མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༥/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལི་རྗེ་མུ་ཡུང་ལགས་ལྷོ་ཀོ་རི་ཡའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲི་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད། བོད་ཀྱི་དུས་བབ་ཀྱིས་སྐུ་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༥

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ལྷོ་ཀོ་རི་ཡའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལི་རྗེ་མུ་ཡུང་ (Lee Jae-myung) ལགས་སུ་འདི་ལོའི་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་ལྟར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་ཁོང་གི་མཚན་ཐོག་ཏུ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཏེ། ཁོང་གིས་མུ་མཐུད་དུ་ཕྱི་འབྲེལ་དང་གྲོས་མོལ་གྱི་ལམ་ནས་ཀོ་རི་ཡའི་ནང་ཞི་བདེ་ཡུན་གནས་ཡོང་བར་འབད་བརྩོན་བྱེད་པའི་ཡིད་ཆེས་ཡོད་སྐོར་གསུངས་འདུག

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚམས་འདྲིའི་གསུང་འཕྲིན་ནང་། དེང་སང་འཛམ་གླིང་འདི་ཧ་ཅང་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་ཤིག་ཏུ་ཡོད་ཀྱང་། འཛམ་གླིང་ཡོངས་སུ་ཕན་ཚུན་གཅིག་རྟེན་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ཡར་རྒྱས་འགྲོ་བཞིན་ཡོད་པ་ལྟར། ལྷོ་ཀོ་རི་ཡའི་གླིང་ཕྲན་ཞི་བདེར་གནས་རྒྱུ་ནི་འཛམ་གླིང་ཡོངས་སུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད།  ངོས་རང་གིས་ཁྱེད་ཀྱིས་མུ་མཐུད་དུ་ཕྱི་འབྲེལ་དང་གྲོས་མོལ་གྱི་ལམ་ནས་ཀོ་རི་ཡའི་ནང་ཞི་བདེ་རྟག་བརྟན་ཡོང་བར་འབད་བརྩོན་བྱེད་པའི་ཡིད་ཆེས་ཡོད། ཉེ་བའི་ལོ་འགའི་ནང་ཀོ་རི་ཡའི་ནང་པ་མང་པོས་རྒྱ་གར་ནང་བསྐྱར་གསོ་བྱས་པའི་སློབ་གཉེར་ཁང་ཁག་ཏུ་སློབ་སྦྱོང་བྱེད་འདུན་ཡོད་པའི་གྲངས་ཀ་མང་དུ་འགྲོ་བཞིན་འདུག དེ་བཞིན་ངོས་རང་གིས་རྒྱུན་དུ་རྒྱ་གར་དུ་གནས་མཇལ་ལ་ཡོང་བའི་ཀོ་རི་ཡའི་ནང་པའི་གཅེན་གཅུང་རྣམས་དང་ཐུག་འཕྲད་བྱེད་བཞིན་ཡོད།

གསུང་འཕྲིན་གྱི་མཇུག་ཏུ། ངོས་ནས་ཁྱེད་ཀྱིས་ཀོ་རི་ཡ་མི་མང་གི་རེ་འདོད་དང་མངོན་འདོད་ཀྱི་ལས་དོན་བསྒྲུབ་པར་འཕྲད་པའི་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ཏེ། ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཞབས་འདེགས་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ་ཡི་ཡོད། ཅེས་གསུངས་འདུག

ལི་རྗེ་མུ་ཡུང་ལགས་ནི་ཕྱི་ལོ་ ༡༩༦༤ ཟླ་ ༡༢ ཚེས་ ༢༢ ཉིན་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཨན་ཌོང་ (Andong) དུ་སྐྱེས་ཤིང་། ཆུང་དུས་ནས་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཏེ། བཟོ་གྲྭའི་ནང་ལས་ཀ་བྱས། སྐབས་དེར་ཁོང་གི་ལག་པར་རྨས་སྐྱོན་ཕོག་ནས་དབང་པོ་སྐྱོན་ཅན་དུ་གྱུར། ལི་ཡིས་ཁྲུང་ཨང་མཐོ་རིམ་སློབ་གཉེར་ཁང་ (Chung-Ang University) དུ་འབྲིང་རིམ་དང་མཐོ་རིམ་སློབ་གྲྭའི་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༨༦ ལོར་ཁྲིམས་ལུགས་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། དེ་རྗེས་འགྲོ་བ་མིའི་ཐོབ་ཐང་དང་ངལ་རྩོལ་ཁྲིམས་རྩོད་པའི་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༥ ནས་བཟུང་ཆབ་སྲིད་ནང་མཉམ་ཞུགས་གནང་མགོ་འཛུགས་ཏེ། ཕྱི་ལོ་ ༢༠༡༠ དང་ ༢༠༡༤ ལོར་ལྷོ་ཀོ་རི་ཡའི་སོང་ནམ་གྲོང་སྡེའི་སྤྱི་ཁྱབ་ཏུ་འདེམས་ཐོན་བྱུང་། ཕྱི་ལོ་ ༢༠༡༧ དང་ ༢༠༢༢ ལོར་སྲིད་འཛིན་གྱི་འོས་མིར་ལངས་ཀྱང་འོས་བསྡུའི་རྒྱལ་ཁ་ཐོབ་མི་འདུག ཕྱི་ལོ་ ༢༠༡༨ ལོར་གྷོང་གྷི་ཞིང་ཆེན་གྱི་སྤྱི་ཁྱབ་ཀྱི་ལས་གནས་ཁུར། ཕྱི་ལོ་ ༢༠༢༥ ལོར་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་འོས་བསྡུའི་ནང་ཞུགས་ཏེ། ལི་ལ་འོས་གྲངས་བརྒྱ་ཆ་ ༤༩།༤༢ ཐོབ་སྟེ་སྲིད་འཛིན་དུ་འདེམས་ཐོན་བྱུང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese