མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྲའོ་ལིན་དགོན་པའི་མཁན་པོ་ཁྲིམས་ལ་སྦྱར།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་མིང་དུ་གྲགས་པའི་ཧྲའོ་ལིན་དགོན་པའི་མཁན་པོ་ཧྲི་ཡུང་ཞིན་གྱིས་དགོན་པའི་རྒྱུ་ནོར་སྒེར་སྤྱོད་དང་། བུད་མེད་དང་ཕྲུ་གུར་ལྐོག་ཏུ་གསོ་སྐྱོང་བྱས་པའི་དོགས་གཞིའི་བརྟག་དཔྱད་བྱས་འདུག

དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གི་ཧྲའོ་ལིན་ (Shaolin) དགོན་པའི་དོ་དམ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་པ་ལྟར་ན། ཧྲའོ་ལིན་དགོན་པའི་ཁྲི་པ་ཧྲི་ཡུང་ཞིན་(释永信) ལ་ཉེས་དོན་ཉེས་པ་བསགས་པའི་དོགས་པ་ཡོད་པ་དང་། རྣམ་གྲངས་ཀྱི་མ་དངུལ་དང་དགོན་པའི་རྒྱུ་ནོར་སྒེར་སྤྱོད་ཧམ་བཟུང་། ནང་བསྟན་གྱི་འདུལ་ཁྲིམས་དང་རྒྱབ་འགལ་ཚབས་ཆེན་པོ་བྱས་པ། ཡུན་རིང་པོར་བུད་མེད་མང་པོ་ཞིག་དང་ཚུལ་མིན་གྱི་འབྲེལ་བ་མཚམས་མ་ཆད་པར་མ་ཟད། ལྐོག་ཏུ་ཕྲུ་གུ་གསོ་སྐྱོང་བྱས་ཡོད། མིག་སྔར་སྡེ་ཁག་མང་པོའི་མཉམ་འབྲེལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཚུལ་བསྒྲགས་འདུག

དེའི་སྐོར་ལ་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱིས་ཧྲི་ཡུང་ཞིན་གྱི་བྱ་ལུགས་སྤྱོད་སྟངས་མི་ཆོས་དང་མི་མཐུན་ལ་སྒྲིལ་འགལ་ཡིན་པས་ནང་བསྟན་ལས་རིགས་ཀྱི་མཚན་སྙན་ལ་གནོད་པ་ཚབས་ཆེན་བཏང་བ་དང་དགོན་པའི་གྲྭ་བའི་མཚན་སྙན་ལ་གནོད་པ་ཐེབས་ཡོད།  རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱིས་ཧྲི་ཡུང་ཤིན་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུའི་གཏན་འབེབས་ལ་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཉིན་ཤས་གོང་དུ་རྒྱ་ནག་ནང་བསྟན་མཐུན་ཚོགས་ལ་ཧི་ནན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་བསྐུར་བའི་ཧྲི་ཡུང་ཤིན་གྱི་གྲྭ་བའི་ཐོབ་ཐང་ལེན་པའི་སྐོར་གྱི་སྙན་ཞུ་ཞེས་པ་འབྱོར་ཡོད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱིས་ཧྲི་ཡུང་ཞིན་ནམ་སྐྱ་མིང་ལ་ལིའུ་དབྱིན་ཁྲེན་ཟེར་བ་གྲྭ་བའི་མིང་ཐོ་ལས་ཕུད་རྒྱུར་མོས་མཐུན་བྱས་ཡོད་ཅེས་བརྗོད་འདུག

ཧྥ་རན་སིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གནས་ཚུལ་སྤེལ་བ་ལྟར་ན། ཧྲི་ཡུང་ཞིན་གྱིས་ནམ་རྒྱུན་ཝི་པོད་སྤྱི་ཚོགས་དྲ་ལམ་དུ་ནང་ཆོས་སྐོར་སྤེལ་བཞིན་ཡོད་པ་དང་། ཁོང་གི་དྲ་ལམ་ལ་ལྟ་ཀློག་བྱེད་མཁན་མི་གྲངས་ ༨༨༠༠༠ ལྷག་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦།༥༨ ཙམ་ལ་ཁོང་གིས་བརྩམས་ཆོས་མཐའ་མ་དེ་སྤེལ་ཡོད་ཅིང་། གསར་འགྱུར་བརྒྱུད་ལམ་ཁག་གིས་ཧྲའོ་ལིན་དགོན་པའི་ཕྱི་འབྲེལ་འགན་འཛིན་ཧྲི་ཡུང་ཞིན་གྱི་སྐོར་རྒྱུས་ལོན་བྱེད་རྩིས་བྱས་ཀྱང་།ཉེ་ལམ་ནས་བཟུང་ཁོང་མཐོང་རྒྱུ་མེད་པ་དང་། གཞུང་འབྲེལ་གྱི་གསར་འགྱུར་ལ་སྒུག་བསྡད་ཡོད་སྐོར་འགྲེལ་བརྗོད་གནང་འདུག་ལ། གཟའ་ཉི་མའི་ཉིན་ཧྲའོ་ལིན་དགོན་པའི་དྲ་ཚིགས་ཐོག་ཏུ་ཡོད་པའི་ཧྲི་ཡུང་ཞིན་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་ནག་གསུབ་བཏང་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༢ ནང་ཧྲི་ཡུང་ཞིན་གྱིས་ཡེ་ཤུའི་བླ་ཆེན་འདས་པོ་ཧྥ་རན་སི་སི་(Pope Francis) དང་མཇལ་འཕྲད་གནང་རྗེས། རྒྱ་ནག་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་དང་།  འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཀྲིན་ཀྲོའུ་གྲོང་ཁྱེར་གྱི་ཆོས་ལུགས་ལས་དོན་ཁང་དང་། འཐབ་ཕྱོགས་ལས་དོན་ཁང་གི་མི་སྣས་ཧྲའོ་ལིན་དགོན་པར་ཞིབ་བཤེར་བྱས་ཡོད་འདུག

ཧྲི་ཡུང་ཞིན་ནི་ཕྱི་ལོ་ ༡༩༦༥ ལོར་རྒྱ་ནག་ཨན་ཧེ་ཞིང་ཆེན་ཡན་ཧྲང་རྫོང་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༨༡ ལོར་ཕ་མའི་མོས་མཐུན་ལྟར་རྒྱ་ནག་ཧི་ནན་ཞིང་ཆེན་དུ་ཡོད་པའི་ཧྲའོ་ལིན་དགོན་པར་རབ་བྱུང་བསྒྲུབས། ཕྱི་ལོ་ ༡༩༩༩ ལོར་ཧྲའོ་ལིན་དགོན་པའི་མཁན་པོ་ཐེངས་ ༣༠ པའི་ལས་འགན་འཁུར། ཕྱི་ལོ་ ༢༠༠༦ ལོར་ཨ་རིའི་ལུས་རྩལ་སློབ་གླིང་ནས་རྒྱལ་སྤྱིའི་འབུམ་རམས་པའི་གཟེངས་རྟགས་བླངས། ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གི་རིམ་དང་པོའི་ནང་བསྟན་མཐོ་སློབ་ལས་ཧི་ནན་ནང་བསྟན་སློབ་གླིང་གི་སློབ་གཙོའི་འགན་འཁུར། གཞན་ཡང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། རྒྱ་ནག་དམངས་འཐུས་ཚོགས་ཆེན་སྐབས་དགུ་བ་ནས་བཅུ་བཞིའི་བར་གྱི་འཐུས་མི། ཧྲའོ་ལིན་དགོན་པའི་གློག་བརྙན་ནང་དྲག་རྩལ་འཁྲབ་ཁྲིད་པའི་ལས་ཀ་བྱས།  དེ་བཞིན་ངའི་སེམས་ཀྱི་ཧྲའོ་ལིན་དགོན་པ་དང་། བདེ་སྐྱིད་ཀྱི་ཞི་གནས། བྱང་ཆུབ་སེམས་མདོ། ཧྲའོ་ལིན་རིག་གཞུང་ཞིབ་འཇུག་ཆེད་རྩོམ་སོགས་ཀྱི་བརྩམས་ཆོས་ཁག་པར་སྐྲུན་བྱས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པར་འཚམས་འདྲི་མཛད། 

ཆུ་ཚོད་ ༡༣ སྔོན་ལ།
Thousands of demonstrators in Nepal took to the streets to demand that the government lift a social media ban. Prabin Ranabhat/AFP/Getty Images
Mobile App

བལ་ཡུལ་གྱི་གཞོན་སྐྱེས་ཚོས་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་དཔོན་རིགས་ཚོ་རྩ་རྫོགས་བྱེད་ཀྱིན་ཡིན་ཟེར། 

ཆུ་ཚོད་ ༡༣ སྔོན་ལ།
Mobile App

༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་དེ་སྤྱི་མོས་གཏན་འབེབས་གནང་སོང་།

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གསུམ་གྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༩/༡༠
Mobile App

ཉིན་གྲངས་བརྒྱད་རིང་གི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་སོང་།

༢༠༢༥/༠༩/༡༠
༧གོང་ས་མཆོག གསུང་འཕྲིན།

ཧི་མ་ཅལ་མངའ་སྡེར་རང་བྱུང་གོད་ཆག་བྱུང་བར་ཐུགས་སྨོན་མཛད། 

༢༠༢༥/༠༩/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese