མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༦ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ པ་ཙམ་ལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་ཡུམ་གདུགས་དཀར་སྒྲོལ་མ་ལགས་ལུང་སྔོན་དགོན་པའི་མཐའ་རུ་ཡོད་པའི་གཟིམ་ཤག་ཏུ་སྐུ་གྲོངས་ཡོད་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༦ ཉིན་ཧཱོུཾ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས། པར་འབྲེལ་ཡོད་ཀྱིས་འདི་གར་མཁོ་སྤྲོད་གནང་།

འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  འདས་ལོར་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ཟླ་གསུམ་ཙམ་གྱི་རྗེས་སུ། མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་ཐུགས་ཁྲལ་གྱིས་སྙུང་གཞི་བཞེས་ཏེ། ཟི་ལིང་གི་སྨན་ཁང་ཞིག་ཏུ་སྨན་པར་བསྟེན་གཏུག་གནང་ནས་ཟླ་ ༣ ལྷག་རིང་སྨན་བཅོས་གནང་ཡོད་ཀྱང་། ཉེ་སྔོན་ནས་ཐུགས་ཁྲལ་སོགས་ཀྱིས་སྐུ་གཟུགས་གནས་སྟངས་ཧ་ཅང་ཛ་དྲག་ཆགས་པར་བརྟེན།  ཉིན་བཅུ་ལྷག་གི་གོང་དུ་སྨན་བཅོས་ཀྱིས་ཕན་འབྲས་མ་ཐོན་པར་ཕྱིར་ཕ་ཡུལ་དུ་ཕེབས་ནས་སྐུ་གྲོངས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།

འདི་ལོའི་ཕྱི་ཟླ་དང་པོའི་ནང་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ཁོང་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་ལ་གཏམ་རྒྱུད་ཀྱི་རྣམ་པ་ཅན་གྱི་འཕྲིན་ཡིག་ཅིག་འབྱོར་ཡོད་པའི་ནང་དུ། རྔོན་པ་དང་རི་དྭགས་ཀྱི་དཔེར་བླངས་ནས་ཁོང་དགོན་སློབ་འབངས་དང་ཞལ་གྱེས་ནས་ཐག་རིང་དུ་ཕེབས་དགོས་བྱུང་ཡོད་ཀྱང་། མུ་མཐུད་ཁོང་ལ་རྗེས་འདེད་རྩད་གཅོད་བཏང་ནས་ལག་ཏུ་ཐེབས་གྲབས་ཡོད་སྐོར་གསུངས་ཡོད་འདུག་ལ། ཕྱི་ཕྱོགས་སུ་ཡོད་པའི་རིན་པོ་ཆེ་མཆོག་གི་སློབ་འབངས་རྣམ་པས་འཕྲིན་ཡིག་དེ་དང་འབྲེལ་ཡོད་ཡིག་ཆ་རྣམས་ཕྱོགས་བསྡུས་གནང་བཞིན་ཡོད་འདུག

གོང་གི་གནས་ཚུལ་མཁོ་སྤྲོད་པས་འདི་གའི་གསར་འགོད་པར། ཕྱི་ཟླ་ ༤ ཚེས་ ༡༩ ཉིན་ནས་བཟུང་ཝེ་ཐི་ནམ་དུ་ཆེད་ཕེབས་གནང་བའི་ལུང་སྔོན་དགོན་པའི་སྐུ་ཚབ་རྣམ་པའི་ཞལ་པར་རྣམས་བཙན་གྱིས་ཡར་བསྡུས་པ་སོགས་དམ་དྲག་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༢༠ ཉིན་ཝེ་ཐི་ནམ་གྱི་རྒྱལ་སྤྱིའི་སྨན་ཁང་ནས་སྐུ་ཕུང་ཞུགས་འབུལ་ཁང་དུ་སྐུ་ཕུང་གདན་འདྲེན་ཞུ་སྐབས་ཀྱང་སྐུ་ཚབ་རྣམ་པར་རིན་པོ་ཆེ་མཆོག་གི་ཞལ་ཙམ་ཡང་མཇལ་དུ་བཅུག་མེད་པ་དང་། ཕྱིས་སུ་གདུང་རུས་དཀར་རྩི་ཡིན་ཟེར་བ་ཞིག་ཕུལ་ཡོད་ཀྱང་དེར་ཡིད་ཆེས་རྩ་བ་ནས་བྱེད་མི་ཐུབ་པ་ཞིག་ཡིན་སྐོར་དང་། རྒྱ་ནག་གཞུང་ཚབ་ཁང་གིས་ཝེ་ཐི་ནམ་གཞུང་གིས་སྐུ་ཕུང་སྤྲོད་ཀྱི་མི་འདུག་ཅེས་ལབ་སྟེ། གཞུང་ཚབ་ཁང་གི་བཀོད་ཇུས་འོག་ལུང་སྔོན་དགོན་པའི་སྐུ་ཚབ་རྣམ་པར་དབང་ཆ་གང་ཡང་མེད་རྐྱེན་ཝེ་ཐི་ནམ་གྱི་གནད་ཡོད་མི་སྣ་གཅིག་ལའང་ཐུག་ཏུ་བཅུག་མེད་ཀྱང་། ཕྱིའི་འབྲེལ་ཡོད་ནས་ཝེ་ཐི་ནམ་གྱི་གནད་ཡོད་མི་སྣར་སྐད་ཆ་དྲིས་དུས། རྒྱ་ནག་གཞུང་ཚབ་ཁང་གིས་རིན་པོ་ཆེའི་དགོན་པ་དང་ཁྱིམ་མིའི་ངོས་ནས་སྐུ་ཕུང་ཝེ་ཐི་ནམ་དུ་ཞུགས་འབུལ་ཞུ་དགོས་པའི་རེ་སྐུལ་གནང་ཡོད་ཚུལ་བརྗོད་དེ་ཞུགས་འབུལ་ཞུས་ཡོད་སྐོར་ལན་འདེབས་གནང་ཡོད་འདུག

མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་ནི་ད་ལོ་དགུང་གྲངས་ ༨༥ ཡིན་འདུག་ལ། སྤྲུལ་སྐུ་པདྨ་གཏུམ་པོ་རིན་པོ་ཆེ་ཁོང་རྣམ་གཉིས་ལ་སྲས་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་དང་ཁོང་གི་གཅུང་པོ་གཅིག་ཡོད་པ་ད་ལྟ་ཉི་ཧོང་དུ་ཡོད་འདུག་ལ། སྲིང་མོ་གཉིས་ཡོད་པ་ལས་གཅིག་ལོ་གཅིག་གཉིས་ཀྱི་གོང་དུ་གྲོངས་ཡོད་འདུག

ཡབ་སྲས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།

རྒྱབ་ལྗོངས་ཀྱི་གནས་ཚུལ།

འདས་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་མགོ་ལོག་ཁུལ་དུ་བསླེབས་སྐབས། ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གིས་རྒྱ་གཞུང་གི་རེ་འདོད་ལྟར་སྣེ་ལེན་ཟབ་རྒྱས་མ་ཞུས་པ་དང་། གོང་རིམ་གྱི་བཀའ་ལ་མི་ཉན་པར་དགོན་པ་དང་སློབ་གྲྭ་མང་པོ་བཙུགས་པ། ཉམ་ཆུང་དབུལ་ཕོངས་ཀྱི་ཐོབ་ཐང་རྩོད་ལེན་གནང་ནས་རྙོག་ཟིང་བསླངས་ཡོད་སྐོར་བརྗོད་ནས་སུན་གཙེར་ཡང་ཡང་བཟོས་ཏེ་སྐབས་ཤིག་རིང་གར་སོང་ཆ་མེད་དུ་གྱུར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་མགོ་ལོག་ལུང་སྔོན་དགོན་པའི་གནད་ཡོད་མི་སྣར་རིན་པོ་ཆེ་མཆོག་ཝེ་ཐི་ནམ་གྱི་རྒྱལ་སྤྱིའི་སྨན་ཁང་(Vinmec Central Park International Hospital ) དུ་སྐུ་གྲོངས་ཟིན་སྐོར་གྱི་གསལ་ཁ་གང་ཡང་མེད་པའི་གཏམ་ངན་བཤད། དེ་ནས་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་ཆེད་དུ་ཝེ་ཐི་ནམ་དུ་ཕེབས་ཏེ་རྩད་གཅོད་གནང་ཡོད་ཀྱང་། ཕྱི་ཟླ་ ༤ ཚེས་ ༡༠ ཉིན་གྱི་ཕྱི་དྲོར་རིན་པོ་ཆེ་མཆོག་གི་ཞལ་ཁོ་ན་ཙམ་མཇལ་དུ་བཅུག  ཕྱི་ཟླ ༤ ཚེས་ ༢༠ ཉིན་ཝེ་ཐི་ནམ་དུ་སྐུ་ཕུང་གསང་བའི་ཐོག་ནས་ཞུགས་འབུལ་ཞུས་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༧ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese