མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མར་ས་ཡོམ་གྱི་གོད་ཆག་ཤུགས་ཆེན་བྱུང་། 

བོད་ཀྱི་དུས་བབ།
༢༠༢༥/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཨེ་ཤ་ཡའི་ལྷོ་རྒྱུད་ཀྱི་འབར་མ་དང་ཐའེ་ལེན་ཌི་རྒྱལ་ཁབ་གཉིས་སུ་ས་ཡོམ་གྱི་གོད་ཆག་བྱུང་ནས་ད་བར་ཉུར་མཐར་མི་གྲངས་ ༡༠༡༠ ལྷག་རྐྱེན་འདས་དང་མི་གྲངས་ ༢༣༠༠ ལྷག་ལ་རྨས་སྐྱོན་ཐེབས་ཡོད་ཅིང་ད་ལྟའང་འཆི་རྨས་ཀྱི་གྲངས་འབོར་འཕར་མུས་ཡིན་འདུག

The 7.7-magnitude earthquake that struck Myanmar has caused severe damage to several historic sites, including the Royal Palace in Mandalay. Image courtesy: EPA

ཁ་སང་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ཨེ་ཤ་ཡའི་ལྷོ་རྒྱུད་དུ་ཆགས་པའི་འབར་མ་རྒྱལ་ཁབ་ཀྱི་མན་ཌ་ལེ་(Mandalay) ཁུལ་སོགས་སུ་ཚད་རིམ ༧། ༧ ཅན་གྱི་ས་འགུལ་བརྒྱུགས་ནས། ད་བར་ཉུང་མཐར་མི་གྲངས་ ༡༠༠༢ རྐྱེན་འདས་དང་། མི་གྲངས་ ༢༣༧༦ ལ་རྨས་སྐྱོན། མི་གྲངས་ ༣༠ གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། རྒྱལ་ཁབ་དེའི་དགོན་པ་དང་། ལྷ་ཁང་གཙོས་སྡོད་ཁང་། གཞུང་ལམ་སོགས་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པའི་ཁར། ས་ཡོམ་དེའི་འགུལ་ཤུགས་ཐའེ་ལན་ཌིའི་རྒྱལ་ས་བྷེན་ཀོག་ཁུལ་དུའང་བརྒྱུགས་ནས། ད་བར་ཉུང་མཐར་མི་གྲངས་ ༡༠ རྐྱེན་འདས་དང་། ཁུལ་དེར་འཛུགས་སྐྲུན་གྱི་ལས་ཀ་བྱེད་མུས་ཡིན་པའི་ཨར་ལས་བ་མི་གྲངས་ ༡༠༠ ལྷག་གར་སོང་ཆ་མེད་དུ་གྱུར་འདུག

གནད་དོན་དེའི་ཐད་འབར་མའི་དམག་དོན་གཞུང་འཛིན་པ་མིན་(Min Aung Hlaing) གྱིས། ངས་ཕྱིའི་ཚོགས་པ་སྒྲིག་འཛུགས་དང་། རྒྱལ་ཁབ་ཁག་གི་རོགས་རམ་བྱེད་མཁན་རྣམས་འབར་མར་ཡོང་རྒྱུར་མགྲོན་འབོད་ཀྱི་ཡོད་ལ། ཕྱིའི་རྒྱལ་ཁབ་ཁག་གི་ངལ་སེལ་རོགས་དངུལ་ཡོད་ཚད་ངོས་ལེན་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་ལ། ཨ་རིའི་ཕྱི་སྲིད་བློན་ཆེན་མཱར་ཁོ་རུ་བྷི་ཡོ་ (Marco Rubio) ལགས་ཀྱིས། ངས་ས་ཡོམ་གྱི་གོད་ཆག་ཁྲོད་གནོད་འཚེ་ཐེབས་མཁན་གྱི་འབར་མ་དང་ཐའེ་ལེན་ཌིའི་མི་མང་རྣམས་ལ་སྨོན་ལམ་འདེབས་ཀྱིན་ཡོད། ད་ལྟ་ཡུལ་དངོས་སུ་ཡོད་པའི་ང་ཚོའི་མི་མང་རྣམས་ལ་གནོད་སྐྱོན་ཚབས་ཆེ་དང་ཤི་རྨས་བྱུང་མེད་པ་གཏན་འཁེལ་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། ང་ཚོས་སྲིད་འཛིན་ཊོམ་ཕུ་མཆོག་གི་དགོངས་དོན་བཞིན། རོགས་རམ་བྱ་རྒྱུར་གྲ་སྒྲིག་ཡོད། ཅེས་གསུངས་འདུག

འབར་མར་ཨ་རི་དང་ཨུ་རུ་སུ་སོགས་ཀྱི་ངལ་སེལ་རོགས་རམ་འབྱོར་ཡོད་པ་མ་ཟད། དེ་རིང་རྒྱ་ནག་གཞུང་གིས་ཆེད་མངགས་བྱས་པའི་རྒྱ་ནག་གི་མྱུར་སྐྱོབ་རུ་ཁག་གིས། ཁུལ་དེར་ཛ་དྲག་གི་མྱུར་སྐྱོབ་དང་རོགས་རམ་བྱ་རྒྱུ་ཡིན་ལུགས་སྒྲོག་མུས་ཡིན་པ་མ་ཟད། རྒྱ་གར་དབུས་གཞུང་གིས་བྷི་རམ་མཱ་ལས་འགུལ་(Operation Brahma) རོགས་སྐྱོར་གྱི་དངོས་ཟོག་ཏོན་ (tonnes) ༡༥ བསྐུར་བའི་ཁྲོད། གུར་དང་། ཉལ་ཆས།  ཁ་ལག་དང་འཁྲུས་ཆས།  གློག་འདོན་འཕྲུལ་འཁོར། དགོས་ངེས་སྨན་རྫས་སོགས་ཡོད་འདུག་ལ། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས། མི་ཚང་མའི་བདེ་འཇགས་སོགས་ཀྱི་ཐད་ལ་སྨོན་ལམ་འདེབས་ཀྱིན་ཡོད། རྒྱ་གར་གཞུང་གིས་རོགས་རམ་གང་ཡོང་བྱ་རྒྱུར་གྲ་སྒྲིག་ཡོད་ལ། ང་ཚོས་ཚོགས་སྡེ་ཁག་ནས་ཀྱང་རོགས་རམ་གནང་རྒྱུར་བསྐུལ་མ་བྱས་ཡོད། ཅེས་གསུངས་འདུག

བྷི་བྷི་སི་གསར་ཁང་གི་གནས་ཚུལ་ནང་། ད་ལྟའི་ཆར་ཁུལ་དེའི་སྡོད་ཁང་དང་གཞུང་ལམ། དེ་བཞིན་འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་ལ་གཏོར་སྐྱོན་ཆེན་པོ་ཐེབས་ཡོད་པའི་དབང་གིས་གློག་དང་དྲ་ལམ་སོགས་ཆད་དེ།  ཁུལ་དེའི་དངོས་ཡོད་ཀྱི་གནས་ཚུལ་མཁོ་བསྡུ་བྱ་རྒྱུར་ཧ་ཅང་དཀའ་ཁག་ཆེ་བ་མ་ཟད། གསར་འགོད་རང་དབང་གི་ཐད་ལ་ཚོད་འཛིན་ནན་མོ་བྱས་སྟབས། ཕྱི་རྒྱལ་གསར་འགོད་པ་དག་རྒྱལ་ཁབ་དེར་འགྲོ་སྐྱོད་ཀྱི་དཀའ་ངལ་འཕྲད་མུས་ཡིན་སྐོར་གསལ་འདུག་ཀྱང་། ད་ལྟ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ས་ཡོམ་གྱི་གོད་ཆག་དེའི་དབང་གིས། འབར་མའི་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་པོའི་ཕོ་བྲང་( Royal Palace) དང་། པཱ་གྷོ་ཌ་(Pagoda) མཆོད་རྟེན་ཚུད་པའི་ལྷ་ཁང་དང་། དགོན་པ་སོགས་ལ་ཞིག་སྐྱོན་ཆེན་པོ་བྱུང་ཡོད་པ་མ་ཟད། གཞུང་ལམ་དང་སྡོད་ཁང་སོགས་ལའང་བརྡིབ་སྐྱོན་བྱུང་ཡོད་ཀྱང་། ཡུལ་དེའི་གཞུང་འཛིན་དམག་དོན་སྒྲིག་འཛུགས་ཀྱིས་མུ་མཐུད་མྱུར་སྐྱོབ་དང་ངལ་སེལ་གྱི་རོགས་རམ་བྱེད་མུས་ཡིན་ལུགས་སོགས་བཤད་འདུག

དེ་བཞིན་ཨེ་ཤ་ཡའི་ཐའེ་ལེན་ཌིའི་རྒྱལ་སའི་ཁུལ་དུ་ས་ཡོམ་བརྒྱུགས་ནས་གཞུང་ལམ་དང་། ཧ་ཡེ་རི་སི་( high-rise buildings) ཁང་བརྩེགས་གཙོས་ཁང་བརྩེགས་གྲངས་ ༢༠༠༠ གཙོས་ཁང་པ་དང་གཞུང་ལམ་སོགས་ལ་གནོད་འཚེ་ཐེབས་ཡོད་པ་མ་ཟད། རེ་ཞིག་ཐའེ་ལེན་ཊིའི་སློབ་གྲྭ་ཚང་མ་སྒོ་བརྒྱབ་ཡོད་འདུག་ལ། ཁ་སང་ཕྱི་ཚེས་ ༢༨ ཉིན་ཚོང་དོན་གྱི་ལས་དོན་རྣམས་མཚམས་བཅད་ནས་ས་ཡོམ་གྱི་གོད་ཆག་ལ་དོགས་ཟོན་དང་ཉེན་གཡོལ་བྱས་འདུག་ལ། ཁང་བརྩེགས་བརྡིབ་སྐྱོན་བྱུང་སྟེ་གར་སོང་ཆ་མེད་དུ་གྱུར་བའི་ཨར་ལས་བ་རྣམས་འཚོལ་ཞིབ་བྱེད་མུས་ཡིན་འདུག

གཞན་ཡང་། ཕྱི་ལོ་ ༢༠༢༠ ཟླ་ ༡༡ པའི་ནང་འབར་མའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་ལྕམ་ཨང་སན་སུའུ་སྐྱིད་ཀྱི་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་ཀྱང་། འབར་མའི་དྲག་དམག་སྲིད་གཞུང་གིས་དམངས་གཙོ་ཡར་ཐོན་ཚོགས་པས་འོས་བསྡུའི་གྲུབ་འབྲས་རྫུན་བཟོ་བྱས་ཚུལ་བརྗོད་དེ། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡ ཉིན་འབར་མའི་དྲག་དམག་ཕྱོགས་ཀྱིས་ཡུལ་དེའི་འོས་བསྡུའི་གྲུབ་འབྲས་རྩིས་མེད་བཏང་སྟེ། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་སྣེ་འཁྲིད་པའི་དམངས་གཙོའི་སྲིད་གཞུང་མགོ་རྟིང་བསླགས་པ་མ་ཟད། ཡུལ་དེའི་སློབ་སྟོན་པ་ལྕམ་ཨང་སན་སུའུ་སྐྱིད་ལགས་དང་སྐབས་དེའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཝེ་མེན་ཊི་ལགས་རྣམ་པ་གཉིས་གཙོ་བོར་གྱུར་བའི་གནད་ཡོད་མི་སྣ་བཅས་ཁྱོན་མི་གྲངས་ ༡༤༨༠༠ ཡས་མས་འཛིན་བཟུང་བྱས་ཡོད་པ་མ་ཟད། དམངས་གཙོ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་ལ་སྲོག་ཁྲིམས་བཅད་དེ་སྲིད་འགྱུར་ཆེན་པོ་ལངས་ཡོད། ད་ལན་ཡུལ་དེའི་དྲག་དམག་ཆེས་མཐོ་མི་སྣས། ལྕམ་སན་སུའུ་སྐྱིད་ལགས་བཙོན་འཇུག་བྱེད་མུས་ཡིན་པའི་ས་ཁུལ་དུ་ས་ཡོམ་གྱི་འཇིགས་པ་མ་བྱུང་བར། ཁོང་མོ་བདེ་འཇགས་ཡིན་ལུགས་སོགས་བརྗོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese