མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་བོད་མི་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་༧སྐུའི་གོ་སྟོན་སྲུང་གཙི་ཞུ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་དམིགས་བསལ་བོད་ཀྱི་དགོན་སྡེ་ཁག་ཏུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

The BBC visited the Kirti monastery in Aba as the Dalai Lama turned 90

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་བསླེབ་ལ་ཉེ་སྐབས། ཉེ་ལམ་རྒྱལ་སྤྱིའི་གསར་ཁང་བྷི་བྷི་སིའི་གསར་འགོད་པ་དངོས་སུ་བོད་མདོ་སྨད་རྔ་བ་ཀིརྟི་དགོན་དུ་ཕྱིན་ནས་གནས་ཚུལ་རྒྱུས་ལོན་བྱས་པ་བརྒྱུད། ༧སྐུའི་གོ་སྟོན་དང་བསྟུན་རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་སྔར་ལྷག་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་གསལ་སྟོན་བྱས་འདུག

དེ་འབྲེལ་བྷི་བྷི་སི་གསར་ཁང་གིས་བརྙན་ཐུང་ཞིག་སྤེལ་བའི་ནང་། གསར་འགོད་པ་ཞོགས་པར་ནམ་མ་ལངས་གོང་ནས་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་ནང་གི་རྔ་བ་ཀིརྟི་དགོན་དུ་ཕྱིན། སྐབས་དེར་དགོན་པ་དེའི་གྲྭ་པ་རྣམས་སྔ་དྲོར་ཞལ་འདོན་ཆེད་དུ་འདུ་འཛོམས་བྱེད་མགོ་འཛུགས་བཞིན་འདུག དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་སྔར་ལྷག་གིས་དམ་དྲག་དང་སོ་ལྟ་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། དགོན་པ་དེའི་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་གཅིག་ཀྱང་མེད་པ་དང་། རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་པར་ཉར་འཇོག་བྱེད་པ་ནི་ཁྲིམས་འགལ་ཞིག་ལ་ངོས་འཛིན་གྱི་ཡོད་འདུག་ལ། དགོན་སྡེ་ཁག་གི་གྲྭ་པ་སོགས་ལ་སྐད་ཆ་བཤད་པར་ཉེན་ཁ་ཧ་ཅང་ཆེ་ནའང་། གྲྭ་པ་ཁག་ཅིག་གིས་བཅར་འདྲི་དང་ལེན་གནང་སོང་། ཞེས་གསལ་འདུག

བརྙན་ཐུང་དེའི་གྲྭ་པ་ཁག་ཅིག་གིས་ལན་འདེབས་བྱས་པའི་ནང་། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཡག་པོ་མི་འདུག ཅེས་དང་། ཡང་གྲྭ་པ་གཞན་ཞིག་གིས་ཞེད་སྣང་དང་འཛེམ་ཟོན་མེད་པའི་ཐོག་ནས་རྒྱ་ནག་དམར་གཞུང་གིས་བོད་ཀྱི་མཁའ་རླུང་ནང་དུག་བླུགས་ཡོད། ང་ཚོ་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་དང་། རྒྱ་གཞུང་གིས་ང་ཚོར་མུ་མཐུད་དུ་དྲག་གནོན་དང་ཁྲིམས་ཆད་གཏོང་གི་འདུག བོད་ནང་དུ་གཞུང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་ཡི་མེད་ལ། འདི་ནི་དངོས་ཡོད་གནས་སྟངས་ཤིག་རེད། ཅེས་བོད་ནང་གི་གནས་སྟངས་གསལ་བཤད་བྱས་འདུག་ལ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་ཆོས་དད་རང་མོས་ཡོད་ཚུལ་རྗོད་ཀྱིན་ཡོད་ཀྱང་། དོན་དངོས་སུ་བོད་ནང་གི་གྲྭ་པ་དེ་དག་གིས་རྒྱ་ནག་དམར་གཞུང་གིས་བོད་ནང་བོད་མིའི་ངོ་བོ་དང་། ནང་པའི་ཆོས་ལུགས་སོགས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་སོགས་གསལ་བོར་ཐེར་འདོན་བྱས་འདུག

ཡང་འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས། ད་ལྟ་བོད་ནང་དུ་༧སྐུའི་གོ་སྟོན་གྱི་མཛད་སྒོ་ཆུང་ཆུང་སྐོར་ཞིག་སྲུང་གཙི་ཞུ་ཡི་འདུག དེའི་སྐོར་དེ་རྒྱ་ནག་དམར་ཤོག་གཞུང་གིས་ཤེས་མི་ཉན་པ་གཞིར་བཞག་རེད། བཙན་བྱོལ་སྤྱི་ཚོགས་ནང་དུ་གོ་སྟོན་སྲུང་གཙིའི་མཛད་སྒོ་ཡོད་པའི་སྟེང་། བོད་ནང་དུ་ཁ་ཤས་ཤིག་བརྟན་བཞུགས་ཀྱི་ཆོ་གའི་རྣམ་པ་རེད། ཁག་ཅིག་གིས་སྨོན་ལམ་རྒྱག་པ་དང་། སྙུང་གནས་སྲུང་བ་སོགས་ཆོ་གའི་ཕྱག་ལེན་མང་པོ་ཞིག་སྒྲུབ་ཀྱི་ཡོད། འོན་ཀྱང་། རྒྱ་ཆེན་པོ་མ་རེད། སོ་སོའི་རང་སྟེང་ནས་ཚོགས་པ་ཆུང་ཆུང་དང་། དགོན་སྡེ་ཁག་དང་འཛིན་གྲྭ  སྡེ་བ་སོགས་ཀྱི་ཚོགས་པ་ཆུང་ཆུང་འཛོམས་ནས་གོ་སྟོན་གྱི་མཛད་སྒོ་འཚོག་བཞིན་ཡོད་པའི་རིགས་འདུག ཅེས་བརྗོད་བྱུང་།

གཞན་ཡང་། ད་ལྟ་བོད་ནང་གི་ས་ཁུལ་མང་པོར་༧གོང་ས་མཆོག་གི་སྐུའི་གོ་སྟོན་གྱི་དུས་ཆེན་དང་བསྟུན། བོད་མི་མང་པོ་ལྷན་འཛོམས་བགྱིས་ཏེ། དགའ་སྟོན་བྱེད་པ་དང་། རིག་རྩལ་དགོང་ཚོགས་བསྡུ་བ། རྟ་རྒྱུག་འགྲར་སྡུར་བྱེད་པ། གླུ་དབྱངས་དང་སྙན་ངག་སོགས་སྒྱུ་རྩལ་གྱི་ལམ་ནས་བསྟོད་པའི་མཆོད་པ་འབུལ་བཞིན་པ་སོགས་རྒྱུན་ལྡན་མིན་པའི་འགུལ་སྐྱོད་ཅིག་བརྒྱབ་དང་རྒྱག་བཞིན་པ་རེད་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་གསལ་བསྒྲགས་བསྐྱངས་གནང་མཛད་པ་དང་། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད། ཅེས་གསུངས།

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་གསལ་བསྒྲགས་ཀྱི་ཐད་རྒྱ་ནག་གཞུང་གིས་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ༧གོང་ས་མཆོག་ནས་ཡང་སྲིད་གནད་དོན་དང་འབྲེལ་ནས་ཡོངས་ཁྱབ་གསལ་བསྒྲགས་མཛད་པར་ངོས་ལེན་མེད། ༧སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་བདག་དབང་ཡོངས་རྫོགས་རྒྱ་ནག་གཞུང་ཁོ་ནར་ཡོད་པ་མ་ཟད། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དེ་རྒྱ་ནག་གི་ཁྲིམས་དང་མཐུན་དགོས་ལུགས་སོགས་བསྒྲགས་ཡོད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༧ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese