མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་སྤི་ཏིའི་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས། ཁྱེད་རང་ཚོས་༧རྒྱལ་བ་རིན་པོ་ཆེ་ལབ་ནས་སེམས་ཐག་ཉེ་བོ་ཞེ་དྲགས་ཡོད། ངོས་ཀྱི་ངོས་ནས་ཆ་བཞག་ན་རྒྱ་གར་ནུབ་རྒྱུད་ཀྱི་སྤི་ཏིའི་ཡུལ་མི་རྣམས་ལ་སེམས་ཐག་ཉེ་བོ་ཞེ་དྲགས་ཡོང་གི་འདུག ཅེས་གསུངས།

༧གོང་ས་མཆོག་ལ་སྤི་ཏིའི་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་༧སྐུ་པར། ༢༠༢༥།༤།༡༠

དེ་རིང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རྭའི་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྟ་པོ་དགོན་པ་གཙོ་བྱས་པའི་སྤི་ཏིའི་མི་མང་ ༡༣༠༠ ཡིས་བརྟན་བཞུགས་བསྟར་འབུལ་ཞུས། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས་སྐྱབས་འགྲོ་དང་གཟུངས་སྔགས་འགའི་བཟླས་ལུང་གི་ཆོས་འབྲེལ་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཆོས་གྲོགས་རྣམ་པ་ཚོར་ཞུ་རྒྱུར་ངོས་འདིར་རྒྱ་གར་དུ་སླེབས་པ་རེད། རྒྱ་གར་ནུབ་རྒྱུད་ས་ཁུལ་གྱི་མི་མང་རྣམས་ཆོས་དད་ཞེ་དྲགས་ཆེན་པོ་རེད་འདུག ༧རྒྱལ་བ་རིན་པོ་ལབ་དུས་སེམས་ཐག་ཉེ་བོ་ཞེ་དྲགས་བྱས་ནས་ལོ་ངོ་མང་པོ་ཕྱིན་པ་རེད། དུས་ཡུན་དེ་དག་གི་རིང་ཚང་མས་ངོས་ཀྱི་མིང་ནས་བོས་ཏེ་དངོས་གནས་དྲང་གནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྐྱབས་སུ་མཆིས་བསམ་པའི་བསམ་བློ་འཁོར་བསྡད་ཡོད་པ་རེད། སྤྱིར་རྒྱ་གར་དང་ཡང་སྒོས་ནུབ་རྒྱུད་ཀྱི་ས་ཁུལ་དེ་དག་ཏུ་ངོས་ཐེངས་མང་པོར་བསླེབས་པ་རེད། ཚང་མར་དད་པ་དང་གུས་པ། ཞེན་ཁོག་སོགས་གཡོ་བ་མེད་པ་རེད་འདུག ཁྱེད་རང་ཚོས་༧རྒྱལ་བ་རིན་པོ་ཆེ་ལབ་ནས་སེམས་ཐག་ཉེ་བོ་ཞེ་དྲགས་ཡོད། ངོས་ཀྱི་ངོས་ནས་ཆ་བཞག་ན་རྒྱ་གར་ནུབ་རྒྱུད་ཀྱི་སྤི་ཏིའི་ཡུལ་མི་རྣམས་ལ་སེམས་ཐག་ཉེ་བོ་ཞེ་དྲགས་ཡོང་གི་འདུག

ངོས་ལ་ཆ་བཞག་ན། ཆུང་དུས་ནས་དཔེ་ཆར་བལྟས་པ་རེད། ཆོས་གྲོགས་ཚོ་དང་ཐུག་པའི་སྐབས་སུ་འགྲེལ་བཤད་རྒྱག་རྒྱུ་གླེགས་མི་ཐིག་པ་ཡོད། ངོས་ཀྱང་རྒྱ་གར་ནུབ་རྒྱུད་དུ་བསྡད་དེ། ཡུལ་མི་མི་མང་ལ་དད་ཞེན་ཤུགས་ཆེན་ཡོད་པའི་ཐོག་ཏུ་ཆོས་ཀྱི་གནས་ཚུལ་དེ་དག་འགྲེལ་བཤད་བརྒྱབ་ཡོང་དུས། དངོས་གནས་དྲང་གནས་སེམས་ཀྱི་གཏིང་ནས་ལུས་གཡོ་འགུལ་ཐེབས་ནས་ཡག་པོ་ཞེ་དྲགས་འདུག ད་ལྟ་བར་དུ་ཁྱེད་རང་ཚོས་སངས་རྒྱས་པའི་ཆོས་ལ་ཧུར་ཐག་འབད་ཐག་བྱས་པ་རེད། གལ་ཆེ་བ་ཞིག་ལ་སངས་རྒྱས་པའི་ཆོས་དེ་འདོན་པ་བཏོན་པ་དང་སྨོན་ལམ་བརྒྱབ་པ་གཅིག་པུ་མ་ཡིན་པར་ག་འདྲ་ཞིག་ལ་སངས་རྒྱས་པའི་ཆོས་ཟེར་གྱི་ཡོད་མེད་ཐད་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད།

ང་རང་ཚོས་ཆོས་ཀྱི་རྣམ་གཞག་ཏོག་ཙམ་ཤེས་ནས་དད་པ་བསླེབས་ཡོང་དུས། དད་པ་དེ་ཤེས་རབ་ཀྱི་རྗེས་སུ་མཐུན་པའི་དད་པ་ཞིག་ཡིན་སྟབས་ཞེ་དྲགས་སྤུས་དག་པོ་དང་བརྟན་པོ་རེད་འདུག བརྟན་བཞུགས་ཟེར་ནས་འདོན་པ་བདུན་ཕྲག་བདུན་ཕྲག་བྱས་ནས་བཏོན་པ་དང་། སྙིང་ཁོངས་རུས་པའི་གཏིང་ནས་དང་དགའ་སྤྲོ་ཆེན་པོའི་ངང་སེམས་ཐག་ཉེ་བོ་བྱས་ནས་བསྡད་པ་དེ་བརྟན་བཞུགས་ངོ་མ་ཆགས་ཡོད།

དེ་རིང་འདིར་ཁྱེད་རང་ཚོ་ཆེད་མངགས་འཛོམས་ནས་བརྟན་བཞུགས་ཕུལ་གྱི་ཡོད། ངོས་སྒེར་ལ་ཆ་བཞག་ན། ཁྱེད་རང་ཚོས་དགའ་ཞེན་ཤུགས་དྲག་དང་ལྡན་པའི་ཐོག་ནས་ངོས་ཚེ་རིང་པོ་ཡོང་བར་སྨོན་ལམ་བརྒྱབ་པར་དགའ་པོ་བྱུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔོན་ལ་སྐྱབས་འགྲོ་སེམས་བསྐྱེད་ཅིག་འདོན་རྒྱུ་དང་དེ་ནས་གཟུངས་སྔགས་ཕྲེང་སྐོར་གཅིག་འདོན་རྒྱུ་ཡིན།

ཆོས་ཀྱི་སྙིང་བོ་དེ་བྱང་ཆུབ་ཀྱི་སེམས་རེད། ངོས་ཀྱི་ངོས་ནས་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད། ངོས་ནས་ལྷ་ཡི་རྣལ་འབྱོར་མང་པོར་བསྟེན་གྱི་ཡོད་དེ། གཙོ་བོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད། ངོས་ནས་དེ་ལྟར་བྱེད་ཀྱིན་ཡོད་ལ་ཁྱེད་ཚོའི་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་ཤོག་ཨ། ཞེས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༡ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese