མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཇེཀ་མར་ཁེས་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་རླབས་ཆེན་གྱི་མཛད་འཕྲིན་ཁག་ཚུད་པའི་འཛམ་གླིང་གི་སྐྱེས་ཆེན་ཁག་གི་ལོ་རྒྱུས་ཀྱི་རིག་དངོས་འགྲེམས་སྟོན་གནང་རྒྱུ་ཡིན་འདུག

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིར་རྟེན་གཞི་བྱས་པའི་ཇེཀ་མར་ཁེས་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཁང་(The Jacques Marchais Museum of Tibetan Art) གིས།  དེང་གི་སྤྱི་ཚོགས་ཁྲོད་ཀྱི་མཐུན་སྒྲིལ་གྱི་འབོད་སྒྲ་( Voices for Unity in Contemporary Society) ཞེས་པའི་བརྗོད་གཞིའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བདག་ཉིད་ཆེན་པོ་གྷན་དྷི། ནེ་སེན་མེན་ཌ་ལ། ཨ་མ་ཊེ་རི་ས། ཉི་ཧོང་གི་རྩོམ་པ་པོ་དྷ་ས་ཀུ་ཨེ་ནི་དྷ་(Daisaku Ikeda) བཅས་ཀྱིས་ལོ་རྒྱུས་ཁྲོད་འགྲོ་བ་མིའི་རིགས་ཀྱི་རིན་ཐང་གི་ཆེད་དུ་འཚེ་མེད་ཞི་བ་དང་གྲོས་མོལ་སོགས་ཀྱི་ཐབས་ལམ་ཐོག་སྐུ་ལས་འཛད་མེད་བསྐྱོན་པར་ཆེ་མཐོང་མཚོན་པའི་པར་རིས་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག

སྤྱིར་བཏང་ཐེངས་འདིའི་འགྲེམས་སྟོན་དེ་ནི་འདི་ལོའི་ཕྱི་ཟླ་ ༢ ནང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་གྱི་སྐོར་སྐྱོད་འགྲེམས་སྟོན་སྐབས་འགྲེམས་སྟོན་ཁང་དེའི་འབྲེལ་ཡོད་ལ་དངོས་སུ་ཐུག་ནས་ཐག་གཅོད་བྱུང་ཡོད་པ་མ་ཟད། ཐེངས་འདིའི་འགྲེམས་སྟོན་ཆེད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་གཙོས། སྐུ་ན་གཞོན་དུས་ཀྱི་མཛད་པ་དང་། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཐབས་ལམ་ཅི་ལ་གཞོལ་ཡོད་མེད་དང་འབྲེལ་བའི་སྐུ་པར་ ༢༡ མཐུན་འགྱུར་གནང་ཡོད་འདུག

ཐེངས་འདིའི་འགྲེམས་སྟོན་ཐད་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། ཇེཀ་མར་ཁེས་ལགས་ཀྱིས་དུས་རབས་ཉི་ཤུའི་གོང་བོད་དང་ཧི་མ་ཡ་ལ་ཁུལ་གྱི་ས་གནས་མང་དག་ཅིག་ནས་ཅ་དངོས་རྙིང་པ་མང་པོ་ཞིག་མཁོ་སྒྲུབ་བྱས་ཏེ། ཕྱི་ལོ་ ༡༩༥༠ ཙམ་ནས་འགྲེམས་སྟོན་བྱེད་མགོ་བཙུགས་ཡོད་ཅིང་། ད་ལན་འགྲེམས་སྟོན་ཁང་དེ་བཙུགས་ནས་མི་ལོ ༢༥ འཁོར་བ་དང་བསྟུན། འཛམ་གླིང་གི་སྐྱེས་ཆེན་དྲུག་གི་སྐུ་ཚེའི་བྱུང་བ་དང་། སྤྱི་ཚོགས་སུ་ཞབས་འདེགས་གནང་བའི་གོ་རིམ་སོགས་ཚུད་པའི་འགྲེམས་སྟོན་ཞིག་གནང་གི་ཡོད་པ་རེད། དེའི་ཁྲོད་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་མཛད་པ་རྣམས་ཀྱང་འགྲེམས་སྟོན་ཞུ་ཡི་ཡོད་སྐོར་བརྗོད་བྱུང་།

ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ཁོངས་གཏོགས་ཉིན་རེའི་ཚགས་པར་ཁང་སི་ལའེ་ཧྥུ་(Silive)ཡིས་དེ་འབྲེལ་གནས་ཚུལ་སྤེལ་བ་ལྟར་ན།  འགྲེམས་སྟོན་དེའི་ཐོག་ལོ་རྒྱུས་ནང་བྱུང་བའི་སྐྱེས་ཆེན་རྣམས་ཀྱིས་སྐུ་ལས་འཛད་མེད་བསྐྱོན་ཏེ་སྙིང་རྗེའི་ནུས་མཐུ་དང་། སྙིང་སྟོབས་སྐྱེད་ནས་དྲང་བདེན་དང་གནས་ལུགས་དབེན་པའི་སྤྱི་ཚོགས་ནང་འདུམ་སྒྲིག་ཇི་ལྟར་མཛད་ཡོད་མེད་དང་། ལྷག་པར་དུ་བོད་ཀྱི་རིག་གཞུང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག་ཆོས་ཕྱོགས་ཀྱི་རྨང་གཞི་ཇི་ལྟར་བཙུགས་ཡོད་མེད་སོགས་ཚུད་པའི་སྐུ་ཚེའི་ལོ་རྒྱུས་དང་། ཆོས་ཕྱོགས་ཀྱི་མཛད་པ། དེ་བཞིན་དེང་གི་འགྱུར་ལྡོག་ཆེ་བའི་འཛམ་གླིང་ཐོག་སྐྱོང་མུས་ཡིན་པའི་མཛད་པ་རླབས་ཆེན་རྣམས་དང་འབྲེལ་ནས་སྐུ་པར་འགྲེམས་སྟོན་དང་།  ལོ་རྒྱུས་རང་བཞིན་ལྡན་པའི་བོད་ཀྱི་སྐུ་འདྲ། ཐང་ག དེ་བཞིན་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཆོས་ཕྱོགས་ཀྱི་སྐུ་ཆས་ཁག་ཅིག་ཀྱང་དགྲམ་རྒྱུ་ཡིན་འདུག

ཇེཀ་མར་ཁེས་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཁང་ནི་ཕྱི་ལོ་ ༡༩༤༥ ལོར་བོད་ཀྱི་སྒྱུ་རྩལ་ལ་དོ་དབྱིངས་ཡོད་པའི་ཨ་རིའི་བུད་མེད་ཇེཀ་མར་ཁེས་ཀྱིས་ཐོག་མར་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། གཙོ་བོ་བོད་ཀྱི་མཆོད་རྫས་རིགས་དང་། སྐུ་འདྲ། ཐང་ག  པར་རིས། གླེགས་བམ་སོགས་འཛམ་གླིང་མི་མང་དང་ལྷག་པར་ཡུལ་སྐོར་བ་རྣམས་ལ་འགྲེམས་སྟོན་བྱེད་བཞིན་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese