མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

བོད་ཀྱི་དུས་བབ།
༢༠༢༥/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།

རྩོམ་པ་པོ། དབྱར་མོ་ཐང་། ༢༠༢༥།༦།༢༤

ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ནི་ཧ་ཅང་ཉེན་ཁའི་ནང་གནས་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད། འཕྲལ་གྱི་རྐྱེན་མེ་སྟག་ལྟ་བུ་ཞིག་འཕྲད་པར་སྒུགས་བཞིན་པའི་ཤིང་ཤུན་སྐམ་པོའི་ཕུང་པོ་དང་ཆེས་ཆ་འདྲ་པོ་ཡོད། དེ་འདྲའི་གནས་སུ་གྱར་དགོས་བྱུང་བར་ཕྱི་ནང་གི་འགལ་རྐྱེན་འདྲ་མིན་ཡོད་པ་སྨྲོས་མི་དགོས་ཀྱང་།  གཙོ་བོའི་ནང་གི་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་མི་སྣ་རྣམས་པས་རང་རང་གི་ཆོལ་ཁ་ལ་བརྟེན་ནས་རང་ཉིད་ཀྱི་དབང་ཆ་འཐབ་རྩོད་བསྟུད་མར་བྱས་པའི་ཉེར་ལེན་ཁོ་ན་ཡིན་པ་ནི་ལོང་བ་མིན་ན་མཐོང་གསལ་དང་གླེན་པ་མིན་ན་ཤེས་གསལ་རེད། འདི་ནི་ནང་བསྟན་གྱི་སྟོང་ཉིད་དང་བརྟེན་འབྱུང་གི་ལྟ་བ་ལྟར་ཧ་ཅང་ལྐོག་གྱུར་གྱི་གསང་གནས་ཤིག་མ་རེད་ལ། དེང་རབས་འཕྲུལ་རིགས་ལ་བརྟེན་ནས་མཁའ་གྲུ་བཟོ་བའི་རིག་རྩལ་ལྟར་རྙོག་འཛིང་གི་གནད་དོན་ཞིག་དེ་བས་ཀྱང་མ་རེད། བཙན་བྱོལ་བོད་མིའི་ཁོར་ཡུག་ཆུང་ཆུང་འདིའི་ནང་གི་ང་རང་ཚོའི་གནས་བབས་གང་འདྲ་ཞིག་ནང་ལྷུང་ཡོད་པ་དང་། དེའི་རྒྱབ་ལྗོངས་ལ་ཅུང་ཙམ་བློ་གཟུ་བོར་གནས་ཤིང་ལག་པ་བྲང་ཁར་སྦྱར་ནས་དཔྱད་ན་ཤིན་ཏུ་རྟོགས་སླ་བའི་གནད་དོན་ཞིག་རེད། མདོར་ན་ཆོལ་ཁ་གསུམ་གྱི་བོད་མི་རྣམས་ད་ལྟ་ཆིག་སྒྲིལ་རྩ་བ་ནས་མེད་པ་དང་ཕན་ཚུན་དགྲར་འཛིན་གྱི་འདུ་ཤེས་ཉིན་རེ་ནས་ཉིན་རེར་འཕེལ་བཞིན་པ་འདི་བོད་མིའི་སྒྲིགས་འཛུགས་དང་། རྩ་དོན་འཐབ་རྩོད། ཆོས་དང་རིག་གཞུང་རྒྱུད་འཛིན་བཅས་ལ་གནོད་སྐྱོན་ཅི་ཙམ་ཆེ་བ་ཡང་ཧ་ཅང་ཤེས་སླ་བ་རེད། མདོར་ན་ད་ལྟའི་གནས་སྐབས་འདི་ལ་བཙན་བྱོལ་བོད་མི་རྣམས་འཆི་བའི་གནས་སུ་འཁྲིད་མཁན་ནི་ཆོལ་ནད་ནག་པོ་འདི་རེད་ཅེས་ཚིག་ཐག་ཆོད་པོས་བཤད་ཐུབ། མ་འོངས་པར་ལོ་རྒྱུས་ཉམས་ཞིབ་པ་ཚོས་ཀྱང་མཐའ་བསྡོམས་དེ་ལས་འདའ་རྒྱུ་མ་རེད། གཤམ་ལ་གུས་པས་ང་ཚོ་ཉེན་ཁ་འདི་ལས་ཇི་ལྟར་ཐར་ཐབས་ཀྱི་བསམ་ཚུལ་ཁོ་ན་ལྷུག་བརྗོད་བྱེད་རྒྱུ་ཡིན་པ་ལས་འདས་དོན་ལ་དབྱེ་ཞིབ་སམ་མི་སྒེར་དང་ཚན་པ་སུ་ལའང་ཉེས་འཛུགས་གང་ཡང་བྱ་རྒྱུ་མིན།

བོད་པ་མི་མང་དཀྱུས་མ་རྣམས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེ་འཁོན་དང་དགྲར་འཛིན་གྱི་འདུ་ཤེས་ཐོག་མ་ནས་མེད་པར་གུས་པས་བརྒྱ་བརྒྱ་ཐམས་པ་ཡིད་ཆེས་ཡོད། དེས་ན་ད་ལྟའི་གནས་སྟངས་འདི་ནི་ཆོལ་ཁའི་ཁོངས་ནས་འོས་འདེམས་བྱས་པའི་སྤྱི་འཐུས་རྣམས་པས་བོད་སྤྱིའི་འཐུས་མི་མ་བྱས་པར་སོ་སོར་འོས་འཕེན་མཁན་གྱི་ཆོལ་ཁ་དང་ཆོས་ལུགས་ཁ་ལ་ཁྱེར་ནས་རང་ཉིད་ཁོ་ནའི་དབང་ཆ་དང་འདོད་དོན་སྒྲུབ་པ་དང་། སྒེར་གྱི་གཏིང་ནད་སྤྱི་པའི་སྡེང་ཆར་སྤུངས་པའི་ཉེར་ལེན་གྱིས་བོད་མི་དཀྱུས་མ་རྣམས་མགོ་རྨོངས་པ་དང་ལོག་ལམ་དུ་ཁྲིད་ཅིང་བོད་སྤྱི་པའི་མདུན་ལམ་མུན་ནག་ཏུ་གཡུག་བཞིན་ཡོད། གནས་ཚུལ་འདི་ནི་ཆོལ་ཁ་གསུམ་གའི་སྤྱི་འཐུས་ནང་ལ་ཡོད་པ་ལས་ཆོལ་ཁ་བྱེ་བྲག་པ་གཅིག་ལ་ལེ་བདའ་བྱེད་ས་གང་ཡང་མེད། ནང་ཁུལ་གྱི་དབང་ཆའི་འཐབ་རྩོད་རྣོ་ངར་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད་པ་ཤེས་གསལ་རེད། མེ་ལྟ་བུ་འབར་བཞིན་པ་དེ་མུ་མཐུད་ཤུགས་ཆེ་རུ་དང་གཞི་རྒྱ་ཆེ་རུ་སྦར་ཐབས་སུ་ཟད་མཐའ་མེད་པའི་སྣུམ་ཚན་དང་བུད་ཤིང་བཟང་པོ་ནི། ལ་ཕར་རྒྱབ་ནས་གནང་བཞིན་ཡོད་པ་ཤེས་གསལ་རེད།

རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་ནང་ལ་བསམ་ཚུལ་མི་འདྲ་བ་ཁ་ཤས་ཡོད་པ་ནི།

༡ ད་ལྟའི་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞིར་འགྱུར་བ་བཏང་ནས་ཆོས་ལུགས་སྤྱི་མཐུས་མི་དགོས་པ།

༢ ཆབ་སྲིད་ཚོགས་པ་འཛུགས་དགོས་པ།

༣ བོད་མིའི་སྒྲིགས་འཛུགས་ཀྱི་ལངས་ཕྱོགས་རང་བཙན་ལ་བསྒྱུར་དགོས་པ།

༤ སྤྱི་འཐུས་ཀྱི་ཡོང་ཁོངས་ཆོལ་ཁ་དང་ཆོས་ལུགས་མ་ཡིན་པར་ས་གནས་སོ་སོ་ནས་འདེམས་དགོས་པ།

འདི་ཚོ་ནི་རྩ་བ་ནས་ཡོང་ཐབས་མེད་པའི་བསམ་ཚུལ་ཁོ་ན་རེད་ལ། གལ་ཏེ་ལག་བསྟར་བྱས་ཀྱང་ང་ཚོའི་རྩ་བའི་དཀའ་ངལ་ཏེ། ཆོལ་ཁ་ཕན་ཚུན་གྱི་སྡང་སེམས་མེད་པར་བཟོ་མི་ཐུབ། ཆབ་སྲིད་ཚོགས་པ་དགོས་ཟེར་བ་སོགས་ནི་ཕན་པ་ལས་གནོད་ཆེ་བའི་འཆལ་གཏམ་ཁོ་ན་ཡིན་པས་འདི་ཚོར་དཔྱད་རིན་དང་ལག་ལེན་བསྟར་རུང་བ་གང་ཡང་མེད་པས་འདོར་བ་ལས་འོས་བབ་མེད་དོ།

འོ་ན་དེ་དག་དང་གཏན་ནས་མི་འདྲ་ཞིང་སྔར་བྱུང་མ་མྱོང་ལ་སུས་ཀྱང་བསམ་མ་ཕོད་པའི་ཆབ་སྲིད་ཀྱི་ཐོག་ནས་ཐོད་རྒལ་རང་བཞིན་ཅན་གྱི་གཏམ་ཞིག་ངས་བཤད། ངེས་པར་དུ་ཤེས་དགོས་པ་ཞིག་ལ་ད་ལྟའི་དཀའ་རྙོག་འདི་ལས་ཐར་ཐབས་སུ་གཤམ་གྱི་དོན་དག་རྣམས་ངེས་པར་དུ་སྒྲུབས་དགོས། གལ་སྲིད་མ་བསྒྲུབས་ན་ཤི་རྒྱུར་སྒུག་རྒྱུ་ལས་ང་ཚོ་སྐྱབས་མཁན་ཞིག་རྩ་བ་ཉིད་ནས་མེད་པ་ཤེས་དགོས།

གུས་པའི་བསམ་འཆར་དངོས་ནི་ད་ལྟའི་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་ལ་འགྱུར་བ་གང་ཡང་གཏོང་མི་དགོས། ཡིན་ན་ཡང་ང་ཚོ་ལ་གྲོས་ཚོགས་འོག་མ་ཞིག་ངེས་པར་དུ་དགོས། དེ་ཡང་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ཆོལ་ཁ་བྱེ་བྲག་པ་ཞིག་གིས་འོས་འདེམས་བྱེད་མི་ཆོག གྲོས་ཚོགས་འོག་མའི་འཐུས་མི་ཆགས་པ་ལ་འཐུས་མི་ཞིག་ལ་ཆོལ་ཁ་གསུམ་ག་ནས་ཉུང་མཐར་བརྒྱ་ཆ་སུམ་ཅུ་ཐོབ་དགོས། བརྒྱ་ཆ་བརྩི་ཚུལ་ནི་ལོ་དེར་ཆོལ་ཁ་རེ་ནས་འོས་འདེམས་ནང་ཆ་ཤས་ལེན་མཁན་ག་ཚོད་བྱུང་བ་དེའི་ནང་ནས་བརྩི་དགོས། གོ་བདེ་ཙམ་བཤད་ན། གྲོས་ཚོགས་འོག་མའི་འཐུས་མིར་བཞེངས་མཁན་ཞིག་ཆོལ་ཁ་གསུམ་གའི་མིའམ་བོད་མི་ཡོད་དོ་ཅོག་ལ་གཏམ་བཤད་དང་། བགྲོ་གླེང་། སོ་སོའི་ལས་འཆར་སོགས་ཞུས་ཟིན་རྗེས་འོས་བསྡུའི་སྐབས་སུ་འོས་མི་དེ་ལ་ལོ་དེར་དབུས་གཙང་བ་མཉམ་ཞུགས་བྱེད་མཁན་གྱི་ཁོངས་ནས་ཉུང་མཐར་བརྒྱ་ཆ་སུམ་བཅུས་རྒྱབ་སྐྱོར་ཡོད་པ་མ་ཟད་མདོ་སྟོད་ནས་ཀྱང་དེ་བཞིན་དང་། མདོ་སྨད་ནས་ཀྱང་དེ་བཞིན་ཡིན་དགོས། དེ་ལྟར་མ་བྱུང་ན་འཐུས་མི་དེར་ཆོལ་ཁ་གཅིག་གམ་གཉིས་ནས་འོས་གྲང་ཇི་ཙམ་མང་པོ་ཐོབ་ཡོད་ཀྱང་རྩིས་མེད་ཡིན། ལག་ལེན་གྱི་སྐབས་སུ། གྲོས་ཚོགས་འོག་མིའི་དངོས་གཞིའི་འོས་འཕེན་སྐབས་འོས་འཕེན་པ་མི་མང་མི་རེ་ངོ་རེ་ནས་ཆོལ་ཁ་རེ་ནས་ཉུང་མཐར་མི་བཅུ་རེ་ངེས་པར་དུ་འདེམས་དགོས། དེ་ལྟར་མ་བྱས་ན་འོས་མི་རྣམས་ལ་ཆོལ་ཁ་གཞན་གཉིས་ནས་ཉུང་མཐའི་བརྒྱ་ཆ་མི་ལོན་པ་སྲིད། གྲོས་ཚོགས་འོག་མར་འཐུས་མི་སུམ་བཅུ་ལས་མི་དགོས་ཤིང་ཁོང་རྣམས་པའི་ལས་ཡུན་རྫོགས་ཚེ་གྲོས་ཚོགས་གོང་མའི་སྤྱི་འཐུས་རྣམས་དང་མཉམ་དུ་འཁེལ་མི་རུང་།

གྲོས་ཚོགས་གོང་འོག་གཉིས་ཀྱི་འགྲོ་ལུགས་འདི་ནི་མང་གཙོའི་གཞུང་མང་ཆེ་བ་ལ་ཡོད་པ་དང་དེའི་དགེ་མཚན་ཡོད་ཚད་འདིར་བགྲང་ག་ལ་ལངས། གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིགས་གཞི་གསར་པ་ཞིག་བཟོ་བར་དཀའ་ངལ་མི་ཆེ། འཛམ་གླིང་ནང་མང་གཙོའི་གཞུང་གཞན་ནས་ལེགས་ཆ་ལེན་ཆོག་ཆོག་ཡོད། དེ་ལ་ང་ཚོས་ལྟ་གྲུབ་ཀྱི་འགྲེལ་བཤད་དང་ལག་ལེན་དངོས་ཀྱི་ཚོད་ལྟ་སོགས་གང་ཡང་བརྒྱུད་མི་དགོས་པར་ལག་ཏུ་ལེན་ཆོག་ཆོག་ཡོད། གྲོས་ཚོགས་གཉིས་ཡོད་པས་ཧ་ཅང་གལ་འགངས་ཆེ་བའི་ཐག་ཆོད་དཔེར་ན་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་རིགས། ཆབ་སྲིད་ཀྱི་གལ་ཆེའི་སྲིད་ཇུས། ཀ་བ་གསུམ་གྱི་མཛད་གཙོ་རྣམས་ཀྱི་འཕོ་འགྱུར་དང་འོས་འདེམས། ལྷག་པར་དུ་གྲོས་ཚོགས་གོང་འོག་གང་རུང་ཡོངས་རྫོགས་འཕོ་འགྱུར་དགོས་རིགས་སོགས་ལ་མེད་དུ་མི་རུང་བ་ཡིན། ད་ལྟ་བར་བཙལ་བྱོལ་བོད་མིར་༧གོང་ས་ཡིད་བཞིན་ནོར་བུ་ཡོད་པས་དེ་ཙམ་ཐག་ཆོད་ཆེ་རིགས་བོད་མི་ཡོངས་ཀྱིས་ངོས་ལེན་ཡོད་པ་དེ་རིགས་བྱེད་དགོས་ཐུག་མེད་ཀྱང་། མ་འོངས་པར་གནས་སྟངས་དེ་རང་སོར་གནས་རྒྱུ་མིན་པ་ཇི་གསལ་རེད།

མཐའ་དོན་དུ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འགྲུབ་པའི་སྨོན་འདུན་དང་བཅས་སྔོན་ཆད་མ་བྱུང་བའི་གཏམ་གྱི་བདུད་རྩི་འདིས་ཆོལ་ནད་དུག་ཆུ་ཁོལ་མིའི་ཚ་གདུང་ལ་ཡིད་ཐང་ཆད་པའི་ལྷད་མེད་དྭངས་གཙང་གི་གངས་ཅན་པ་རྣམས་ལ་རྣ་བའི་བུ་རམ་དུ་འགྱུར་བར་སྨོན།།  །།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 1

  1. ཚེ་རིང་དངོས་གྲུབ། says:
    ཟླ་བ། 9 སྔོན།

    ད་བསམ་འཆར་འདོན་མཁན་འདུག་པ་ཡག་པོ་རེད། ཡིན་ན་ཡང་བསམ་བློ་ཡག་པོ་བཏང་ནས་གསུང་དགོས་རེད་བསམ་གྱི་འདུག ། སྤྱི་ལ་ཕན་པའི་བསམ་འཆར་ཡིན་བསམས་ན་ཡང་གནོད་སྐྱོན་ཡོང་གི་ཡོད་མེད་ལ་ཐུགས་བསམ་ཡག་པོ་བཞེས་དགོས་འདུག་བསམ་གྱི་འདུག ། རང་ཉིད་ཤེས་ཚད་ཡར་ཐོན་ཐོག་ཕྱི་ནང་གི་ཤེས་ཡོན་ཡག་ཐག་ཆོད་དང་གནས་ཚུལ་ཚང་མ་ཆ་ཚང་བ་ཤེས་པའི་ངང་ནས་བསམ་བློ་རྣམ་དག་གིས་སྤྱི་ཕན་གྱི་བསམ་འཆར་བྱུང་ན་ཡག་པོ་རེད། ང་ཚོ་བཙན་བྱོལ་བོད་གཞུང་དེ་བཞིན་རང་བཙན་ཡིན་པའི་གཞུང་ཞིག་མ་རེད། ང་ཚོར་བོད་རང་བཙན་ཡོད་ན་སྲིད་དོན་ཚོགས་པ་ཁག་བཙུགས་ནས་བོད་གཞུང་གི་ཆབ་སྲིད་འཛིན་སྐྱོང་གྱི་གོ་གནས་ལ་འོས་བསྡུར་བྱེད་ཆོག་པ་ཞིག་རེད། ང་ཚོར་དེ་འདྲའི་ཆ་རྐྱེན་མེད་སྟབས་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཆོས་ལུགས་ཆོལ་ཁ་ཚང་མ་ནས་སྤྱི་འཐུས་ཡོད་པ་དང་། དེ་ལྟར་དགོས་པ་ཡང་སྤྱི་འཐུས་རྣམ་པས་ལྷ་བླ་མའི་མདུན་དུ་བོད་དང་བོད་མི་སྤྱི་པ་ལ་ཕན་པའི་ཕྱག་ལས་ལུས་ངག་ཡིད་གསུམ་ནས་གནང་གི་ཡིན་ཞེས་དམ་བཅའ་ཕུལ་ཡོད་རེད། དེ་ལྟར་མི་མང་ཚང་ཚོས་ཀྱང་ད་ག་རང་གནང་གི་རེད་བསམས་ནས་འོས་འདེམས་གནང་གི་ཡོད་རེད། ལྷག་པར་ཆོས་ལུགས་ཁག་གི་སྤྱི་འཐུས་རྣམ་པས་ཆོས་སེམས་རྣམ་དག་གིས་སྤྱི་ཕན་སྤྱི་མཐུན་གནང་གི་རེད་བསམས་པའི་རེ་བ་ཆེན་པོ་ཡོད་རེད། དེ་ལྟར་མ་གནང་ན་ཐབས་སྐྱོ་པོ་དང་རང་ཉིད་ནང་པའི་དགེ་འདུན་པ་ཡིན་པའི་མིང་དོན་མ་མཚུངས་པ་མིན་ནམ་ཞུ། དངོས་གནས་ཞུས་ན་ཆོས་པ་ཚོས་སྤྱི་ཕན་གྱི་བསམ་པ་རྣམ་དག་གིས་ང་ཚོ་ཚང་མ་ལ་སྤྱི་ཕན་སྤྱི་མཐུན་ཡོང་བ་གནང་དགོས་རེད་ལ་དེ་ལྟར་གནང་དགོས་པ་ཡང་སྤྱི་འཐུས་ཀྱི་ཐུགས་འགན་དང་རང་ཉིད་ཆོས་པ་གཅིག་ཡིན་པའི་ཆ་ནས་འོས་ཀྱང་གནང་དགོས་པ་ཞིག་རེད། དེ་ཡང་རང་ཀྱིས་མཁྱེན་གྱི་ཡོད་རེད། ཡིན་ན་ཡང་མཁྱེན་པ་ཙམ་མ་ཡིན་པར་ཕྱག་ལེན་ཡང་གནང་ཐབས་གནང་ན་མིང་དོན་མཚུངས་པ་རེད་བསམ་གྱི་འདུག་ཞུ། ང་ཚོའི་ད་ལྟའི་བོད་ཕྱི་ནང་གི་གནས་སྟངས་དེ་ཡང་དེ་སྔ་ང་ཚོ་སྤྱི་མཐུན་མེད་པར་བོད་ཀྱི་སྤྱི་དོན་ལ་བློ་མཐུན་མེད་ནས་བོད་སྤྱི་པའི་དགོས་དོན་རས་སུ་བོར་ང་དང་ཁྱོད་ཟེར་སྤྱི་མཐུན་མེད་པ་དང་སྤྱི་པའི་ཕྱག་ལས་ལ་འཐུས་ཤོར་བྱུང་བ་ལ་བརྟེན་ནས་མ་རེད་དམ། ད་དུང་ང་ཚོ་༧རྒྱལ་བ་ཡིད་བཞིན་ནོར་བུའི་བཀྲིན་བསམ་ཤེས་ཐོག་གང་གིས་རྒྱུན་དུ་ང་ཚོ་སྤྱི་མཐུན་གནང་དགོས་་གསུང་གི་འདུག་པ་རྣ་བས་གོ་ཙམ་དང་དེ་ལྟར་གསུང་གི་འདུག་ཅེས་པ་རྣམ་གཞག་ཙམ་མིན་པར་ང་ཚོ་ངོ་རེ་ངོ་རེ་ནས་ལག་ལེན་ལྟར་དགོས་འདུག་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese