མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་འབྲུག་པ་བཀའ་བརྒྱུད་པའི་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་དགེ་འདུན་པ་ཚོ་ལུས་ལ་ཆོས་གོས་གྱོན་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་ཞིག་ཡིན་དུས། སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་བྱས་ཏེ་སེམས་ཞི་ཞིང་དུལ་བ་ཡོད་པའི་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་ཕྱི་ནང་མཚུངས་པ་ཞིག་བྱ་རྒྱུ་གལ་ཆེན་ཡིན་པའི་བཀའ་སློབ་བསྩལ།

༧གོང་ས་མཆོག་ལ་འབྲུག་པ་བཀའ་བརྒྱུད་པས་་ཚེ་དཔག་མེད་ཞི་ཁྲོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐུ་པར་བདག་དབང་། བོད་ཀྱི་དུས་བབ་གསར་ཁང་། ༢༠༢༥།༤།༢

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྡོ་རྗེ་གླིང་འབྲུག་གསང་སྔགས་ཆོས་གླིང་དང་བལ་ཡུལ་འབྲུག་ཨ་མི་ཏ་བྷ་བཙུན་དགོན་གདན་ས་གཉིས་ནས་ཚེ་དཔག་མེད་ཞི་ཁྲོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། སྐབས་དེར་༧མགོན་པ་གང་ཉིད་མཆོག་གིས། དེ་རིང་འདིར་འབྲུག་པ་བཀའ་བརྒྱུད་པས་བརྟན་བཞུགས་གནང་གི་ཡོད། རྒྱུ་མཚན་དམིགས་བསལ་མེད་ནའང་སེམས་ནང་དགའ་པོ་ཞེ་དྲགས་བྱུང་། ཁྱེད་རང་ཚོས་ལྷག་བསམ་རྩེ་གཅིག་གི་ཐོག་ནས་སྨོན་ལམ་རྒྱག་གི་ཡོད། འདས་པའི་ལོ་རྒྱུས་དེ་དག་ཟུར་དུ་བཞག་སྟེ། ད་ལྟའི་གནས་སྐབས་ཁྱེད་རང་ཚོས་ང་ལ་ཡིད་ཆེས་བྱེད་ཀྱིན་ཡོད་པ་དང་། ངོས་ཀྱི་ངོས་ནས་ཆ་བཞག་ན། ཁྱེད་རང་ཚོ་འབྲུག་པ་བཀའ་བརྒྱུད་པའི་ཆོས་བརྒྱུད་གནང་མཁན་ཚང་མ་བསྟན་པའི་ཞབས་འདེགས་སྒྲུབ་མཁན་གལ་ཆེན་དོན་ཆེན་ཞིག་ཆགས་བསྡད་ཡོད་པས་སྐྱིད་སྣང་ཤུགས་ཆེན་པོ་བྱུང་།

བསྟན་པ་རྒྱས་བར་ཤོག་ཟེར་དུས་ཕྱི་ལོགས་ཀྱི་འཛུགས་སྐྲུན་ཡག་པོ་ཡོད་དགོས་པའི་སྐད་ཆ་གང་ཡང་མ་རེད། སོ་སོ་རང་གི་བསླབ་པ་གསུམ་གྱི་ཉམས་ལེན་གདིང་ཁེལ་བ་ཞིག་བྱུང་བ་ཡིན་ན་དངོས་གནས་ཀྱི་བསྟན་པ་རྒྱས་པར་གོ ཕྱི་ལོགས་ཀྱི་ཁྲ་ཁྲ་ཟང་ཟིང་ཡོད་པ་ཙམ་གྱིས་བསྟན་པ་རྒྱས་བར་བརྩི་རྒྱུ་གང་ཡང་མེད། རང་གི་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་གདེང་ཚོད་ཁེལ་བ་ཞིག་བྱུང་ན་དངོས་གནས་དྲང་གནས་བསྟན་པ་རྒྱས་པ་ཟེར་གྱི་ཡོད།

ངོས་ལ་ཆ་བཞག་ན། ཆུང་ཆུང་གི་སྒང་ནས་ཡོངས་འཛིན་རྡོ་རྗེ་འཆང་རྣམ་པ་ཚོའི་བཀའ་དྲིན་ལ་བརྟེན་ནས། ཚད་མའི་གཞུང་སྦྱངས་ཏེ་གང་འཚམ་ཤེས་ཀྱི་ཡོད། ཞོགས་པ་ཡར་ལངས་པ་དང་ཉིན་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་གི་ཡོད། དེས་སེམས་ནང་ལྷོད་ཤིག་ཤིག་གི་སྐྱིད་སྣང་ཡག་པོ་ཞེ་དྲགས་ཡོང་གི་འདུག དེར་བརྟེན། ང་ཚོ་ཚང་མས་གཙོ་བོ་ཐོས་བསམ་གྱི་སློབ་གཉེར་བྱས་ཏེ། དེའི་བརྗོད་དོན་སེམས་ནང་དུ་ཟིན་བསྡད་ཡོད་དུས་བློ་བདེ་ལྷོད་ཤིག་ཤིག་ཡོང་གི་འདུག ངོས་ནས་ཀྱང་ཉམས་ལེན་དེ་ལྟར་བྱས་ཏེ་མི་ཚེ་བསྐྱལ་གྱི་ཡོད།

ཁྱེད་རང་ཚོ་ཆོས་གྲོགས་རྣམ་པ་ཚོ་ཡིན་ནའང་སངས་རྒྱས་པའི་ཆོས་ཀྱི་བསླབ་པ་གསུམ་གྱི་ཉམས་ལེན་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གང་འཚམ་གཏོང་རྒྱུ་བྱུང་ན། ཞོགས་པ་གཉིད་ལས་སད་པ་དང་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ཡོང་དུས། སེམས་དེ་ལྷོད་ཤིག་ཤིག་ཡོང་གི་འདུག

ང་ཚོ་ཚང་མའི་བར་ཆད་སེལ་བར་ཕྱི་ལོགས་ཀྱི་ཞབས་བརྟན་བསྒྲུབ་ཟེར་བའི་སྐད་ཆ་དེ་མ་རེད། སོ་སོའི་སེམས་རྒྱུད་དུ་བསླབ་པ་གསུམ་གྱི་ཉམས་ལེན་ཡག་པོ་ཞིག་ཡོང་ཐབས་སུ་གཟབ་ནན་གྱིས་བསམ་བློ་ཐོངས་དང་། རང་བཞིན་གྱིས་སེམས་ནང་ཞི་བདེ་དང་ལྷོད་ཤིག་ཤིག  དཀའ་ངལ་གང་འདྲ་འཕྲད་ཀྱང་གདོང་ལེན་བྱེད་མི་ཐུབ་པའི་སེམས་ཞུམ་བསྡད་པ་ཁྱོན་ནས་མེད་པར་སེམས་ནང་སྐྱིད་སྣང་ཡོང་གི་འདུག གཙོ་བོ་སྟོན་པ་བཅོམ་ལྡན་འདས་དང་ཡང་སྒོས་རྒྱན་དྲུག་མཆོག་གཉིས་ཀྱི་བསྟན་པ་དེ་དག་ཞེ་དྲགས་བཀའ་དྲིན་ཆེན་པོ་ཡིན་པའི་བསམ་བློ་འཁོར་ཏེ། སེམས་ནང་ལ་སྤྲོ་བ་དང་སྤོབས་པ་བསླེབས་ཡོང་གི་འདུག

ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་ཡིན། རྒྱ་གར་གྱི་དཔལ་ནལེནྜའི་མཁས་དབང་ཚོའི་གསུང་གི་འཕྲིན་ལས་བསམ་གྱི་མི་ཁྱབ་པ་ཡོད་པ་དེར་ང་ཚོའི་སེམས་ནས་སྒོ་གང་ནས་བལྟས་ན་བསམ་བློ་གཏོང་རྒྱུ་ཡོད། བསམ་བློ་གཏོང་རྒྱུ་གཅིག་མ་གཏོགས་མེད་པ་མིན་པ་དང་ལྐུགས་པ་ཨུ་ཚུགས་བྱས་ནས་བྱ་རྒྱུ་ཞིག་མ་རེད། དེ་རྒྱ་ཆེན་པོ་ཞེ་དྲགས་རེད།

དབུ་མ་འཇུག་པ་དང་ཚད་མ་རྣམ་འགྲེལ། དེ་ནས་མཛོད་དང་འདུལ་བ་ལ་དེ་ཙམ་གྱིས་བསམ་བློ་རྒྱ་ཆེན་པོ་གཏོང་རྒྱུ་མེད། ད་ལྟ་སློབ་དཔོན་དབྱིག་གཉེན་བཞུགས་ཡོད་ཚེ། བཀའ་འདྲི་ཞུ་རྒྱུ་ཡོད་དེ་སློབ་དཔོན་དབྱིག་གཉེན་གྱིས་ག་རེ་གསུང་མིན་མི་ཤེས། གང་ལྟར་དབུ་མ་འཇུག་པ་དང་ཚད་མ་རྣམ་འགྲེལ་སོགས་ལ་བསམ་བློ་གཏོང་རྒྱུ་ཞེ་དྲགས་འདུག་ལ། ཡག་པོ་ཞེ་དྲགས་རེད་འདུག ངོས་ཆུང་ཆུང་གི་སྐབས་དབུ་མ་འཇུག་པ་བློར་བཟུང་བ་ཡིན། ཚད་མ་རྣམ་འགྲེལ་གང་འཚམ་བློར་བཟུང་ཡོད། དེང་སང་བསམ་བློ་གཏོང་སྐབས། བློར་བཟུང་བ་དེ་དག་གིས་སེམས་ཀྱི་རྩེ་རྣོ་པོ་བཟོས་ཏེ་མི་ལ་འགྲེལ་བཤད་རྒྱག་སྐབས་ཕན་ཐོགས་ཞེ་དྲགས་འདུག

དེ་རིང་ཁ་སང་ཡ་མཚན་པ་ཞིག་ལ། ཚན་རིག་གི་ངོ་བོ་ཡར་རྒྱས་ཕྱིན་པ་དང་ལྷག་པར་དུ་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་གསར་པ་ཞིག་བྱས་ཡོང་དུས། ང་ཚོའི་གཞུང་དུ་གསུངས་ཡོད་པའི་སེམས་ཁམས་རིག་པ་དང་དེང་སང་ཚན་རིག་པས་ཤོད་ཀྱིན་པའི་སེམས་ཁམས་རིག་པ་གཉིས་སྒོ་ཀུན་ནས་འབྲེལ་བ་ཡོད་པ་དང་། སེམས་ཁམས་རིག་པའི་མི་ཚོ་ཆོས་ལ་དད་པ་མེད་ཀྱང་། ང་ཚོའི་སེམས་ཁམས་རིག་པའི་གཞུང་དུ་གསུངས་པའི་བསམ་བློའི་འགྲོ་སྟངས་ཀྱི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་བྱས་ཏེ་དགའ་པོ་ཞེ་དྲགས་བྱེད་ཀྱིན་འདུག ཅེས་གསུངས།

ང་རང་ཚོ་ལུས་ལ་ཆོས་གོས་གྱོན་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་ཞིག་ཡིན་དུས། སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་བྱས་ཏེ་ཕྱི་ནང་མཚུངས་པ་དང་སེམས་ཞི་ཞིང་དུལ་བ་ཡོད་པ།  བཅོམ་ལྡན་འདས་ཞལ་བཞུགས་དུས་འཁོར་ཚང་མ་གཞན་དང་མི་འདྲ་བར་ཞི་ཞིང་དུལ་བ་ཡོད། དེར་བརྟེན། ང་རང་ཚོས་ལུས་ལ་ཆོས་གོས་གྱོན། ངག་ནས་སྡེ་སྣོད་གསུམ་བཤད་ཡོང་དུས། བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་ཕྱི་ནང་གཉིས་མཚུངས་ཀྱི་ཁྱད་ཆོས་ལྡན་པ་བྱེད་ཐུབ་ཚེ། སོ་སོ་ཡིན་ན་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཡོད། བསྟན་པ་སྤྱི་ལ་ཆ་བཞག་ན། འདི་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་རེད། འདྲ་གི་མ་རེད་ཟེར་བའི་མཐོང་ཚུལ་ཞིག་སྤྱི་ཚོགས་ནང་ཡོང་བསྡད་པ་རེད། དེ་བས་ཚང་མས་ཧུར་ཐག་གནང་རོགས། ང་རང་ལ་ཆ་བཞག་ན་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་ཡིན། ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ནས་འགྲོ་བཞིན་ཡོད། དེ་འདྲ་བའི་བསམ་བློ་གཏོང་སྐབས་སེམས་ལྷོད་ཤིག་ཤིག་ཡོང་གི་འདུག

ཚང་མས་ལུས་ལ་ཆོས་གོས་ངུར་སྨུག་གྱོན། ངག་ནས་སྡེ་སྣོད་གསུམ་གྱི་དོན་དག་བཤད་ཡོང་དུས། བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣལ་མ་ཞིག དེང་སང་འཛམ་གླིང་འདིའི་སྒང་དུ་ཆོས་ལ་དོ་སྣང་བྱེད་མཁན་ཉུང་ཉུང་རེད་ཟེར་དགོས་ཀྱང་།  ནང་པའི་ཆོས་ཀྱི་བསམ་བློའི་འགྲོ་སྟངས་སོགས་ཀྱི་ཐད་སྐྱེ་བ་སྔ་ཕྱིའི་སྐད་ཆ་མེད་པར་འཕྲལ་དུ་སེམས་བག་ཕེབས་པོ་དང་ལྷོད་ལྷོད་ཡོང་གི་ཡོད་པར་མང་པོ་ཞིག་གིས་ཧ་ཅང་དགའ་པོ་བྱེད་ཀྱིན་འདུག ངོས་ཀྱི་ངོ་ཤེས་པ་སེམས་ཁམས་རིག་པའི་ཚན་རིག་པ་མང་པོ་ཞིག་ངོས་ཀྱི་སར་ཡོང་ནས་སེམས་ཀྱི་ཞི་བདེའི་འགྲོ་སྟངས་ཐོག་སྐད་ཆ་འདྲི་མཁན་མང་པོ་འདུག དེར་བརྟེན། ང་རང་ཚོ་ཚང་མས་སྔོན་ལ་སོ་སོས་ལག་ལེན་ཡག་པོ་བྱས། དེ་ནས་སོ་སོར་ཉམས་མྱོང་ཡོད་པའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་བྱུང་ན་བསྟན་པ་ལ་ཕན་གྱི་རེད།

འབྲུག་པ་བཀའ་བརྒྱུད་སྤྱི་ནས་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མར་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། ང་ཚོ་ཚང་མས་སྨོན་ལམ་ཚོགས་མེད་བསགས་པའི་ཐོག་ནས་སྨོན་ལམ་རྒྱག་གི་ཡོད་དུས། ང་ཚོས་བརྒྱབ་པའི་སྨོན་ལམ་གྱི་འབྲས་བུ་ཞིག་ཏན་ཏན་མཐོང་ཆོས་སུ་ཡོང་གི་རེད། ངོས་ནས་ཀྱང་ལྷག་བསམ་རྣམ་དག་གི་ཐོག་ནས་སྨོན་ལམ་རྒྱག་གི་ཡོད། ཐུགས་རྗེ་ཆེ། ཞེས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 1

  1. ཚེ་དཔག་རིག་འཛིན། says:
    ལོ་ 1 སྔོན།

    ༼གོང་ས་མཆོག་གིས་བཀའ་སློབ་གང་མིན་ཚད་གནང་འདུག. གསར་འགོད་པ་ལགས. མཇུག་མཐར་་་་་”ང་ཚོ་ཚང་མས་སྨོན་ལམ་ཚོགས་མེད་བསགས་པའི་ཐོག་ནས་སྨོན་ལམ་རྒྱག་གི་ཡོད་དུས།” འདི་ཡིག་ནོར་དུ་སོང་མིན་འདུག་གམ།. དེ་མིན་ངས་མི་གོ་འདུག. གཟིགས་རོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese