མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་དམ་པར་ཐུགས་སྨོན་མཛད།

བོད་ཀྱི་དུས་བབ།
༢༠༢༥/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་དམ་པར་ཐུགས་སྨོན་མཛད་འདུག

པར་འགྲེལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་པར་སོགས་སྤྱན་འབུལ་ཞུ་བཞིན་པ།  ༢༠༢༥།༠༤།༠༩ དགའ་ལྡན་ཕོ་བྲང་གི་སྐུ་པར།

དེ་རིང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། ༧བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ། བོད་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་བའི་གནས་ཚུལ་དང་། དམ་པ་ཁོང་གིས་བོད་ནང་དུ་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་རྒྱུན་འཛིན་དར་སྤེལ་ཆེད་ཕྱག་ལས་ཧ་ཅང་མང་པོ་གནང་ཡོད་པའི་སྐོར་སོགས་སྙན་གསེང་ཞུས་ཡོད་འདུག 

དེའི་ཐད་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། དེ་རིང་ང་ཚོས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝེ་ཐི་ནམ་ནས་སྐུ་སྲོག་ཤོར་བའི་གནད་དོན་གང་གོ་ཐོས་བྱུང་བ་དང་འབྲེལ་ནས། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་ཐུགས་དགོངས་ག་རེ་ཡོད་མེད་དང་ས་ལམ་ལ་བར་ཆད་མེད་པའི་ཐུགས་སྨོན་སྐྱབས་འཇུག་གནང་སླད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་བཅར་ནས་སྙན་ཞུ་ཆ་ཚང་ཕུལ་བ་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཀྱང་ཐུགས་ཕམ་དང་ཐུགས་སྨོན་གནང་བྱུང་། ང་ཚོ་ལ་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ནས་དྲང་བདེན་ཡོང་གི་རེད་བསམས་པའི་ཡིད་ཆེས་རྩ་བ་ཉིད་ནས་ཡོད་པ་མ་རེད། ད་ལན་གྱི་གནས་ཚུལ་གཅིག་པུ་མིན་པར། ང་ཚོར་འདི་ལྟ་བུའི་གནས་ཚུལ་མང་པོ་བྱུང་རེད། ཅེས་བརྗོད་འདུག

ཡང་ཁོང་གིས། རིན་པོ་ཆེ་མཆོག་གི་དགོངས་པ་རྫོགས་སྟངས་དེ་བོད་ནང་དུ་དགོངས་པ་རྫོགས་པའི་གནས་སྟངས་དང་མ་འདྲ་བ་བྱས་ནས། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་དང་དཀའ་ངལ་ཞིག་འབྱུང་གི་ཡོད་པ་གསལ་པོ་ཡིན་དུས། ཝེ་ཐི་ནམ་གཞུང་གིས་བསམ་ཤེས་བྱ་རྒྱུར་རེ་བ་ཡོད། ད་ལྟ་དགོངས་པ་རྫོགས་ས་དེ་ཝེ་ཐི་ནམ་ཡིན་པ་དང་ཝེ་ཐི་ནམ་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བརྒྱུད་རིམ་གྱི་ཁྲོད་ནས། དེའི་འགན་དེ་ཝེ་ཐི་ནམ་གཞུང་ལའང་བརྒྱ་ཆ་བརྒྱ་ཡོད་རེད། ང་ཚོས་ཝེ་ཐི་ནམ་གཞུང་གིས་འགན་ཁུར་བའི་ཐོག རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གཞུང་ཚབ་རྣམ་པས་རྒྱབ་སྐྱོར་བྱས་ནས་དྲང་བདེན་གྱི་སྒོ་ནས་སྔོན་མ་དང་མི་འདྲ་བའི་ཐག་གཅོད་ཅིག་ཡོང་རྒྱུར་རེ་བ་ཏོག་ཙམ་ཡོད། ཅེས་བརྗོད་འདུག 

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་བོད་ནང་སྙན་གྲགས་ཡོད་པའི་ལུང་སྔོན་དགོན་ཕྱག་འདེབས་མཁན་སྤྲུལ་སྐུ་པདྨ་གཏུམ་པོ་མཆོག་གི་སྲས་ཡིན་ཞིང་། ཕྱི་ལོ་ ༢༠༠༤ ལོར་ཁོང་གིས་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་གསར་འཛུགས་གནང་སྟེ་གེ་སར་རིག་གནས་རྒྱུན་འཛིན་ཐད་ཕྱག་ལས་མང་པོ་གནང་།  ཕྱི་ལོ་ ༢༠༠༧ ལོ་ནས་མགོ་ལོག་ཁུལ་སྲིད་གཞུང་དང་སློབ་གསོ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུྃ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་གསར་འཛུགས་གནང་བ་སོགས་བོད་ཁུལ་གྱི་རོང་འབྲོག་གི་བྱིས་པ་སྟོང་ཕྲག་མང་པོར་རིན་མེད་ཐོག་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཐོབ་སླད་སློབ་གྲྭ་ཆུང་འབྲིང་ ༡༤ ཙམ་སྔ་གཞུག་ཏུ་ཆེད་འཛུགས་གནང་ཡོད་པ་དང་། དེ་བཞིན་དགོན་པ་དང་བཤད་གྲྭ་མང་པོ་ཕྱག་བཏབ་སྟེ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་ཆབ་སྲིད་ཀྱི་སྙོན་འཛུགས་སྣ་ཚོགས་བྱས་ཡོད་འདུག

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༦༩ ལོར་བོད་མགོ་ལོག་ཁུལ་དགའ་བདེ་རྫོང་ཁོངས་སུ་ཡབ་བླ་མ་༧པདྨ་གཏུམ་དྲག་རྡོ་རྗེ་མཆོག་དང་། ཡུམ་ཀ་བཟའ་གདུགས་དཀར་སྒྲོལ་མ་ལགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ལུང་སྔོན་དགོན་པ་ནས་ཐུན་མིན་རིག་གནས་སྤྱི་དང་། ལྷག་པར་དུ་ནང་བསྟན་གཞུང་ཆེན་ལ་གསན་བསམ་རྒྱ་ཆེན་མཛད།  ཕྱིས་སུ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ་ཕྱི་ལོ་ ༡༩༨༩ ནས་ ༡༩༩༤ བར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་མཛད། ཕྱི་ལོ་ ༡༩༩༥ ནས་ ༡༩༩༧ བར་ཨ་རིར་ཕེབས་ཏེ་སློབ་གཉེར་མཛད་རྗེས་ཕྱིར་བོད་དུ་ཕེབས། ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་དམར་གཞུང་གི་ཆོག་མཆན་ཐོབ་པ་ལྟར་མགོ་ལོག་དགའ་བདེ་རྫོང་ཁོངས་ཀྱི་ལུང་སྔོན་དགོན་པའི་གདན་རབས་བཅུ་པར་གསེར་ཁྲིར་མངའ་གསོལ་ཞུས། ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་པེ་ཅིན་དུ་ཕེབས་ནས་ནང་བསྟན་ཆོས་ལུགས་ཐོག་དམིགས་བསལ་གསན་བསམ་མཛད་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༩ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese