མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྒྱུ་རྩལ་པས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་བོད་དོན་འགྲེམས་སྟོན་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་དང་བསྟུན་དྷ་ས་ཁུལ་གྱི་བོད་ཀྱི་སྒྱུ་རྩལ་བའི་ཚོགས་པ་ཁག་བདུན་གྱིས་དཔེ་དེབ་དང་སྒྱུ་རྩལ་སོགས་ཀྱི་བརྩམས་ཆོས་རྣམས་འགྲེམས་སྟོན་བྱས་སོང་།

གངས་་སྐྱིད་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་། ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།

དེ་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག  རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་ཡོད་ཅིང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། ཕྱི་དྲིལ་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས། དྷ་ས་ཁུལ་གྱི་ཉམས་ཞིབ་པ།  སྒྱུ་རྩལ་པ། སློབ་ཕྲུག་བཅས་མཉམ་ཞུགས་གནང་སོང་། ཐེངས་འདིར་བོད་ཀྱི་ཁ་དོག་རི་མོ་ཚོགས་པ་དང་། བོད་སྨྱུག་དཔེ་སྐྲུན་ཁང་། འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་། གཡུ་བྱུ་རུའི་སྒྱུ་རྩལ། བོད་ཀྱི་རྩེད་ཆས། (Dolls4 Tibet)  བློ་བཟང་བཟོད་པའི་བྱིས་སྒྲུང་། དྷ་ས་ས་གནས་ཁོར་ཡུག་ཚན་པ་བཅས་ཀྱིས་དེབ་དང་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་གནང་སོང་།

ཐེངས་འདིའི་འགྲེམས་སྟོན་སྐོར་ལ་ཕྱི་དྲིལ་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་དང་བསྟུན། ཐེངས་འདིར་དྷ་སའི་ཁུལ་གྱི་བོད་པའི་སྒྱུ་རྩལ་ཚོགས་པ་ཁག་བདུན་མཉམ་ཞུགས་བྱས་ཡོད། ཕྱི་ལོ་ ༢༠༡༤ ནས་བོད་ཀྱི་འགྲེམས་སྟོན་ཁང་གིས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་གཙི་བྱེད་མགོ་ཚུགས་ཡོད་ཀྱང། དེའི་སྐབས་སུ་འགྲེམས་སྟོན་ཁང་གི་ལས་བྱེད་དང་སློབ་ཕྲུག་རྣམས་ལས་མཉམ་ཞུགས་བྱས་ཡོད་པ་མ་རེད། རྗེས་སུ་དམིགས་བསལ་བོད་ཀྱི་སྒྱུ་རྩལ་བ་རྣམས་ལ་གོ་སྐབས་བསྐྲུན་རྒྱུ་གལ་ཆེན་པོར་བརྩིས་ཏེ། ད་ལན་བོད་ཀྱི་སྒྱུ་རྩལ་བ་རྣམས་ཀྱིས་སྒྱུ་རྩལ་བརྒྱུད་ནས་བོད་ཀྱི་རྩ་དོན་དང་རིག་གཞུང་ཐོག་གོ་རྟོགས་སྤེལ་གྱི་ཡོད་ལ། དེས་གཞོན་སྐྱེས་རྣམས་ལ་གཞུང་གཅིག་པོ་མིན་པར་མི་སྒེར་གྱི་ཐོག་ནས་བོད་དོན་ཐོག་ཚོར་བ་ཞིག་སླེབས་ཐུབ་པའི་སྡིངས་ཆ་ཞིག་བསྐྲུན་ཡོད། དེ་བཞིན་རྒྱལ་སྤྱིའི་ཐོག་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་མཛད་པ་འཕྲིན་ལས་བཅས་གཟིགས་འབུལ་ཞུས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

བོད་སྨྱུག་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ལྡུམ་ར་བུ་ཆུང་བསོད་ནམས་ལགས་། ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།

འདི་གའི་གསར་འགོད་པས་བོད་སྨྱུག་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ལྡུམ་ར་བུ་ཆུང་བསོད་ནམས་ལགས་སུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོའི་གལ་གནད་སྐོར་ལ་དྲིས་པས་ཁོང་གིས། སྤྱིར་དེ་རིང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་རེད། ང་ཚོ་བོད་པའི་ངོས་ནས་རི་མོའི་ལམ་གྱི་སྒྲུང་དང་། ལོ་རྒྱུས་དང་ལྡན་པའི་དེབ། སྒྱུ་རྩལ་ལྡན་པའི་རི་མོ་སོགས་འགྲེམས་སྟོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག  བོད་མི་རིགས་ཀྱི་འཐབ་རྩོད་ཀྱང་སྒྲུང་བཤད་སྟངས་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། མིའི་སེམས་ཁམས་ནང་བག་ཆགས་འཇོག་པར་སྒྲུང་ལ་རག་ལས་ཡོད་པས། སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་དངོས་བྱུང་ལོ་རྒྱུས་བཤད་ཐུབ་ན་མིའི་སེམས་སུ་བག་ཆགས་ཆེན་པོ་འཇོག་ཐུབ་ཀྱི་འདུག ད་ལན་གྱི་འགྲེམས་སྟོན་ཐོག་སྒྱུ་རྩལ་བ་དང་དཔེ་སྐྲུན་ཁང་ཁག་གིས་སྒྱུ་རྩལ་གྱི་ལམ་ནས་སྒྲུང་བཤད་དེ་མི་མང་བར་ཟམ་པ་བསྐྲུན་གྱི་ཡོད་པ་རེད།  འདི་བརྒྱུད་ནས་བོད་ཀྱི་འཐབ་རྩོད་དང་ལོ་རྒྱུས་ངོ་སྤྲོད་རྒྱ་ཆེན་པོ་ཞིག་ཡོང་གི་འདུག་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་འགྲེམས་སྟོན་བྱེད་བཞིན་པ། ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།

དེ་བཞིན་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འགན་འཛིན་འཇམ་དབྱངས་རྒྱལ་མཚན་ལགས་ཀྱིས། འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་བཙུགས་དགོས་པའི་དམིགས་ཡུལ་ནི་ལོ་ཆུང་བྱིས་པ་གསོ་སྐྱོང་གི་ཤེས་ཡོན་ཐོག་བོད་པའི་སྤྱི་ཚོགས་ནང་གོ་རྟོགས་སྤེལ་བ་དང་། དེ་འབྲེལ་གྱི་མཐུན་རྐྱེན་སྦྱོར་རྒྱུ་དེ་ཡིན། དམིགས་བསལ་བོད་པའི་ཕྲུ་གུ་ལ་བོད་ཀྱི་སྐད་ཡིག་གི་ཐོག་ནས་བྱིས་པའི་ལོ་ཚད་དང་བསྟུན་ནས།  ཁམས་དང་མོས་པར་འཚམ་པའི་དེབ་པར་སྐྲུན་བྱེད་རྒྱུ་དེ་ལས་ཀ་གཙོ་བོ་ཆགས་ཡོད། ད་ལན་གྱི་འགྲེམས་སྟོན་འདི་ངེད་ཤེས་ཡོན་ཁང་གིས་བྱིས་པའི་དེབ་རྣམས་འགྲེམས་སྟོན་བྱེད་པར་གོ་སྐབས་རྩ་ཆེན་ཞིག་རེད། དེ་བཞིན་ཉིན་མོ་འདི་བོད་པ་དང་འབྲེལ་བའི་ཅ་དངོས་སོགས་འགྲེམས་སྟོན་བྱེད་པར་གོ་སྐབས་གལ་ཆེན་ཞིག་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese