མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྒྱ་གར་རྒྱལ་ཡོངས་རང་བཞིན་གྱི་བགྲོ་གླེང་ཐེངས་དང་པོ་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྒྱ་གར་རྒྱལ་ཡོངས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོའི་ཐོག་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་འཛམ་གླིང་སྤྱི་ཡོངས་ཀྱི་ཕན་བདེ་དང་། འཆམ་མཐུན། བརྟན་བརླིང་སོགས་ལ་ཕན་ཐོགས་ངེས་ཅན་ཡོད་པས་རིག་གཞུང་འདི་ལ་སྲུང་སྐྱོབ་དང་འཆད་ཉན་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས།

གནས་མཆོག་རྡོ་རྗེ་གདན་གྱི་ (Buddha Heritage and Resort) གསོལ་མགྲོན་ཁང་དུ། ༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་བགྲོ་གླེང་ཐེངས་དང་པའི་སྐུ་མགྲོན་རྣམ་པ། ༢༠༢༥།༠༤།༣ དུས་བབ་ཀྱི་པར།

དེ་རིང་དང་སང་ཉིན་ཉིན་གྲངས་གཉིས་རིང་གནས་མཆོག་རྡོ་རྗེ་གདན་གྱི་ (Buddha Heritage and Resort) གསོལ་མགྲོན་ཁང་དུ། ༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་གོ་སྒྲིག་འོག  དངོས་པོའི་གནས་ལུགས་དང་ཚད་མ། དེ་བཞིན་སེམས་ཁམས་རིག་པ་དང་དེར་འཇུག་སྟངས་བཅས་ཀྱི་སྐོར་ལ་རྒྱ་གར་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུ་ཞིག་དབུ་འཛུགས་གནང་སོང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་། སྐུ་མགྲོན་གཙོ་བོ་བྷི་ཧར་མངའ་སྡེའི་ཁྲིམས་དཔོན་འབུམ་རམས་པ་ཐིཡང་གྷ་ར་ཇན་ (Thiyagarajan) མཆོག་དང་། ༧སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག བཀའ་ཟུར་བསྟན་པ་ཚེ་རིང་མཆོག སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་དགེ་བཤེས་ལྷག་རྡོར་ལགས་སོགས་ཆོས་བརྒྱུད་རིས་མེད་ཀྱི་དགེ་བཤེས་ཁག་ཅིག་དང་། རྒྱ་གར་གྱི་མཁས་དབང་མང་པོ་ཞིག དེ་བཞིན་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་མཁན་ཟུར་བཀྲ་ཤིས་ཚེ་རིང་མཆོག་གིས་དབུས་ལྟེ་གནས་ལས་བྱེད་སོགས་མཉམ་ཞུགས་གནང་འདུག

མཛད་སྒོའི་ཐོག་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆེད་དུ་བསྩལ་བའི་མཛད་སྒོའི་གསུང་འཕྲིན་སྒྲོག་སྦྱངས་ཞུས་པའི་ནང་། ལྟེ་གནས་ཁང་གི་ངོས་ནས་རྒྱ་གར་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་གོ་སྒྲིག་གནང་ཐུབ་པ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་སྐོར་དང་། ༸གོང་ས་ཏཱ་ལའི་བླ་མའི་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་འདི་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་དོ་སྣང་བྱ་རྒྱུ་ཙམ་མིན་པར། རིག་གཞུང་དེ་དག་དེང་རབས་ཀྱི་ཚན་རྩལ་དང་མཉམ་འབྲེལ་ཇི་ལྟར་བྱེད་ཐུབ་མིན་ཞིབ་འཇུག་བྱ་རྒྱུ་དེ་ཡིན་པ་དང་། འཛམ་གླིང་འདི་བཞིན་ཉེན་ཁ་ཆུང་བ་དང་། བདེ་སྐྱིད་ལྡན་པ། མཐུན་སྒྲིལ་ཆེ་བ་ཡོང་སླད་ཞབས་འདེགས་བསྒྲུབ་ཐུབ་པའི་ནུས་པ་ཆེན་པོ་མཐོང་ཐུབ་ཀྱི་ཡོད། ཅེས་གསུངས་འདུག་ལ། འབྲེལ་ལམ་ཟབ་པའི་དེང་གི་འཛམ་གླིང་ནང་དུ་འཕྲུལ་ཆས་ཀྱིས་ང་ཚོའི་ལུས་སེམས་གཉིས་ཀའི་བར་ཐག་ཉེ་རུ་བཏང་ཡོད་པ་དེས་འབྱུང་འགྱུར་ལྟེ་གནས་ཁང་གིས་ལས་དོན་ཐད་གསར་གཏོད་རང་བཞིན་གྱི་ཐབས་ལམ་འཚོལ་བར་གོ་སྐབས་བསྐྲུན་ཡོད་སྟབས། བགྲོ་གླེང་ཚོགས་འདུ་འདི་བཞིན་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

འབུམ་རམས་པ་ཐིཡང་གྷ་ར་ཇན་ (Thiyagarajan) མཆོག་གིས། དེ་རིང་གི་བགྲོ་གླེང་ཚོགས་འདུ་འདི་དབུ་འབྱེད་ཀྱི་མཛད་སྒོར་མཉམ་ཞུགས་ཐུབ་པ་བྱུང་བར་དགའ་པོ་བྱུང་། ལྟེ་གནས་ཁང་འདི་བརྒྱུད་ནས་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཁྱབ་གདལ་གཏོང་བ། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར། བྱམས་སྙིང་རྗེ་དང་། མཐུན་སྒྲིལ། བརྩེ་བ་སོགས་གོང་འཕེལ་དུ་གཏོང་གི་ཡོད་པ་རེད། དེ་རིང་གི་ཚོགས་འདུ་འདིའི་སྟེང་རྒྱ་གར་དང་བོད་པའི་མཁས་པ་མང་པོ་ཞིག་མཉམ་ཞུགས་ཀྱིས་གནའ་བོའི་རིག་གཞུང་ཐད་གླེང་སློང་གནང་གི་ཡོད་པར་ཧ་ཅང་གི་དགའ་བོ་བྱུང་། ཞེས་སོགས་གསུངས་སོང་།

གནས་མཆོག་རྡོ་རྗེ་གདན་གྱི་ (Buddha Heritage and Resort) གསོལ་མགྲོན་ཁང་དུ། ༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་བགྲོ་གླེང་ཐེངས་དང་པའི་ཚོགས་བཅར་བ། ༢༠༢༥།༠༤།༣ དུས་བབ་ཀྱི་པར།

སྐུ་མགྲོན་གཙོ་བོ་ ༧སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ལོ་མང་པོའི་གོང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ལས་ཚད་མེད་བསྐྱོན་པ་དང་། ༧མགོན་པོ་གང་གི་ཕུགས་དམིགས་དང་བཞེད་དགོངས་ལྟར། ད་ལན་གཙོ་བོ་རྒྱ་གར་གཞུང་དང་བྷི་ཧར་མངའ་སྡེ་གཉིས་ཀྱི་མཐུན་བསྒྱུར་རོགས་འདེགས་འོག་ནས། ༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་འདི་ཉིད་དངོས་སུ་མགོ་བཙུགས་ཐུབ་པ་བྱུང་ཡོད།   ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕུགས་དམིགས་དང་བཞེད་དགོངས་ལྷུན་གྱིས་འགྲུབ་སླད། བྷི་ཧར་མངའ་སྡེ་དང་ས་གནས་གཞུང་གིས་ལས་གཞི་འདི་གཉེར་བར་ས་ཁྱོན་ཆེན་པོ་ཞིག་ཕུལ་ཡོད་ཀྱང་། ཕྱོགས་ཡོངས་ནས་བསམ་ཚུལ་འདྲ་མིན་ཡོད་པའི་ཁྲོད། ཁག་ཅིག་གིས་གནའ་བོའི་རིག་གཞུང་དེ་དུས་འགྱུར་གྱི་དབང་གིས་འཆད་ཉན་བྱ་རྒྱུར་དཀའ་ཚེགས་ཡོད་སྐོར་སོགས་ཀྱི་དགོངས་ཚུལ་ཇི་རིགས་བྱུང་ཡོད་ཀྱང་། ང་ཚོས་གནད་དོན་དེའི་རིགས་ལ་གདོང་ལེན་བྱས་ནས་ཤར་སྐྱོད་བྱས་པ་རེད། ལྟེ་གནས་ཁང་འདིར་དུས་རབས་ཉི་ཤུ་བར་གྱི་བོད་དང་རྒྱ་གར་གི་གནའ་བོའི་ཤེས་རིག་གི་སྐོར་ལ་སློབ་སྦྱོང་སྤྲད་རྒྱུ་དང་། སློབ་ཡོན་དང་ཡིག་ཚད་སོགས་ཀྱི་ལམ་ནས་ཞུགས་མི་དགོས་པར་རིན་མེད་ཀྱིས་སློབ་མ་སྐྱེད་སྲིང་བྱ་རྒྱུ་ཡིན། ཞེས་དང་། འཛམ་གླིང་ཁྱོན་ཡོངས་སུ་ཁོར་ཡུག་དང་། ཆབ་སྲིད། དཔལ་འབྱོར་སོགས་ཀྱི་ཐད་ནས་དཀའ་ཁག་ཧ་ཅང་ཆེ་བའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར། འབྱུང་འགྱུར་གྱི་མི་རབས་རྣམས་ལ་འཛམ་གླིང་སྤྱི་ཡོངས་ཀྱི་དཀའ་རྙོག་སེལ་སླད་ཟློག་མེད་ཀྱི་འགན་འཁྲི་གསར་པ་ཞིག་ཡོད་པའི་མུར།  རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་འཛམ་གླིང་སྤྱི་ཡོངས་ཀྱི་ཕན་བདེ་དང་། འཆམ་མཐུན། བརྟན་བརླིང་སོགས་ལ་ཕན་ཐོགས་ངེས་ཅན་ཞིག་ཡོད་པས། རྒྱ་གར་གྱི་གནའ་བོའི་རིག་གཞུང་སྲུང་སྐྱོབ་དང་འཆད་ཉན་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་། 

དེ་ནས་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས། རྡོ་རྗེ་གདན་གྱི་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་ནི་འཛམ་གླིང་ནང་འགྲོ་བ་མི་ལ་བྱམས་བརྩེ་དང་། བདེ་སྐྱིད་ཁྱབ་གདལ་འགྲོ་བའི་ཆེད་དུ་འཛུགས་སྐྲུན་གནང་བ་ཞིག་རེད། ད་ལྟའི་ཆར་ལྟེ་གནས་ཁང་འཛུགས་སྐྲུན་གནང་སྟེ་ལོ་ངོ་གཅིག་དང་ཕྱེད་ཀ་ཕྱིན་ཡོད་པ་དང་། ད་དུང་ལོ་ངོ་མང་པོ་འགོར་སྲིད་པ་རེད། ལས་ཀ་གཞི་རྒྱ་ཆེན་པོ་ཡིན་ཙང་དུས་ཚོད་མང་པོ་འགོར་གྱི་འདུག ༧མགོན་པོ་གང་ཉིད་མཆོག་གི་དགོངས་གཞི་གཞིར་བཟུང་། འཛམ་གླིང་ནང་གནའ་བོའི་རིག་གཞུང་དར་ཁྱབ་ཏུ་འགྲོ་བར་རྒྱ་གར་གྱི་མཁས་པ་བསྡུ་རུབ་དང་། རྒྱ་གར་གྱི་གནའ་རབས་རིག་གཞུང་གཙོ་བོ་དེ་དག་སེམས་ཁམས་དང་འབྲེལ་བ་ཡོད་པ་དང་། འཛམ་གླིང་དུ་བདེ་སྐྱིད་སྤེལ་བར་བོད་པའི་ནང་ཆོས་དང་འབྲེལ་བ་ཡོད་པ་རེད། མཁས་དབང་རྣམས་གཞི་རྩའི་ལྟ་གྲུབ་ཐོག་མཁས་པ་ཡིན་པར་བརྟེན། འཛམ་གླིང་ནང་དེང་དུས་ཀྱི་དགོས་མཁོ་དང་མཐུན་པའི་ཐོག་ནས་དར་ཁྱབ་གཏོང་བ་དང་། བྱམས་བརྩེ་སྤེལ་རྒྱུ། སློབ་སྦྱོང་སྤྲོད་པར་དགེ་རྒན་འོས་སྦྱོང་སྤྲད་དགོས་རེད་བསམ་གྱི་འདུག ད་ལོའི་ཕྱི་ཟླ་དྲུག་པའི་ནང་༧གོང་ས་ཏཱ་ལའི་བླ་མའི་སློབ་གཉེར་ཁང་དུ་དགེ་རྒན་འོས་སྦྱོང་གནང་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

ཡང་མཛད་སྒོའི་ཐོག་རྒྱ་གར་གྱི་མཁས་དབང་སློབ་དཔོན་ཇོ་ཤི་ (Shubhada Joshi) ལགས་ཀྱིས། དེ་སྔ་དྲ ལམ་དང་དངོས་སུ་ཐུག་ནས་ཚོགས་འདུ་མང་པོ་འཚོགས་ཏེ། གནའ་བོའི་རིག་གཞུང་དང་འབྲེལ་ནས་གླེང་སློང་མང་པོ་བྱུང་། བོད་ཀྱི་ནང་ཆོས་གཅིག་པུ་མིན་པར་གནའ་བོའི་རིག་གཞུང་དང་། དེང་དུས་གཉིས་མཉམ་འབྲེལ་གྱིས་བྱམས་བརྩེའི་ཐོག་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད། ལས་གཞི་འདིའི་ཐོག་རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཆེན་པོ་གནང་བ་བཀའ་དྲིན་ཆེན་པོ་ཡིན་སྐོར་གསུངས་སོང་།

༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༣།༡།༣  དུས་བབ་ཀྱི་པར།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་འདི་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་གསར་འཛུགས་གནང་བ་ཞིག་ཡིན་འདུག་ལ། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྟེ་གནས་ཁང་གསར་སྐྲུན་གྱི་རྨང་རྡོ་འཇོག་གནང་མཛད་པ་དང་། ལྟེ་གནས་ཁང་ལ་དང་ཐོག་དཔལ་ནཱ་ལནྜེའི་ལྟེ་གནས་ཞེས་མཚན་བཏགས་ཡོད་ཀྱང་། ཕྱིས་སུ་༸གོང་ས་མཆོག་ནས་ནང་པ་ཙམ་མ་ཡིན་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཆ་ཚང་མཚོན་ཆེད་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་ཞེས་མཚན་བསྒྱུར་གནང་ཡོད་འདུག ལྟེ་གནས་ཁང་འདི་ནི་རིག་གཞུང་ཞིབ་འཇུག་ཁང་ཞིག་ཡིན་ཞིང་། གཙོ་བོ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་ལྟ་གྲུབ་རྣམས་ཀྱིས་དེང་དུས་དང་མཐུན་པའི་ཐོག་ནས་འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་སྒྲུབ་ཐབས་སྐོར་ལ་ཞིབ་འཇུག་དང་བསླབ་པ་སློབ་གཉེར་གནང་བར་དམིགས་ཡོད་པ་རེད།
ལྟེ་གནས་ཁང་གི་རྨང་རྡོ་འཇོག་པའི་མཛད་སྒོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་གྱི་གནས་འདིར་ཆོས་ལུགས་དད་པ་ཡོད་མེད་ལ་མ་ལྟོས་པར། ང་ཚོས་སངས་རྒྱས་ལ་དགའ་མོས་བྱ་རྒྱུ་དང་། གཙོ་བོ་སངས་རྒྱས་ཀྱིས་གསུངས་པའི་བྱམས་བརྩེ་ཟེར་བ་དེ་དངོས་གནས་དྲང་གནས་ཀྱིས་འཛམ་བུ་གླིང་ལ་ཕན་ཐོགས་ཡོད་པ་དང་གལ་ཆེན་པོར་རྩིས་ཡོད་པ་རེད། Bodhgaya ཟེར་བའི་གནས་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱམས་བརྩེ་རྩ་བར་གྱུར་བའི་སངས་རྒྱས་ཀྱི་ཆོས་གསར་དུ་མཛད་དེ་ཡར་རྒྱས་ཕྱིན་པ་ཞིག་ཡིན་དུས་ཚང་མས་འདིར་དམིགས་བསལ་གྱིས་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། ང་ཚོས་ཉིན་ཞག་དུས་གཅིག་གི་མི་ཚེའི་ཁྲོད་སེམས་པ་བཟང་པོ་དང་བྱང་ཆུབ་སེམས་ཀྱི་ཐོག་ནས་གཞན་ཕན་གཙོ་བོ་བྱས་ནས་མི་ཚེ་སྐྱེལ་རྒྱུ་དང་། གཞན་ཕན་སྒྲུབ་དུས་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་དང་གཞན་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོང་རྒྱུ་ཞིག་ཡག་པོ་རྩད་གཅོད་བྱས་ཏེ། བྱང་ཆུབ་ཀྱི་སེམས་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་གཞན་ཕན་བསྒྲུབ་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་རེད། ཅེས་གསུངས་ཡོད་པ་རེད། 
གསར་འགོད་པ་བསྟན་འཛིན་ཕུར་བུས་གནས་མཆོག་རྡོ་རྗེ་གདན་ནས་སྤེལ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese