མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ཁྱེད་ཀྱིས་ནུས་པ་དང་ལྡན་པའི་དབུ་ཁྲིད་་གནང་ཐུབ་པའི་ཡིད་ཆེས་ཡོད་ཅེས་ཐུགས་སྨོན་དང་བཅས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་ (Friedrich Merz)མཆོག་སྲིད་བློན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་མཛད་པའི་ནང་། ངོས་རང་ཆུང་བྱིས་པའི་དུས་ནས་འཇར་མན་གྱི་མི་མང་ལ་སེམས་ཐག་ཉེ་པོ་ཚོར་མྱོང་ཡོད། འདས་པའི་ལོ་ཤས་རིང་ངོས་རང་ཁྱེད་ཚོའི་རྒྱལ་ཁབ་ལ་ཐེངས་མང་ཕྱིན་པའི་གོ་སྐབས་བྱུང་། འཇར་མན་མི་མང་གིས་བོད་མིའི་རང་དབང་དང་། ཆེ་མཐོང་ཐོབ་ཆེད་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ་དང་། ངོས་ནས་བྱམས་སྙིང་རྗེ་གོང་འཕེལ་དང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་གྱི་འགན་ཁུར་ལ་ཡུལ་དེའི་མང་ཚོགས་ནས་དོ་སྣང་གནང་བར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།

དེང་སང་འཛམ་གླིང་ཡོངས་ལ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད། ངོས་ནས་ཁྱེད་ཚོས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་ཁྱེད་ཀྱིས་ནུས་པ་དང་ལྡན་པའི་དབུ་ཁྲིད་གནང་ཐུབ་པའི་ཡིད་ཆེས་ཡོད། ངོས་རང་གིས་ཡུ་རོབ་མཐུན་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་བདེ་དོན་དང་ཁེ་ཕན་ཐོག་མཉམ་རུབ་ཀྱི་ལས་དོན་གནང་བར་ཡིད་སྨོན་ཞུ་བཞིན་ཡོད། མཉམ་ལས་ཀྱི་སེམས་ཤུགས་འདིས་གཞན་ལ་སེམས་འགུལ་ཐེབས་ཐུབ་པའི་ཡིད་ཆེས་ཡོད་ལ། འཛམ་གླིང་ནང་ཞི་བདེ་དང་། དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོགས་ཡོང་བའི་རེ་བ་ཡོད། ཅེས་དང་། འཇར་མན་གྱི་སྲིད་བློན་གྱིས་མི་མང་གི་རེ་བ་དང་སྨོན་འདུན་བཞིན་སྙིང་རྗེ་དང་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཞབས་འདེགས་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ་ཡི་ཡོད། ཅེས་གསུངས་འདུག

ཧྥི་རི་ཌི་རི་ཆི་མཆོག་ནི་ཕྱི་ལོ་ ༡༩༥༥ ཟླ་ ༡༡ ཚེས་ ༡༡ ཉིན་འཇར་མན་ནུབ་ཁུལ་གྱི་བྷི་རི་ལོན་ (Brilon) གྲོང་གསེབ་ཏུ་སྐྱེས་ཤིང་། ཆུང་དུས་འཇར་མན་གྱི་བྷི་རི་ལོན་སློབ་གྲྭར་སློབ་སྦྱོང་གནང་། དེའི་རྗེས་ཕྱི་ལོ་ ༡༩༧༥ ལོར་འཇར་མན་གྱི་དམག་ཁུངས་སུ་ཞུགས། ཕྱི་ལོ་ ༡༩༧༦ ལོར་འཇར་མན་གྱི་བྷོན་མཐོ་རིམ་སློབ་གཉེར་ཁང་ (University of Bonn) དུ་ཁྲིམས་ལུགས་རིག་པའི་ཐོག་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༨༥ ལོར་ཁྲིམས་ལུགས་རིག་པའི་སློབ་མཐར་ཕྱིན་རྗེས། ཕྱི་ལོ་ ༡༩༨༦ ནས་ ༡༩༨༩ བར་ལོ་ངོ་གསུམ་རིང་ཁྲིམས་དཔོན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༨༩ ནས་ ༡༩༩༤ བར་ཡུ་རོབ་གྲོས་ཚོགས་སུ་ཕྱག་ལས་གནང་བ་མ་ཟད། ཕྱི་ལོ་ ༡༩༩༤ ནས་ ༢༠༠༩ བར་འཇར་མན་གྱི་དཔལ་འབྱོར་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་གྱིས་ཕྱག་ལས་གནང་ཡོད་པ་རེད། དེ་ནས་ཕྱི་ལོ་ ༢༠༠༩ ནས་སློབ་སྟོན་པའི་ཕྱག་ལས་གནང་ཡོད་འདུག ཕྱི་ལོ་ ༢༠༢༢ ནས་ཡེ་ཤུའི་དམངས་གཙོ་སྲིད་དོན་ཚོགས་པའི་ཚོགས་གཙོའི་ཕྱག་ལས་གནང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༦ ཉིན་འཇར་མན་གྱི་སྲིད་བློན་དུ་འདེམས་ཐོན་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༡༩ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese