མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩

དེ་རིང་ནི་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་(Shrimati Droupadi Murmu) མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ཡིན་པ་ལྟར།  བཞུགས་སྒར་༧རྒྱལ་བའི་ཕོ་བྲང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྕམ་སྐུ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་དེ། རྒྱ་གར་གཞུང་མང་གཉིས་ཀྱིས་ལོ་ངོ་ ༦༦ ལྷག་གི་རིང་བོད་མི་རྣམས་ལ་གཟིགས་སྐྱོང་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། ཁྱེད་ཀྱིས་མཁྱེན་གསལ་བཞིན་ཕྱི་ལོ་ ༡༩༥༩ ལོའི་ཟླ་གསུམ་པའི་ནང་བོད་མི་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་འཛིན་པར་ངོ་རྒོལ་བྱས་ཏེ་བཙན་བྱོལ་དུ་ཡོང་དགོས་བྱུང་བས། ངོས་ཀྱི་མི་ཚེ་མང་ཆེ་བ་རྒྱ་གར་ནང་བསྐྱལ་བ་ཡིན། དེར་བརྟེན། ངོས་རང་དམིགས་བསལ་རྒྱལ་ཁབ་འདིར་བློ་སེམས་ཉེ་བོ་ཡོད། རྒྱ་གར་ནི་འཛམ་གླིང་ནང་མི་འབོར་མང་ཤོས་དང་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་མ་ཟད།  གནའ་བོའི་ཤེས་རིག་གི་ཁུངས་ཕུན་སུམ་ཚོགས་པ་ཡོད། ངོས་ནས་གནའ་དེང་གི་ཤེས་ཡོན་དང་ཟུང་འབྲེལ་ཐོག་ནས་འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་སྐྲུན་པར་ཕན་ཐོགས་ཆེན་པོ་ཡོད་པའི་ཡིད་ཆེས་ཡོད།

ངོས་རང་ལ་མཚོན་ན་རྒྱ་གར་གྱི་གཏིང་ཟབ་པའི་གནའ་བོའི་རིག་གཞུང་ལས་སེམས་དང་སེམས་བྱུང་གི་ཐོག་དམིགས་བསལ་གྱིས་གོ་རྟོགས་སྤེལ་བར་འབད་བརྩོན་བྱེད་བཞིན་ཡོད། དེས་ང་ཚོའི་སེམས་སུ་ཞི་བདེ་དང་སེམས་བཟང་པོ་གོང་མཐོར་འགྲོ་བར་རྨང་གཞི་བསྐྲུན་ཐུབ་པའི་ཡིད་ཆེས་ཡོད་པ་མ་ཟད།  ང་ཚོ་ཞེ་སྡང་དང་འཇིགས་སྣང་གི་ཚོར་བ་ལས་བྲལ་ཏེ་འཛམ་གླིང་ནང་ཞི་བདེ་དང་བྱམས་བརྩེ་བསྐྲུན་པའི་ཕན་ནུས་ཡོད། ཅེས་གསུངས་འདུག

གསུང་འཕྲིན་གྱི་མཇུག་ཏུ། རྒྱ་གར་གཞུང་མང་གཉིས་ཀྱིས་ལོ་ངོ་ ༦༦ ལྷག་གི་རིང་བོད་མི་རྣམས་ལ་གཟིགས་སྐྱོང་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ། དེ་བཞིན་ང་ཚོས་རྒྱ་གར་གྱི་ནང་པའི་རིག་གཞུང་ཁྲོད་ཀྱི་འཚེ་བ་མེད་པ་དང་བྱམས་བརྩེའི་རིན་ཐང་ལ་སྲུང་སྐྱོབ་དང་གོང་སྤེལ་གཏོང་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་ནི་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༢༠ ཉིན་རྒྱ་གར་ཨོ་ཌི་ཤ་མངའ་སྡེ་རུ་འཁྲུངས། རཱ་མ་ཌེ་ཝི་བུད་མེད་ཀྱི་མཐོ་རིམ་སློབ་གྲྭ་ (Rama Devi Women’s College) ནས་སྒྱུ་རྩལ་ཐོག་བསླབ་པ་མཐར་སོན་རྗེས། དགེ་རྒན་དང་སློབ་དཔོན་ཆེན་མོའི་ལས་རོགས་ཀྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༧ ལོར་བྷི་ཇེ་པི་ (BJP) ཆབ་སྲིད་ཚོགས་པའི་ནང་ཞུགས་ཏེ། རཱ་རང་གྷི་པུར་(Rairangpur Nagar Panchayat) ཚོགས་པའི་ཚོགས་མིར་འདེམས་ཐོན་བྱུང་། ཕྱི་ལོ་ ༢༠༠༠ ལོར་ཚོགས་པ་དེའི་ཚོགས་གཙོ་དང་། བྷི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་གཞོན་པའི་ཕྱག་ལས་གནང་།  ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་ཤར་ཕྱོགས་ཇར་ཁན་ཌི་ (Jharkhand) མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༢༢ ལོའི་བྷི་ཇེ་བྷི་ཆབ་སྲིད་ཚོགས་པའི་སྲིད་འཛིན་གྱི་འོས་མིར་བདམས་ཏེ།  ཕྱི་ལོ ༢༠༢༢ཕྱི་ཟླ་ ༧ ཕྱི་ཚེས་ ༢༡ ཉིན་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་ཅིང་།  ཁོང་མོ་ནི་གདོད་མའི་མི་རིགས་ཀྱི་རིགས་རྒྱུད་ཅིག་དང་། གདོད་མའི་མི་རིགས་ཀྱི་ཆབ་སྲིད་མི་སྣ་ཐོག་མ་དང་རྒྱ་གར་གྱི་བུད་མེད་སྲིད་འཛིན་གཉིས་པ་དེ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༢ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese