མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡུལ་དང་ཡུ་རོབ་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་གནང་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབྱིན་ཡུལ་དང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་དང་འཇར་མན་གྱི་གནད་ཡོད་མི་སྣར་མཇལ་འཕྲད་ཀྱིས་རྒྱལ་ཁབ་དེ་དག་གི་ནང་དུ་བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་གཏན་འབེབས་བྱེད་པའི་སྐུལ་མ་གནང་འདུག

སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་དང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༧ བར་ཉིན་གྲངས་བདུན་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་དབྱིན་ཡུལ། འཇར་མན་རྒྱལ་ཁབ་གཉིས་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ད་ལྟ་འཇར་མན་ནང་དུ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༤ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁེལ་བྷི་རན་ཌི་ (Michael Brand) ལགས་དང་མཇལ་འཕྲད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་སྐུ་ཞབས་མེ་ཁེལ་བྷི་རན་ཌི་མཆོག་འཇར་མན་སྲིད་གཞུང་གསར་པའི་ནང་ཤེས་ཡོན་དང་། ཁྱིམ་ཚང་གནད་དོན། མི་སེར་རྒན་པ། བུད་མེད། གཞོན་སྐྱེས་བཅས་ཐོག་གྲོས་ཚོགས་ཀྱི་དྲུང་ཆེར་བསྐོ་བཞག་བྱུང་བར་འཚམས་འདྲི་གནང་ཡོད་འདུག དེ་བཞིན་སྲིད་སྐྱོང་མཆོག་དང་ཁོང་གཉིས་ཀྱིས་འཇར་མན་གྲོས་ཚོགས་དང་ཡུ་རོབ་ནང་བོད་དོན་ཐོག་དོ་སྣང་ཤུགས་ཆེ་རུ་གཏོང་ཐབས་སྐོར་ལ་བགྲོ་གླེང་གནང་ཡོད་འདུག སྐུ་ཞབས་མེ་ཁེལ་བྷི་རན་ཌི་ལགས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་མི་སྣ་ཞིག་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་སྲིད་སྐྱོང་མཆོག་དབྱིན་ཡུལ་དུ་གཞུང་འབྲེལ་འཚམས་གཟིགས་སྐབས།  ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པ་དབྱིན་ཡུལ་གྱི་བྷི་བྷི་སི་རླུང་འཕྲིན་ཁང་གི་འབྲུག་ཐར་ལགས་ཀྱི་པོ་བསྒྲགས་ (podcast) བཅར་འདྲི་ལེ་ཚན་ལ་ལན་འདེབས་གནང་འདུག དེ་རྗེས་སྲིད་སྐྱོང་མཆོག་དང་ས་གནས་དོན་གཅོད་ཚེ་རིང་དབྱངས་སྐྱིད་བཅས་དབྱིན་ཡུལ་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ལོ་འཁོར་དུས་ཆེན་ལ་ཆེད་ཕེབས་གནང་བ་དང་། གསུང་བཤད་ཡང་གནང་ཡོད་འདུག སྐབས་དེར་དབྱིན་ཡུལ་དུ་ཡོད་པའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུན་ཚོགས་ནོར་བུ་ལགས་ཀྱིས་ས་གནས་ཀྱི་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་དང་བཀའ་ཤག་སྐབས་བཅུ་དྲུག་པར་འཚམས་འདྲི་ཞུས་འདུག  དེ་རྗེས་སྲིད་སྐྱོང་མཆོག་གིས་བོད་ཀྱི་སྐད་ཡིག་གལ་ཆེན་ཡིན་པ་དང་། ཕ་མས་ཁྱིམ་དུ་བོད་སྐད་རྒྱག་དགོས། རྒྱུན་ལྡན་ནས་བོད་ཡིག་སློབ་ཁྲིད་གནང་དགོས་པ་གལ་ཆེན་ཡིན་ཚུལ་དང་། བོད་ཀྱི་གནས་སྟངས་སོགས་འགྲེལ་བརྗོད་གནང་འདུག་པ་མ་ཟད། བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ཐོག་དོ་སྣང་བྱེད་དགོས་པ་ལས་ལྷོད་གཡེང་ཤོར་ན་འཐུས་ཤོར་ཆེན་པོ་དང་ཉེན་ཁའི་གནས་སྟངས་རེད་ཅེས་ནན་སྐུལ་བྱས་འདུག་ལ།  དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་སྐོར་ངོ་སྤྲོད་དང་རིན་ཐང་ངོས་འཛིན་བྱེད་དགོས་པ་ནན་སྐུལ་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཕེབས་འབྱོར་གནང་ཡོད་ཅིང་། སྐབས་དེར་གནམ་ཐང་དུ་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་གཙོས་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་དང་། ས་གནས་བོད་མི་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག་ལ། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་དཔལ་འབྱོར་རིག་པའི་སློབ་གཉེར་ཁང་དུ་བོད་རིགས་ཚོགས་པ་དང་། དང་བླངས་བོད་དོན་ཞུ་གཏུག་གི་གོ་སྒྲིག་འོག ས་གནས་བོད་རིགས་གཞོན་སྐྱེས་རྣམས་ལ་ཟུར་དུ་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་འདུག སྲིད་སྐྱོང་མཆོག་གིས་བཙན་བྱོལ་ནང་ཐོག་མར་འབྱོར་མཁན་གྱི་མི་རབས་རྒན་པ་ཚོར་མཐུན་རྐྱེན་འཛོམས་པོ་དང་ཤེས་ཡོན་སོགས་དེ་ཙམ་མེད་ཀྱང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་མོས་གསུམ་གྱིས་ཐོག་ནས་རྒྱ་གར་ནང་བཙན་བྱོལ་དུ་ཡོང་བ་ཞིག་རེད། ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་མི་རབས་དེ་འཚོ་གནས་བྱེད་བཞིན་པ་དང་། ད་ལྟའི་ཆར་མི་རབས་རྒན་པ་རྣམས་རིམ་པས་རྫོགས་འགྲོ་བཞིན་ཡོད་པས། མི་རབས་གཞོན་པ་ཚོས་བོད་དོན་ཐོག་འགན་ཁུར་གྱིས་ཕྱག་ལས་གནང་དགོས་པ་དང་། མ་འོངས་བོད་དོན་ཐོག་མི་རབས་གསར་བ་ཚོས་འགན་ཁུར་བཞེས་དགོས་སྐོར་འགྲེལ་བརྗོད་གནང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་གློག་སྟོན་བརྙན་རིས་བརྒྱུད་ནས། འཛམ་གླིང་གི་བྱང་སྣེ་དང་ལྷོ་སྣེ་བརྩིས་པའི་སྣེ་གསུམ་པ་དེ་བོད་ཁམས་ཀྱི་ཡུལ་ཆགས་ཀྱི་ཡོད་པས། བོད་ཀྱིས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པའི་སྐོར། དེ་བཞིན་བོད་ནི་ཨེ་ཤེ་ཡ་རྒྱལ་ཁབ་མང་པོ་ཞིག་གི་ཆུ་བོའི་སྒོ་ཁུངས་ཡིན་པ་དང་། རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་ལ་གནོད་པའི་བོད་ནང་ཆུ་མཛོད་ ༣༠༠ ལྷག་ཙམ་ཞིག་གསར་རྒྱག་གཙོས་ལས་གཞི་མང་པོ་སྤེལ་ནས་རང་བྱུང་ལ་གཏོར་བཤིག་གཏོང་བཞིན་པའི་སྐོར་ཡང་འགྲེལ་བརྗོད་གནང་སོང་། དེ་བཞིན་དུ་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དེ་ལོ་རྒྱུས་ཐོག་ནས་བདེན་པ་མིན་པའི་ར་སྤྲོད་དང་། བོད་ཀྱི་བཙན་པོའི་དུས་ནས་བཟུང་ད་ལྟའི་བར་གྱི་བོད་མིའི་སྒྲིག་འཛུགས་ཀྱི་བྱུང་རབས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་ནང་དུ་བོད་མི་ཚོར་མང་གཙོའི་ཀ་བ་གསུམ་གྱི་ཡན་ལག་ཡོངས་སུ་ཚང་བའི་ཐོག་ནས་བོད་མིའི་སྒྲིག་འཛུགས་གསར་འཛུགས་དང་། མང་གཙོ་ལག་བསྟར། དེ་བཞིན་མང་གཙོ་ཚད་ལྡན་ཞིག་གི་ཐོག་ལ་གོམས་པ་མདུན་སྐྱོད་གནང་བའི་བརྒྱུད་རིམ་སོགས་ངོ་སྤྲོད་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་གཞིར་བཞག་པའི་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གསར་གཏོད་དང་། དེའི་ཐོག་ནས་རྒྱལ་སྤྱིའི་ནང་གདེངས་འཇོག་ཐོབ་པའི་ཐོག་ཉེ་ལམ་ཕྱི་ལོ་ ༢༠༢༤ ལོར་ཨ་རིའི་སྲིད་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་ཡོད་པའི་སྐོར་སོགས་གསུང་བཤད་གནང་འདུག

གཞན་ཡང་སྲིད་སྐྱོང་མཆོག་གིས། བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་ལོ་རྒྱུས་བྱུང་རབས་སྐོར་ལ་ཤེས་རྟོགས་དགོས་གལ་ཆེ་ཞིང་། རྒྱལ་སྤྱིའི་ཁྲིམས་དོན་རིག་པའི་མཁས་པ་སྐུ་ཞབས་མཧི་ཀལ་ཝན་ཝལ་ཝན་པ་རག་ལགས་ཀྱིས་བརྩམས་པའི་བོད་ཀྱི་གནད་བསྡུས་ཉི་ཤུ་ཉི་ཤུ་ (Tibet Brief 20/20) ཞེས་པ་དང་། སློབ་དཔོན་ལའོ་ཡིས་བརྩམས་པའི་དཔེ་དེབ་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པ་ངོ་སྤྲོད་གནང་སྟེ། དེ་དག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་གནད་དོན་རྒྱུ་མཚན་ལྡན་པའི་ཐོག་ནས་འགྲེལ་བཤད་རྒྱག་གིན་ཡོད་པ། དེ་བཞིན་ཉེ་ཆར་༧གོང་ས་རྒྱལ་རིན་པོ་ཆེ་མཆོག་གིས་མཛད་པའི་ཕྱག་དེབ་བོད་དང་བོད་མིའི་མགྲིན་ཚབ་ཅེས་པ་བཅས་བཀླག་དགོས་པའི་སྐུལ་མ་གནང་ཡོད།

བློ་བཟང་སྒྲོལ་མས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese