མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་བཀྲ་ཤིས་དབང་འདུད་མཆོག་གི་ཤུལ་ལུས་ནང་མིར་གདུང་སེམས་མཉམ་སྐྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྲིད་ཚབ་རྒྱ་རི་སྒྲོལ་མ་མཆོག་གིས་བཀའ་ཟུར་བཀྲ་ཤིས་དབང་འདུད་མཆོག་གིས་མི་ལོ་ ༤༠ ལྷག་བོད་མིའི་སྒྲིག་འཛུགས་ལ་སྲི་ཞུ་བསྒྲུབས་པའི་རླབས་ཆེན་གྱི་མཛད་རྗེས་དེ་དག་ཤེས་རྟོགས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

སྲིད་ཚབ་དང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མཆོག་དང་བཀའ་དྲུང་སྦྲ་གཉིས་ཚེ་རྒྱལ། ༢༠༢༥། ༥། ༢ བོད་ཀྱི་དུས་བབ་ཀྱི་པར།

ཁ་སང་ཕྱི་ཚེས་ ༡ ཉིན་བཀའ་ཟུར་བཀྲ་ཤིས་དབང་འདུད་ལགས་ཁེ་ན་ཌར་སྐུ་གྲོངས་པའི་གནས་ཚུལ་ཐོན་པ་ལྟར། དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་ལ་རྗེས་དྲན་མཚོན་ཆེད་ཀྱི་གསར་འགོད་ལྷན་ཚོགས་ཤིག་འཚོགས་ཡོད་ཅིང་། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་དང་བདེ་སྲུང་བཀའ་བློན་གཅིག་ལྕོགས་རྒྱ་རི་སྒྲོལ་མ་མཆོག་གིས། དམ་པ་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུས་ཏེ། ཁོང་གི་སྐུ་ཚེ་གང་བོར་བོད་བསྟན་སྲིད་ཀྱི་ཆེད་དུ་སྲི་ཞུ་བསྒྲུབས་པར་བསྔགས་བརྗོད་གནང་སོང་།

གསལ་འགོད་ལྷན་ཚོགས་སྟེང་སྲིད་ཚབ་རྒྱ་རི་སྒྲོལ་མ་མཆོག་གིས། བཀའ་ཟུར་བཀྲ་ཤིས་དབང་འདུད་ལགས་ཁ་སང་ཕྱི་ཟླ ༥ ཚེས་ ༡ ཉིན་གྱི་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་ཙམ་ཞིག་ལ་ཁེ་ན་ཌའི་ཨོ་ཌ་ཝར་དགོངས་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པ་རེད། ཚང་མས་མཁྱེན་གསལ་ལ་བོད་མིའི་སྒྲིག་འཛུགས་སུ་སྲི་ཞུ་བསྒྲུབ་མྱོང་མཁན་དང་མཛད་གཙོ་རྣམས་སྐུ་ཚེ་མ་བརྟན་པའི་གནས་སྟངས་བྱུང་སྐབས། བཀའ་ཤག་གིས་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་བྱེད་ཀྱི་ཡོད་རེད། ད་རེས་ཞིང་གཤེགས་བཀའ་ཟུར་བཀྲ་ཤིས་དབང་འདུད་ལགས་ཀྱི་ཁ་ཆེམས་ཀྱི་ནང་དོན་གཅིག བཀའ་ཟུར་མཆོག་གི་སྐུ་ཟླའི་གཅུང་པོ་སྨན་པ་ས་འདུས་ཚང་ཚེ་བརྟན་ལགས་བརྒྱུད་ནས་བཀའ་དྲུང་ཡིག་ཚང་དུ་གསུངས་པའི་ནང་། ནམ་རྒྱུན་ལྟར་ལས་བྱེད་པ་རྣམས་ཀྱི་ལས་དོན་ལ་བརྡབ་གསིག་མི་འགྲོ་སླད། མཆོད་འབུལ་སྨོན་ལམ་འཚོག་མི་དགོས་རྒྱུར་དགོངས་པ་བཞེས་རོགས་གནང་ཞེས་ཁ་ཆེམས་ཤིག་འབྱོར་སོང་། ད་ལན་བཀའ་ཤག་གིས་སྤྱིར་མི་རབས་གཅིག་རྫོགས་འགྲོ་བའི་དུས་ཤིག་དང་། བོད་སྤྱིའི་རྩ་དོན་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་། ད་ལན་བཀའ་ཟུར་མཆོག་གི་ཁ་ཆེམས་བཞིན་ལས་ཁུངས་ཁག་སྒོ་བརྒྱབ་ནས་མཆོད་འབུལ་སྨོན་ལམ་འཚོག་མི་དགོས་པ་བྱས་ཡིན། ཞེས་གསུངས་སོང་།

ཡང་སྲིད་ཚབ་མཆོག་གིས། བཀའ་ཟུར་བཀྲ་ཤིས་དབང་འདུད་མཆོག་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་ལྟར། བོད་སྤྱིའི་རྩ་དོན་ཐོག་ཞབས་འདེགས་རླབས་ཆེན་སྒྲུབ་མཁན་ཞིག་ཡིན་སྟབས། རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་ཁོང་གི་མཛད་རྗེས་རྣམས་ཤེས་རྟོགས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་དང་། དམ་པ་ཁོང་གིས་དགའ་ལྡན་ཕོ་བྲང་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་མང་དག་ཅིག་ཏུ་སྲི་ཞུ་བསྒྲུབས་ཡོད་པའི་མུར། ཁོང་དང་ཁོང་ལྟ་བུའི་སྲི་ཞུའི་ལས་བྱེད་པ་རྣམས་ནི་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་སྟབས། ཁོང་གི་ཤུལ་ལུས་བུ་ཕྲུག་གཙོས་ཉེ་འབྲེལ་ཡོངས་ལ་གདུས་སེམས་མཉམ་སྐྱེད་དང་སེམས་གསོ་ཞུ་ཡི་ཡོད་སྐོར་སོགས་གསུངས་སོང་།

དེ་བཞིན་དེ་རིང་བཀའ་དྲུང་ཡིག་ཚང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། ཚོགས་དྲུང་ལས་ཁུངས། རང་དབང་ཅན་གྱི་སྡེ་ཚན་བཅས་སུ་བསྐུར་བའི་གསལ་བསྒྲགས་སུ།  བཀའ་ཟུར་བཀྲ་ཤིས་དབང་འདུད་མཆོག་ཁ་སང་ཕྱི་ཚེས་ ༡ ཉིན་ཨོ་ཊ་ཝར་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཆེས་བློ་ཕམ་ཐོག་མྱ་ངན་གུས་འདུད་ཞུ་རྒྱུ་དང༌། སྤྱིར་མཛད་གཙོ་ཟུར་པ་སྐུ་གཤེགས་ཤུལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཐོག་རྣམ་པ་དབུས་པའི་ལས་བྱེད་ཚང་འཛོམས་ཐོག་མཆོད་འབུལ་སྨོན་ལམ་གསུང་འདོན་དང༌། དེ་རྗེས་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་བྱེད་དབུས་ལས་ཁུངས་ཁག་ལས་མཚམས་འཇོག་གི་ཡོད་ནའང་། དམ་པ་ཁོང་གི་ཞལ་ཆེམས་ལ་གུས་བརྩིའི་ཐོག་མུ་མཐུད་ལས་ཁུངས་འཚོག་རྒྱུ་ཡིན་ཡང་། ལས་བྱེད་རྣམས་ཀྱིས་བསྔོ་སྨོན་ཞུ་བའི་འབོད་སྐུལ་ཞུ་ཡི་ཡོད་སྐོར་སོགས་གསལ་འདུག ཞེས་གསལ་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༣ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༥ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

༢༠༢༦/༠༢/༢༢
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese