་ཆད་མེད་ཆག་མེད་ཀྱིས་ཉན་ས་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ཡིན་ལ། བདུན་ཕྲག་རེ་རེ་བཞིན་རེ་སྒུག་དང་དགའ་སྣང་གིས་འཁྲེང་ས་ནི་ཨ་རིའི་རླུང་འཕྲིན་ཁང་ཡིན། དུས་ཚོད་ཀྱིས་དྲིལ་བརྡ་བཏང་བ་ན་འཁོར་སྐར་གྱི་བརྡ་རྟགས་འཚོལ་བྱེད་ཀྱི་ལྕགས་ལེབ་སྒོར་མོ་དེ་ཁུ་སིམ་མེར་ཁ་བསྒྱུར་བྱེད་དགོས། ཉམས་མྱོང་གིས་དབེན་པ་ཞིག་ཡིན་ན་དེ་ནི་དགུན་གྱི་གྲང་ངར་ཁྲོད་རང་གི་ལག་པ་འཁོབ་བྱེད་ཀྱི་ལས་ཀ་དཀའ་མོ་ཞིག་ཀྱང་ཡིན། དེ་དུས་བརྙན་འཕྲིན་ལ་ཅེར་བའི་མི་ཚོས་གསར་འགྱུར་གྱི་བརྗོད་ཚིག་དང་ནང་དོན་ཇི་བཞིན་གོ་མིན་ལ་མ་ལྟོས་པར། གངས་ཅན་ཞིང་གི་མགོན་པོ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁོང་ཅི་ཙམ་མཇལ་ཡང་ཚིམ་སྣང་མེད་པར། ད་དུང་ནམ་འཆར་ལ་རེ་སྒུག་བྱེད་པ་ནི་ཐུན་མོང་གི་དགའ་ཕྱོགས་དང་མངོན་འདོད་གཙོ་བོ་དེ་ཡིན་ཞེས་བཤད་ཆོག

བརྒྱུད་ལམ་འདི་གཉིས་ནི་རང་ཉིད་སྒེར་ལ་མཚོན་ན་ནར་སོན་གྱི་ལོ་ཟླ་རིང་མོའི་ཁྲོད་བག་ཆགས་ཟབ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་གསར་ཁང་གཉིས་ཀྱང་ཡིན། ཕྱིའི་གསར་འགྱུར་ལ་ལྐོག་ནས་ལྟ་ཉན་བྱེད་པ་ནི་རྒྱ་གཞུང་ཆེས་མི་དགའ་ས་ཞིག་ཡིན་སྟབས། འཁོར་སྐར་ལས་བརྡ་རྟགས་འཚོལ་བྱེད་ཀྱི་ཡོ་ཆས་རིགས་ཉོ་ཚོང་བྱེད་པར་དམ་དྲག་བྱེད་ཀྱི་ཡོད། འཕྲུལ་ཆས་དེ་རིགས་མ་དར་བའི་ཡར་སྔོན་དུ་ང་ཚོས་རླུང་འཕྲིན་འཕྲུལ་ཆས་རྐྱང་བ་ལ་བརྟེན་ནས་ཉན་དགོས་ཀྱང་། རེ་འདོད་བཞིན་ཉན་ཐུབ་རྒྱུ་ནི་ཧ་ཅང་ཁག་པོ་ཡིན། རྒྱུ་མཚན་རྒྱ་གཞུང་གིས་དེ་ལ་གནོད་པ་གཏོང་ཆེད་རྐང་བཙུགས་ནས་རྒྱའི་གཉེན་སྟོན་སྐབས་ཀྱི་སྒྲ་ཟིང་ཆེ་བ་དེ་འདྲ་མཉམ་སྦྱར་གྱིས་གཏོང་ཞིང་། དེ་ནི་མི་ཚང་མ་སྙིང་ལངས་ས་ཞིག་ཆགས་ཡོད།
དེ་ལྟར་གསལ་ལ་མི་གསལ་བའི་གསར་འགྱུར་དེ་རིགས་ལ་གསང་བའི་སྒོ་ནས་ཡུན་རིང་ཉན་པས་༸རྒྱལ་བའི་རླབས་ཆེན་གྱི་མཛད་འཕྲིན་དང་། བོད་མིའི་རང་དབང་འཐབ་རྩོད་ཀྱིས་མཚོན་པའི་གནས་ཚུལ་ངོ་མཚར་བ་དག་གིས་མི་སེམས་ཀྱི་སྒོ་གླེགས་བརྡུངས་ཡོད་པ་ནི་བརྗོད་ག་ལ་དགོས། གསར་ཁང་གི་མི་རྣམས་ནི་རང་དང་འགྲོགས་འདྲིས་ཟབ་པའི་གྲོགས་པོ་ཞིག་དང་འདྲ་བར་སྐད་མགོ་ཐོས་པ་ཙམ་གྱིས་སུ་ཡིན་ངོ་ཐག་ཆོད་ཅིང་། སེམས་སུ་དགའ་དུང་གི་ཚོར་བ་ཞིག་ཀྱང་མངོན་ཡོང་གི་ཡོད།

རང་ཉིད་ཀྱིས་བོད་སྤྱི་པའི་རྩ་དོན་སླད་ལས་ཀ་ཞིག་བྱ་རྒྱུ་བྱུང་བའང་གསར་ཁང་འདི་གཉིས་དང་ཁ་འབྲལ་ཐབས་གཏན་ནས་མེད། ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༡༠ ཚེས་ ༡༧ ཉིན་གྱི་དགོང་མོ་དེར་གསེར་གྱི་རྟགས་མའི་མཛད་སྒོར་ཆེད་དུ་དགའ་སྟོན་ཞུ་སླད། རྒྱ་མིས་དམ་དྲག་ཡོད་མེད་ལ་མ་ལྟོས་པར་ང་ཚོས་ཤོག་སྦག་འདོད་པ་ཁེངས་པ་ཞིག་བགད་ཅིང་། འཛིན་གྲོགས་ཚང་མ་ལྷན་འཛོམས་ཀྱིས་གསེར་གྱི་རྟགས་མའི་ཐད་གཏོང་མཛད་སྒོར་མཉམ་དུ་མཇལ། གསེར་གྱི་རྟགས་མའི་མཛད་སྒོ་དམིགས་བསལ་བ་དེ་ནི་ལེ་དབར་ཁྲི་སྟོང་གི་ཕ་རོལ་ནས་རང་སྐད་ཐོག་ཐད་གཏོང་བྱེད་བཞིན་པ་མཇལ་རྒྱུ་བྱུང་བར་ང་ཚོར་སྤོབས་པ་དང་དགའ་སྤྲོ་ཆེན་པོ་སྐྱེས། དབུས་སྐད་མི་གོ་བའི་ང་ཚོར་མཚོན་ན་སྐབས་དེར་གསར་འགྱུར་བཤད་མཁན་རྡོ་རྗེ་ཚེ་བརྟན་ལགས་ཡིན་པ་ཤེས་པས་ལྷག་ཏུ་སྤྲོ་བ་འཕེལ།  དེ་དུས་བརྙན་འཕྲིན་ལམ་གྱི་༸རྒྱལ་བའི་འཛུམ་ཞལ་དྭངས་མོ་དང་གསར་འགྱུར་གྱི་ཚིག་འབྲི་རེ་རེས་མི་སེམས་ལ་འགོག་ཏུ་མེད་པའི་སྤྲོ་སྣང་སྦྱིན་པ་ནི་བརྗོད་ཡུལ་ལས་འདས་པ་ཞིག་གོ།།

ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༨ ཉིན་དངོས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་རྒྱལ་སྤྱིའི་གསར་འགོད་སྡེ་ཚན་ཞིག་རྒྱ་གཞུང་གི་སྟངས་འཛིན་འོག་ང་ཚོའི་ཕ་ཡུལ་ཕྱོགས་ལ་ཡོང་གི་ཡོད་པ་དངོས་སུ་གོ་ཐོས་བྱུང་། དེར་བརྟེན། དེའི་ཕྱི་ཉིན་རང་ལ་རྒྱལ་སྤྱིའི་གསར་འགོད་པའི་མདུན་ནས་ངེད་ཅག་ལ་སྐད་འབོད་སྣེ་ཁྲིད་བྱེད་པའི་གོ་སྐབས་དམིགས་བསལ་བ་དེ་ལྡན་པར་གྱུར། མ་ཟད་ཆུ་ཚོད་རེ་ཟུང་གི་རྗེས་ནས་“དེ་རིང་རྒྱལ་སྤྱིའི་གསར་འགོད་པའི་མདུན་ནས་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་འཕྱར་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་”ཞེས་སོགས་བོད་སྐད་གཙང་མའི་གསར་འགྱུར་དེ་ཕྱི་ཕྱོགས་ནས་བསྒྲགས་པ་དངོས་སུ་གོ་ཐོས་བྱུང་བས་སེམས་ལ་དགའ་བ་དང་སྤོབས་པ་འགྲན་པ་ལྟར་སྐྱེས་པའང་དྲན་གྱི་འདུག  ས་བྱིའི་ཞི་རྒོལ་ལོར་གསར་འགོད་པ་རྣམ་པས་རང་གི་ནུས་ཤུགས་ཡོད་ཚད་གཅིག་ཏུ་བསྒྲིལ་ཏེ། ཞོགས་དགོང་གཉིས་ཀར་འབད་བརྩོན་ལྷོད་མེད་ཀྱིས་ལས་ཀར་འཐམ་ཞིང་གསར་འགྱུར་བཤད་རྒྱུ་མང་དྲགས་པས་སྐད་ཀྱང་འགག་ནས་ཡོད།

ཤེས་འཇོན་གཉིས་ལྡན་གྱི་རང་རེའི་གསར་འགོད་པ་རྣམས་ཀྱིས་བྱ་བ་གཞན་ཡང་གཉེར་ཆོག་མོད། མི་ཁའི་རླུང་འཚུབ་ནང་ཀྲོག་ངེར་འགྲེང་སྟེ་བློ་སྟོབས་ཆེན་པོས་ལས་རིགས་འདིར་ཕྱག་གིས་འཇུས་པ་ནི། ཉམ་ང་བའི་མི་རིགས་ཤིག་གི་ལས་དབང་ལ་སེམས་པ་བརླན་སྟངས་དང་ལ་རྒྱ་འཛིན་སྟངས་ཞིག་ཡིན་ཙ་ན། ཡི་གེ་དག་སྡེབ་ཙམ་ཡང་མི་འཁྱོངས་པའི་ཤེས་མེད་ཅོལ་ཆུང་དྲ་འཁྱམས་པ་ཚོར་རོ་ཐོག་རྟ་རྒྱུགས་ལྟ་བུའི་སྐད་ཆ་འདྲ་མིན་བཤད་པའི་ཐོབ་ཐང་གང་ཡང་མེད། ང་རང་གྲོགས་པོ་དང་ལྷན་དུ་ཐོག་མར་རྡ་ས་ནས་ས་རཱ་མཐོ་སློབ་ཏུ་འབྱོར་སྐབས་གསར་འགྱུར་ལ་ལྟ་ཉན་བྱེད་པའི་ཁོར་ཡུག་མེད་པས་ཅི་ཞིག་མ་ཚང་བའི་ཚོར་སྣང་སྐྱེས་མྱོང་། ཕྱིས་སུ་ང་རང་སློབ་མའི་ཤེས་ཡོན་ཚོགས་ཆུང་གི་ཚོགས་གཙོ་ཡིན་པའི་སྐབས་སུ། ངེད་ཚོགས་པས་སློབ་མ་ཚོར་ངེད་ཅག་འཛམ་གླིང་སྤྱི་དང་བྱེ་བྲག་བོད་ཀྱི་ལོ་རྒྱུས་གནས་བབ་ལ་སློབ་སྦྱོང་བྱེད་མཁན་ཞིག་དང་། ལྷག་དོན་བོད་དོན་འཐབ་རྩོད་པ་ཞིག་ཡིན་པའི་ངོས་ནས་ཨ་རིའི་རླུང་འཕྲིན་ཁང་གི་བདུན་རེའི་གསར་འགྱུར་དེ་ངེས་པར་མཁོ་གལ་ཆེ་བའི་སྐོར་གླེང་སློང་མང་ཙམ་བྱས་པ་བརྒྱུད། མཐར་ཡིག་ཚང་གིས་ཀྱང་བརྙན་འཕྲིན་དང་ཁང་བ་ཟུར་དུ་གོ་སྒྲིག་གིས་མཐུན་རྐྱེན་ཆ་ཚང་སྦྱོར་གནང་མཛད་ཅིང་། དེ་ནས་བཟུང་གཟའ་ལྷག་པ་ནམ་ཡིན་ལ་ང་ཚོར་གླེང་མི་ཚར་བའི་གཞིས་བཞུགས་སྤུན་ཟླའི་སྙིང་སྟོབས་དང་གསར་ལམ་གྱི་གཏམ་རྒྱུད་མང་དུ་ཡོད།

གསར་འགྱུར་ལས་རིགས་ལ་མང་གཙོའི་ཀ་བ་བཞི་བར་འབོད་ཅིང་མང་གཙོའི་སྤྱི་ཚོགས་ཁྲོད་ཧ་ཅང་གཙིགས་ཆེན་པོ་བྱེད། རང་རེའི་བོད་ལ་མཚོན་ནའང་གསར་ཁང་གྲགས་ཅན་འདི་གཉིས་མེད་བརླགས་སོང་ཚེ་དེའི་གྱོང་གུད་ནི་བོད་གཞིས་བྱེས་གཉིས་ཀར་བསུབ་ཏུ་མེད་པ་ཞིག་རེད།  ད་ལན་གྱི་དཀའ་ངལ་འདི་ནི་གསར་ཁང་དེ་དག་གི་ལས་མི་ཚོའི་ལས་ཀའི་ཐོབ་ཤོར་གྱི་གནད་དོན་ཞིག་མ་ཡིན་པར། དེ་ནི་སྒེར་གཅོད་ཀྱི་བྲན་འོག་ན་རང་དབང་ལ་རེ་ཞིང་སྙེག་པའི་མི་རྣམས་ལ་རང་དབང་གི་གོ་རྟོགས་དང་བདེན་པའི་གནས་ལུགས། ད་དུང་མང་གཙོའི་ཁྱད་ཆོས་དང་སྒེར་གཅོད་པའི་སྐྱོན་འཚང་སྒྲོག་པའི་སྨྲ་བའི་འབབ་སྟེགས་ཆེན་པོ་ཞིག་འགག་པ་དང་། སྒེར་གཅོད་པའི་མངོན་འདོད་དང་དུ་བླངས་ཏེ་མང་གཙོ་ལ་མཐོང་ཆུང་ཁྱད་གསོད་བྱས་པའི་རྣམ་པ་མངོན་གསལ་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།།

མཐར་དོན། བོད་གཞིས་བྱེས་དབར་གྱི་ཟམ་པ་ལྟ་བུའི་གསར་ཁང་གྲགས་ཅན་འདི་གཉིས་གང་མགྱོགས་སླར་གསོ་ཡོང་བའི་རེ་བ་དང་སྨོན་ལམ་འདེབས། ཉེ་སྔོན་ཨ་རིས་རོགས་དངུལ་བཅད་པ་དང་གསར་ཁང་སྒོ་བརྒྱབ་པ་སོགས་མདུན་རྒྱབ་ཀྱི་དཀའ་ངལ་མི་ཉུང་བ་ཞིག་རུ་འཛིངས་ཡོད་ཀྱང་། ང་ཚོ་ནི་གྱེལ་ས་ནས་ལངས་ཐུབ་པའི་དཔའ་བོའི་མི་རིགས་དེ་ཡིན་ཕྱིར། ད་ནི་ཅིས་ཀྱང་མཐུན་སྒྲིལ་གྱི་ལག་རྡང་གཅིག་ཏུ་སྦྲེལ་ཏེ་སྤྱི་དོན་ཆེད་རང་ནུས་གང་ཡོད་འདོན་པའི་དུས་ལ་བབ་འདུག་ཅེས་ཀྱང་སྨྲ་བར་ཐལ་ལོ།།  །།

རྩོམ་ཡིག་འདི་ནི་བོད་ཀྱི་གསར་ཁང་གྲགས་ཅན་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་ཀྱི་ལས་མི་ཡོངས་ལ་བཀའ་དྲིན་རྗེས་དྲན་ཙམ་མཚོན་སླད། བཙན་བྱོལ་བ་འཇམ་དབྱངས་སྦྱིན་པས་རྒྱ་གར་ལྷོ་ཕྱོགས་ནས་ཕུལ།
ཕྱི་ལོ་༢༠༢༥ ཟླ་ ༣ ཚེས་ ༡༩ ཉིན་སྤེལ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese