མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་དྭགས་ཀྱི་ཟངས་དཀར་ཡུལ་དུ་ཞབས་སོར་བདེ་བར་བཀོད།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་གླེ་ནས་ཐད་འཕུར་གནམ་གྲུའི་ནང་ལ་དྭགས་ཟངས་དཀར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ཟངས་དཀར་ཡུལ་དུ་ཞབས་སོར་བདེ་བར་བཀོད། ༢༠༢༥།༠༧།༢༡ ཕོ་བྲང་གི་སྐུ་པར།

དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༧།༣༠ ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཟངས་དཀར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་དེ། དཀར་ཤ་ཕོ་བྲང་དང་ནཱ་ལེནྡྲ་རིག་གཞུང་སློབ་གཉེར་ཁང་དབུ་འབྱེད་དང་རབ་གནས་བཀའ་དྲིན་བསྐྱངས། དེ་ནས་ཚོགས་ཆེན་འདུ་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། དཀར་དགོན་དབུ་ཆོས་ལགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། སྐབས་དེར་ཤར་པ་ཆོས་རྗེ་མཆོག་དང་། རྣམ་གྲྭ་མཁན་རིན་པོ་ཆེ་མཆོག ཁྲིག་རྩེ་རིན་པོ་ཆེ་མཆོག ལྷ་རྒྱལ་རིན་པོ་ཆེའི་ཡང་སྲིད། དཀྱིལ་ཁང་རིན་པོ་ཆེ་མཆོག ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་མཆོག གར་གྷལ་རྫོང་གི་རྫོང་དཔོན། ནང་པ་ཚོགས་པ་དང་དགོན་པ་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་གཙོས་མཁན་བླ་སྤྲུལ་དང་། དཔོན་རིགས་སོགས་སྟོང་ཕྲག་བརྒལ་བ་ཆེད་བཅར་ཞུས་ཡོད་འདུག

དཀར་དགོན་དབྱར་གྱི་རིག་གཞུང་ཆེན་མོའི་ཚོགས་གཙོ་དགེ་བཤེས་བློ་བཟང་ཚེ་བརྟན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་འབྲེལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ལ་དྭགས་ཡུལ་དུ་དབྱར་ཆོས་ཀྱི་ལམ་སྲོལ་ཚུགས་པ་དང་། དབྱར་ཆོས་དང་འབྲེལ་ནས་བཀའ་བསྟན་མཆོད་ཁང་དུ་སྒྲིག་གཤོམ་བྱེད་པ་ཙམ་མ་ཡིན་པར་སློབ་སྦྱོང་བྱེད་ཐུབ་པར་འབད་བརྩོན་གནང་མུས་ཡིན་པའི་སྐོར་དང་། དཀར་དགོན་དབྱར་ཆོས་འདི་བཞིན་ལ་དྭགས་ཀྱི་དབྱར་ཆོས་ཐེངས་བཅུ་པ་ཡིན་པ་སྙན་སེང་ཞུས་ཏེ། ༧མགོན་པོ་གང་ཉིད་མཆོག་སླར་ཡང་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུས།

དེ་ནས་གར་གྷལ་རྫོང་དཔོན་ལགས་ཀྱིས་༧གོང་ས་མཆོག་གིས་ལམ་སྟོན་གནང་བའི་བྱམས་བརྩེའི་བཀའ་སློབ་ནི་དེང་གི་འཛམ་གླིང་ལ་ཧ་ཅང་དགོས་ངེས་ཅན་ཆགས་ཡོད་པ་དང་། ༧མགོན་པོ་གང་ཉིད་མཆོག་ནི་བྱམས་བརྩེའི་བདག་ཉིད་ཆེན་པོ་ཞིག་ཡིན་པས་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བ་ནི་ཐོབ་དཀའ་བའི་གོ་སྐབས་རྩ་ཆེན་ཞིག་ཡིན་པ་སོགས་ཕེབས་བསུའི་གསུང་བཤད་གནང་རྗེས་སློབ་ཕྲུག་ཁག་ཅིག་གིས་བདེ་སྐྱིད་དང་དེའི་རྒྱུ་ཡི་སྐོར་ལ་རྟགས་བསལ་གཟིགས་འབུལ་ཞུས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དཀར་དགོན་དབུ་ཆོས་ལགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ། ༠༢༥།༠༧།༢༡ ཕོ་བྲང་གི་སྐུ་པར།

དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བླང་དོར་བཀའ་སློབ་གནང་སྐབས། བོད་ལ་ཉམས་ཉེས་ཆེན་པོ་བྱུང་སྟེ་བསྟན་པའི་མེ་རོ་རྒྱ་གར་དུ་བཟུང་བ་དང་། འདིར་སངས་རྒྱས་ཀྱི་བསྟན་པའི་འགྲོ་སྟངས་ལ་ཡུལ་བ་ཚོས་ཀྱང་དོ་སྣང་ཡག་པོ་བྱེད་ཀྱི་འདུག ང་ཚོས་བསྟན་པའི་མེ་རོ་གསོ་ཐབས་བྱེད་བཞིན་ཡོད། ང་ཚོ་བཙན་བྱོལ་བ་བྱས་ནས་བསྡད་ཡོད་ཀྱང་། བོད་ཀྱི་ཆོས་དང་རིག་གཞུང་ལ་གཅེས་ཞེན་ཆེན་པོའི་ཐོག་ནས་བདག་པོ་བརྒྱབ་ཡོད་ཅིང་། དེ་ང་ཚོས་མུ་མཐུད་ནས་བྱེད་བཞིན་ཡོད། ངོས་རང་ལ་ཆ་བཞག་ན་དཔེ་ཆར་བལྟས་ཤིང་གྲྭ་སར་འགྲིམས། སྨོན་ལམ་དམ་བཅའ་བཞག་པ་སོགས་གང་ལྟར་རིགས་པའི་འགྲོ་སྟངས་ཆུང་ཆུང་སྐབས་ནས་བསླབ་ཟིན་པ་དེ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་འདུག ངོས་ལ་རྟགས་བསལ་སློབ་མཁན་གྱི་དགེ་རྒན་གཙོ་བོ་གཅིག་དེ་སོག་པོ་ཞིག་ཡིན། ངོས་ཀྱིས་ལྷ་སའི་སྨོན་ལམ་ལ་དམ་བཅའ་བཞག་པ་རེད། དེ་བཞིན་གདན་ས་ཚོར་གྲྭ་སྐོར་དུ་ཕྱིན་པ་རེད། དངོས་གནས་རིགས་པའི་ལམ་ནས་དཔྱད་པ་བྱེད་པ་དེས་བློ་བསྐྱེད་ཡོང་བ་ལ་ཧ་ཅང་ཕན་ཐོགས་འདུག ངོས་རང་གྲོང་གསེབ་ཀྱི་ཕྲུ་གུ་ཞིག་ཕ་ཡུལ་ནས་ལྷ་སར་ཡོང་ནས་རིགས་ལམ་སྦྱང་བས་དེ་ནི་མིའི་རྣམ་དཔྱོད་ཡང་དག་པ་ཞིག་བེད་སྤྱོད་བྱེད་པ་ལ་ཧ་ཅང་ཡག་པོ་འདུག ང་ཚོའི་དགེ་འདུན་པ་སྐྱབས་བཅོལ་ཏུ་ཡོད་མཁན་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ཚད་མའི་ལམ་ནས་དཔྱད་པ་བྱ་རྒྱུ་ནི་གལ་ཆེན་པོ་འདུག ཞེས་གསུངས་པའི་ཕྱིར་ཞེས་ལུང་དྲངས་པ་གཅིག་པུ་མ་ཡིན་པར་རིགས་པའི་ལམ་ནས་དཔྱད་པ་བྱས་ཏེ་རིགས་པ་དང་ལྡན་པ་ཞིག་ཁས་བླངས། རིགས་པ་དང་མི་ལྡན་པ་དེ་ལུང་དོན་བཞག་དགོས་སམ། དགོངས་པ་གཞན་དུ་ཇི་ལྟར་བཀྲལ་དགོས་པ་ལ་བསམ་བློ་བཏང་ནས་བྱེད་དགོས། རིགས་པའི་ལམ་ནས་འགྲོ་རྒྱུ་གཙོ་བོ་བྱས་ན་ཧ་ཅང་ཡག་པོ་འདུག ང་ཚོ་སྐྱབས་བཅོལ་བ་ཆགས་ནས་རྒྱ་གར་དུ་ཚོགས་སྡེ་ཆུང་ཆུང་ཞིག་ཡོད་པ་རེད། ཡིན་ནའང་། ང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་རིགས་པའི་ལམ་ནས་བསམ་བློ་བཏང་ནས་དཔྱད་པ་བྱེད་པའི་ལམ་ལུགས་མུ་མཐུད་ནས་བཟུང་བསྡད་ཡོད། འདིར་ཆ་བཞག་ན་དངོས་གནས་དུས་ཚོད་གཉན་འཕྲེང་ཅན་འདི་ལ་ང་ཚོའི་ལོ་སྟོང་ཕྲག་རིང་གི་རིགས་ལམ་གྱིས་དཔྱད་པ་བྱེད་པ་འདི་མུ་མཐུད་དུ་བཟུང་སྡོད་པ་བཀའ་དྲིན་ཆེན་པོ་རེད་ལ། ཧ་ཅང་གལ་ཆེན་པོ་རེད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ཟངས་དཀར་ཡུལ་དུ་ཞབས་སོར་བདེ་བར་བཀོད། ༢༠༢༥།༠༧།༢༡ ཕོ་བྲང་གི་སྐུ་པར།

སྤྱིར་བཏང་ཕྱི་ཚེས་ ༡༩ ཉིན་ལ་དྭགས་ཟངས་དཀར་ལ་ཆིབས་བསྒྱུར་བསྐྱང་གཏན་ཁེལ་ཡོད་ཀྱང་གནམ་གཤིས་ལེགས་པོ་མེད་པའི་རྐྱེན་གྱིས་ཆིབས་བསྒྱུར་གནང་ཐུབ་མེད་པ་དང་། ཁ་སང་ཕྱི་ཚེས་ ༢༠ ཉིན་གླེའི་ཞི་བའི་ཚལ་ཕོ་བྲང་ནས་མཁའ་ལམ་བརྒྱུད་ཟངས་དཀར་ཕྱོགས་སུ་ཕེབས་ཡོད་ཀྱང་། གནམ་གཤིས་མི་ལེགས་པའི་རྐྱེན་གྱིས་ལམ་དཀྱིལ་ཙམ་ནས་ཕྱིར་གླེ་ལ་ཕེབས་དགོས་བྱུང་འདུག

འདི་ག་བོད་ཀྱི་དུས་བབ་གསར་འགོད་པ་ཟངས་དཀར་དུ་ཉིན་ཤས་གོང་ནས་འབྱོར་ཟིན་ཡོད་པས། ཁ་སང་ཟངས་དཀར་ཕྱོགས་ཀྱི་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་དུ་མས་གཞུང་ལམ་གཡས་གཡོན་དུ་བང་སྒྲིག་ནས་ཕེབས་བསུར་གྲ་སྒྲིག་གང་ལེགས་གནང་འདུག་ཀྱང་། ལམ་དཀྱིལ་ནས་ཕྱིར་ཕེབས་དགོས་བྱུང་བ་གོ་ཐོས་བྱུང་མཚམས་ང་ཚོའི་བསོད་ནམས་ཀྱིས་ཁྱོག་གི་མེད་པ་འདྲ་ཟེར་ནས་བློ་ཕམ་ངང་སྒྲོལ་མ་སོགས་གསུང་འདོན་གནང་སྟེ་རེ་སྒུག་ཆེན་པོ་ཞུས་སོང་། སྟབས་ལེགས་ནས་དེ་རིང་ཞོགས་པར་ཟངས་དཀར་ཡུལ་དུ་ཆིབས་ཞབས་བདེ་བར་བཀོད་གནང་མཛད་པ་དང་། ད་ལྟའི་མཛད་འཆར་ལྟར་ན།  ཕྱི་ཚེས་ ༢༡ ནས་ཚེས་ ༢༥ བར་དུ་ཟངས་དཀར་དུ་མཛད་འཕྲིན་སྐྱོང་རྒྱུ་དང་། ཕྱི་ཚེས་ ༢༦་ཉིན་ཕྱིར་གླེ་རུ་ཆིབས་བསྒྱུར་བཀའ་དྲིན་སྐྱོང་འཆར་ཡོད་འདུག

ཟངས་དཀར་ཡུལ་གྱི་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་དུ་མས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕེབས་བསུ་ཟབ་རྒྱས་ཞུས། ༢༠༢༥།༠༧།༢༡

བསྟན་འཛིན་ཉི་སྒྲོན་གྱིས་དགའ་ལྡན་ཕོ་བྲང་གི་གནས་ཚུལ་སོགས་ནས་བཏུས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༤ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese